ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་འཆར་གཞི་གསར་པ་བཀོད་པ་དང་། བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལས་ཀ་སྤེལ་སྒང་ཡིན་པ།

སྤེལ་དུས 2018-02-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
  
གྲོང་གསེབ་དར་རྒྱས་གཏོང་པའི་འཐབ་ཇུས་ཀྱི་དུས་རིམ་གསུམ་གྱི་དམིགས་ཚད།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས4ཉིན། དུས་རབས་གསར་པར་ཚུད་ཚུན་གྱི“ ཞིང་གསུམ”ལས་ཀར་མཛུབ་སྟོན་བྱེད་པའི་ཀྲུང་དབྱང་གི་ཡིག་ཨང་དང་པོ་ཐེངས15པ་སྟེ། ཀྲུང་གོའི་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་འགོད་ཀྱི་མཐོ་རིམ་ཇུས་འགོད——《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》བཏོན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་ཁྱོན་དོན་ཚན4ཡོད་ལ། བྱེ་བྲག་ཏུ་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལ་དམིགས་པའི་གལ་ཆེའི་དོན་སྙིང་དང་སྤྱིའི་བླང་བྱ། གྲོང་གསེབ་དར་རྒྱས་གཏོང་པའི་གཙོ་གནད་ལས་འགན། གྲོང་གསེབ་དར་རྒྱས་གཏོང་བའི་འགན་ལེན་བྱེད་ཐབས།  ཏང་གིས“ཞིང་གསུམ” ལས་དོན་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་བཅས་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པར་བཏོན་པའི“ཐོན་ལས་དར་རྒྱས་དང་སྣོད་བཅུད་བདེ་སྡོད། ཡུལ་སྲོལ་དཔལ་ཡོན་ལྡན་པ།  བཅོས་སྐྱོང་ནུས་ལྡན་ཡིན་པ། འཚོ་བ་འབྱོར་ཕྱུག་ལྡན་པ”བཅས་ཀྱི་སྤྱིའི་བླང་བྱ་ལྟར། གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་བསྐྲུན། རིག་གནས་འཛུགས་བསྐྲུན།  སྤྱི་ཚོགས་འཛུགས་བསྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྤེལ་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་འདུག
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ ཞིང་གསུམ” ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་པ་དང་། ཐོག་མཐའ་བར་གསུམ་དུ“ཞིང་གསུམ” གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་དུ་བཟུང་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ5 ནི་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་ཕན་འབྲས་མངོན་གསལ་གྱིས་མཐོ་རུ་ཕྱིན་པའི་ལོ5ཡིན་ལ། ཞིང་པར་དངོས་ཕན་དེ་བས་མང་བ་ཐོབ་པ་དང་དེ་བས་དྲང་སྙོམས་ངང་འཕེལ་རྒྱས་ཡོང་བའི་གོ་སྐབས་དང་ཁེ་དབང་འགན་སྲུང་སྔར་ལས་ལེགས་པ་བྱུང་པའི་ལོ5ཡང་རེད། ལོ་ལྔ་པོ་འདིའི་རིང་། གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཞིང་།ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལོན་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་ཡོད་པ་རེད།
          ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་གསལ་པོར་བཏོན་ཡོད་པ་མ་ཟད་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད་ལ། རང་རྒྱལ་གྱི“ཞིང་གསུམ” འཕེལ་རྒྱས་གོ་རིམ་ཁྲོད་དུས་རབས་ལས་བརྒལ་བའི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།2017ལོའི་ཟླ12པའི་ཚེས18ཉིན་ནས་ཚེས20ཉིན་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་ཚན་རིག་དང་མཐུན་པར་གཏན་འབེབས་བྱ་དགོས་ཞེས་བཏོན་པ་དང་། ཞིང་ལས་མཁོ་འདོན་ཕྱོགས་སུ་གྲུབ་ཚུལ་རང་བཞིན་ལ་བཅོས་བསྒྱུར་བྱེད་པ། ཞིང་ལས་སྲིད་ཇུས་དེ་ཐོན་འབབ་འཕར་བ་ནས་སྤུས་ཚད་མཐོ་རུ་ཕྱིན་པར་བསྒྱུར་པར་སྐུལ་འདེད་བྱ་དགོས་ཞེས་བཏོན། 2017ལོའི་ཟླ12པའི་ཚེས28ཉིན་ནས་ཚེས29བར་འཚོགས་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་སྟེང་ཡང་བསྐྱར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་བགྲོད་ལམ་ལམ་བསྐྱོད་དགོས་ཞེས་བཏོན་པ་མ་ཟད། 2018 ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་བཀོད་སྒྲིག་མཛད་པ་རེད།
          མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ། དབུལ་ཕོངས་ས་ཁུལ།  དེ་བཞིན་རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་འཐུས་ཚང་མིན་པ་མངོན་གསལ་ཡིན་པའི་ས་ཁུལ་གྲས་ཀྱི་གཅིག་སྟེ་བོད་རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་བཟུང་ནས“ཞིང་གསུམ” ལས་དོན་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཐོག  དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལོན་ངོར། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་པར་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། དེང་ཆར། དུས་རབས་གསར་པའི་རང་རྒྱལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་གྲུབ་འབྲས་རེ་རེ་ནི་གངས་ལྗོངས་ས་མཐོར་རིམ་བཞིན་ངོམས་བཞིན་ཡོད་པ་རེད།

