ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྒྱལ་ནང་ལ་ལོག་པའི་བོད་རིགས་སྤུན་ཟླའི་དཔྱིད་གསར་དུས་ཆེན་དང་བོད་ས་ཁྱི་ལོ་གསར་བསུ་བའི་དགའ་སྤྲོ་ལྷན་འཛོམས།

སྤེལ་དུས 2018-02-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   2018ལོའི་དཔྱིད་གསར་དུས་ཆེན་དང་།   བོད་ས་ཁྱི་ལོ་གསར་སླེབས་ལ་ཉེ་བའི་ལོ་རྙིང་བ་སྐྱེལ་བ་དང་གསར་བ་བསུ་སྐབས།   རང་རྒྱལ་དུ་ཕྱིར་ལོག་ནས་གཞིས་ཆགས་པའི་བོད་རིགས་སྤུན་ཟླས་ཚེས་10ཉིན་གྱི་ཕྱི་དྲོ་བོད་ལྗོངས་ལྷ་སར་མཉམ་དུ་འཛོམས་ནས་སྲོལ་རྒྱུན་གྱི་དུས་ཆེན་བསུས།

           ཇ་སྟོན་ཚོགས་འདུའི་ཐོག་རང་རྒྱལ་དུ་ཕྱིར་ལོག་ནས་གཞིས་ཆགས་པའི་བོད་རིགས་སྤུན་ཟླས་བརྩེ་བ་ཟབ་མོས་ལབ་གླེང་དང་།   ཕན་ཚུན་ལ“བཀྲ་ཤིས་བདེ་ལེགས།   བཀྲ་ཤིས་བདེ་ལེགས།”ཟེར་ནས་ལོ་གསར་གྱི་སྨོན་འདུན་ཞུས།

ཇ་སྟོན་ཚོགས་འདུའི་ཐོག་ཕན་ཚུན་ལ་ལོ་གསར་གྱི་སྨོན་ཚིག་ཕུལ།

རིག་རྩལ་འཁྲབ་སྟོན་ལ་བལྟ་བ།
           ལོ་ན་རྒས་པའི་གཡུ་རྒྱལ་ལགས་ཇ་སྟོན་ཚོགས་འདུར་ཞུགས།   གཡུ་རྒྱལ་གྱི་ཁྱིམ་དུ་མི་བཅུ་དང་མི་རབས་བཞི་ཡོད།      དུས་དང་རྣམ་པ་ཀུན་ཏུ་ཁོའི་གདོང་ལ་བདེ་སྐྱིད་ཀྱིས་ཁེངས་ཡོད།      བོད་རྙིང་པའི་སྐབས་ཕོ་བ་མི་རྒྱག་ལ་གོས་མེད་པའི་དཀའ་ཚེགས་ཆེ་བའི་འཚོ་བ་ལས་བཅིངས་འགྲོལ་བྱས་རྗེས།      ཡར་ལངས་ཞིང་བྲན་རྣམས་རང་ཁྱིམ་རང་བདག་བྱས་པས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་ལོ་ཟླའི་འཕོ་འགྱུར་གྱིས་གཡུ་རྒྱལ་ལ་མྱོང་ཚོར་ཟབ་མོ་བཞག   ཞིང་པ་ཡིན་པའི་གཡུ་རྒྱལ་གྱི་བསམ་པར་དེང་སང་འཚོ་བའི་ཁྲོད་ཀྱི་འགྱུར་ལྡོག་ཆེས་ཆེ་བ་ཞིག་ནི་གྲོང་གསེབ་ཀྱི་དཔྱིད་རྨོས་སྟོན་བསྡུའི་རྣམ་པ་རེད།   ཁོང་གིས་བརྗོད་རྒྱུར།   “ད་ལྟ་དཔྱིད་རྨོད་སྟོན་བསྡུ་ཕལ་ཆེར་འཕྲུལ་ཆས་ཅན་བསྒྱུར་བ་དང་།   ད་ཆ་ངའི་ཁྱིམ་ཚང་གི་འཚོ་བར་དངོས་གནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།   ངའི་ཁྱིམ་གཅིག་ནང་ལ་འགྱུར་ལྡོག་བྱུང་བ་ཁོ་ན་མ་ཡིན་པར།   བོད་ལྗོངས་ཀྱི་མི་དམངས་ཡོངས་ཀྱི་ཁྱིམ་ཚང་གི་འཚོ་བ་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས།   རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ཡང་དག་པའི་ཏང་གི་འགོ་ཁྲིད་ལ་བརྟེན་པ་རེད།”

རིག་རྩལ་ལ་འཁྲབ་སྟོན་བལྟ་བ།
            ཕྱིར་ལོག་ནས་གཞིས་ཆགས་པའི་བོད་རིགས་སྤུན་ཟླ་ལྷག་པ་ཚེ་རིང་གིས་བརྗོད་རྒྱུར།“ཉེ་བའི་ལོ་ཤས་རིང་།   ཏང་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག      བོད་ལྗོངས་སུ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་ནས་མཐོ་རུ་ཕྱིན་ཡོད།   རང་ཉིད་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྗེས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དངོས་འབྲེལ་ཚོར་རྟོག་བྱུང་།   སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དེ་གངས་ལྗོངས་ས་མཐོར་དར་རྒྱས་འགྲོ་བཞིན་ཡོད།”

ཇ་སྟོན་ཚོགས་འདུ།
           བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཡའེ་ཡིན་ཁྲོན་ཇ་སྟོན་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།   ཁོང་གིས་བརྗོད་རྒྱུར།   ས་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་སྔར་ནས་བཟུང་ཕྱིར་ལོག་ནས་གཞིས་ཆགས་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་།   བོད་རིགས་སྤུན་ཟླའི་བསམ་འདུན་ཉན་པ་དང་བོད་རིགས་སྤུན་ཟླའི་བདེ་སྡུག་ལ་སེམས་ཁུར་བྱེད་པ།   བོད་རིགས་སྤུན་ཟླའི་དཀའ་ངལ་ཐག་གཅོད་བྱེད་པ།   བོད་རིགས་སྤུན་ཟླའི་ཁེ་ཕན་ཡིད་ལ་བཅངས་ནས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་བོད་ལྗོངས་འཕེལ་རྒྱས་བསྒྱུར་བཅོས་ཀྱི་བྱ་གཞག་ཏུ་ཞུགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད།      ཕྱིར་ལོག་ནས་གཞིས་ཆགས་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་གཉེན་ཉེ་རྣམས་ཀྱིས།   ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་གཅིག་བརྟན་གྱིས།      བསམ་བློའི་ཐོག་སྲོག་ཤིང་ལ་གོང་བཀུར་དང་།   ཆབ་སྲིད་ཐོག་སྲོག་ཤིང་གི་རྗེས་སུ་འཇུག་པ།   བརྩེ་སེམས་ཐོག་སྲོག་ཤིང་ལ་བློ་འཁེལ་པ།   བྱ་སྤྱོད་ཀྱི་ཐོག་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ།   རང་ངོས་ཀྱི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ།   ཕྱི་རྒྱལ་གྱི་གཉེན་ཉེ་རྣམས་ལ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་།      བོད་ལྗོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་དྲིལ་བསྒྲགས་བྱེད་པ།      སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བདེ་སྐྱིད་ཀྱི་འཚོ་བ་དྲིལ་བསྒྲགས་བྱས་ནས།   རྒྱལ་གཅེས་བོད་གཅེས་དང་ལས་གཅེས་ལས་བརྩོན་གྱི་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས།   མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བ།      ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བར་ལེགས་སྐྱེས་དང་སྟོབས་ཤུགས་འབུལ་དགོས་ཟེར།