ཟླ2པའི་ཚེས2 ཉིན་གྱི་སྔ་དྲོར།  བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། པར་འདི་ནི་ཚོགས་ཆེན་གྱི་ཚོགས་ར་རེད།
          2018ལོའི་ཟླ2པའི་ཚེས2ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་བསྡུས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས། ཀྲུང་དབྱང་གི་གྲོང་གསེབ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། འདས་པའི་ལོ་ལྔ་དང་ལྷག་པར་དུ2017ལོའི“ཞིང་གསུམ” ལས་དོན་ལ་ཕྱོགས་སྡོམ་མཛད་པ་དང་། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་གནས་བབ་ལ་དབྱེ་ཞིབ་གནང་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་བཀོད་སྒྲིག་གནང་པ་རེད། བོད་རང་སྐྱོང་ལྗོངས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཡིས། ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་ཤུགས་ཆེན་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་པ་དང་། ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་ལ་སྐུལ་འདེད་གཏོང་པ། ཞིང་འབྲོག་ཁུལ་གྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་པ་དང་། གྲོང་གསེབ་དར་རྒྱས་གཏོང་པའི་ལམ་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་པ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་པ་དང་གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ།  ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། གྲོང་གསེབ་ཀྱི་ཡ་རབས་ཡུལ་སྲོལ་སྐུལ་འདེད་ཧུར་ཐག་བཏང་ཐོག   ཞིང་འབྲོག་ལས་ཕྱོགས་ཡོངས་ནས་རིམ་སྤོར་དང་ཞིང་འབྲོག་ཁུལ་ཕྱོགས་ཡོངས་ནས་ཡར་ཐོན།  ཞིང་འབྲོག་མང་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་པར་སྐུལ་འདེད་གཏོང་ཐུབ་པ་བྱ་དགོས་ཞེས་བསྟན།
          ཉིན་ཤས་སྔོན་མཇུག་གྲིལ་མ་ཐག་པའི་བོད་རང་སྐྱོང་ལྗོངས་ཀྱི“ ཚོགས་འདུ་གཉིས” ཀྱི་སྟེང་། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་ལྡན་པའི་གནད་དོན་ཡིན་པས་ངོས་ནས། “ཞིང་གསུམ” གྱི་གནད་དོན་དང་“གྲོང་གསེབ་དར་རྒྱས”ཀྱི་གནད་དོན་ནི་འཐུས་མི་དང་ཨུ་ཡོན་ཚོའི་གླེང་གཞི་དང་དོ་ཁུར་བྱེད་ས་གཙོ་བོ་ཞིག་ཏུ་ཆགས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་མཛད་དེ་གནང་བའི་《སྲིད་གཞུང་གི་ལས་དོན་སྙན་ཞུའི》ནང་། “གྲོང་གསེབ་དར་རྒྱས་སུ་གཏོང་རྒྱུ" ནི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་ཡང་དང་བསྐྱར་དུ་གླེང་ཡོད་པ་མ་ཟད་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཇི་ལྟར་ལག་བསྟར་བྱེད་ཐད། ཀྲུང་དབྱང་གི་དགོངས་དོན་དངོས་མཚོན་ཞིང་བོད་ཀྱི་དོན་དངོས་དང་མཐུན་པའི་ཞིབ་ཕྲའི་དམིགས་ཚད་ལས་འགན་བཏོན་ཡོད་པ་རེད། 

ལོ་ལེགས་ཕུན་ཚོགས་སྨིན་པའི་གཞིས་རྩེའི་མང་ཚོགས།
          གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱིས་མང་ཚོགས་དུང་ཕྱུར་མང་པོའི་རེ་སྒུག་ལ་ལན་བརྒྱབ་ཡོད་ལ། དེ་ནི་དུས་རབས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་སྤྱི་ཡོངས་ཀྱི་གནད་ཀ་དང་ལམ་རིས་ཡིན་ལ། “ལོ་བརྒྱ་གཉིས” ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་གནད་འགག་གི་ལས་གཞི་ཞིག་ཀྱང་རེད། དེང་ཆར། “ ཞིང་གསུམ” གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་དུས་རབས་གསར་པའི་ཅོང་བརྡ་བཏང་ཟིན་ལ། བོད་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བོད་ལྗོངས་ཀྱི་གལ་ཆེའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྣེ་ཁྲིད་རྒྱུ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དངོས་ཀྱིས་གྲོང་གསེབ་དར་རྒྱས་ལ་གཞོགས་འདེགས་མཛད་ཐོག   མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་ཡག་པོ་སྐོང་ཐབས་བྱས་ཏེ་མི་རིགས་ཁག་ལ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བོ་ལྡན་པར་བྱས་ཐོག  ཧུར་ཐག་སྒོས་གྲོང་གསེབ་དར་རྒྱས་གཏོང་བའི་བགྲོད་ལམ་ཐོག་བསྐྱོད་རྒྱུ་དང་།གྲོང་གསེབ་དར་རྒྱས་གཏོང་བའི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ཡག་པོ་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་དང་། གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཏེ་དུས་རིམ་གསུམ་གྱི་དམིགས་ཚད་རིམ་བཞིན་མངོན་འགྱུར་བྱས་ཐོག  མཇུག་མཐར་ཁྱོན་ཡོངས་ནས་ཞིང་ལས་སྟོབས་ལྡན་དང་གྲོང་ཚོ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱ་དགོས་སོ། །