ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལོ་གསར་གྱི་དངོས་ཟོག་ཉོས་ཏེ་ལོ་གསར་བ་བསུ་སྟེ། བོད་ཀྱི་ལོ་གསར་ལ་ཅི་ཞིག་གྲ་སྒྲིག་བྱེད་པར་ལྟ་བ།

སྤེལ་དུས 2018-02-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ།  ས་ཁྱི་ལོའི་བོད་ཀྱི་ལོ་གསར་ཚེས་ལ་ཉེ་དུས་འདིར། ལྷ་ས་གྲོང་ཁྱེར་ཡོངས་སུ་ལོ་གསར་གྱི་རྣམ་པས་ཁེངས་འདུག
རི་མོ་འདི་ནི་ལྒང་ཞུ་ཆུང་ཆུང་བཏགས་ཏེ་ལོ་གསར་གྱི་རྣམ་པས་ཁེངས་པའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་རེད།
རི་མོ་འདི་ནི་ཁྲོམ་གཟིགས་སྒང་ཁྲོམ་རར་ལོ་གསར་གྱི་མཁོ་ཆས་ཉོ་བར་བྲེལ་བའི་མི་རྣམས་རེད།
རི་མོ་འདི་ནི་བར་སྐོར་ཚོང་གྲོང་གི་ལོ་གསར་མཁོ་ཆས་ཀྱི་ཚོང་ར་རེད།
            ཕྱེ་མར་ཞེས་པར་བོད་སྐད་དུ་གྲོ་སོ་ཕྱེ་མར་ཞེས་འབོད་ཅིང་། དེ་རྒྱ་སྐད་དུ “བཀྲ་ཤིས་ལོ་ལེགས་འབོ”སམ་ “བཀྲ་ཤིས་འབོ”ཞེས་སུ་འབོད་ཅིང་། ཕྱེ་མར ་ལ“ཕྱེ་མར་འབོ”དང་།   གྲོ་རྡོག་བརྔོས་མ། རྩམ་པ། “ལོ་གསར་གྱི་མེ་ཏོག”སྟེ་ཚོས་གཞི་བསྒྱུར་བའི་ནས་ཀྱི་སྙེ་མ་དང་གྲོ་སྙེ་བཅས་ཡོད།
རི་མོ་འདི་ནི་ཕྱེ་མར་འབོ་ཡིན།
རི་མོ་འདི་ནི “ལོ་གསར་མེ་ཏོག”སྟེ། ཚོས་གཞི་བསྒྱུར་བའི་གྲོ་སྙེ་དང་ནས་སྙེ་ཡིན།
རི་མོ་འདི་ནི “རྩི་གྲོ”སྟེ། མེ་ཏོག་མཆོད་པ་རེད།
 རི་མོ་འདི་ནི་རྩམ་པ་རེད།
རི་མོ་འདི་ནི་འབྲུ་རྡོག་བརྔོས་མ་རེད།
            དེའི་ཁྲོད་རྩམ་པས་ཞིང་ལས་ཀྱི་ཉིང་བཅུད་མཚོན་པ་དང་། མར་གྱིས་ཕྱུགས་ལས་ཀྱི་ཉིང་བཅུད་མཚོན། དེ་ཡང“ཕྱེ་མར”ནི་ཞིང་ལས་དང་ཕྱུགས་ལས་གཉིས་ཀའི་ཉིང་བཅུད་ཀྱི་འདྲེས་སྦྱོར་ཡིན་ཞིང་། “ཕྱེ་མར”གྱི་ནང་དུ་གསེབ་པའི་མེ་ཏོག་མཆོད་པས་བཀྲ་ཤིས་པའི་དོན་སྙིང་གི་ཁ་བསྣན་ཡོད།  སྣོད་ནང་གི་འབྲུ་རྡོག་བརྔོས་མས་བསོད་ནམས་དབང་ཐང་དར་བ་མཚོན་ཞིང་།  རྩམ་པས་ཚེ་རིང་ནད་མེད་མཚོན་གྱི་ཡོད་པས། མཚོན་དོན་འདི་དག་གིས “གྲོ་སོ་ཕྱེ་མར”གྱི་དོན་སྙིང་གཏན་ཁེལ་བྱུང་ཞིང་། ལོ་གསར་གྱི་སྐབས་སུ་བཀྲ་ཤིས་པའི་དངོས་པོ “ཕྱེ་མར”བྱུང་བའང་རང་བཞིན་གྱི་བཀྲ་ཤིས་པའི་དོན་མཚོན་པ་ཡིན།
 རི་མོ་འདི་ནི “སྡེར་ཁ”སྟེ། “བོང་རྣར”འབོད་པའི “ཁ་ཟས”བཅུ་ལྷག་བརྩིགས་པ་ཞིག་རེད།
རི་མོ་འདི་ནི་ནས་མྱུག་སྟེ། གཙོ་བོ “སྡེར་ཁའི”འགྲམ་དུ་བཤམས་ནས་ལོ་ཕྱི་མར་ལོ་ལེགས་འབྱུང་བའི་བཀྲ་ཤིས་རྟེན་འབྲེལ་མཚོན་པ་ཡིན།
རི་མོ་འདི་ནི་ཚོན་མདོག་སྣ་ལྔའི་སྣུམ་ཟས་ཏེ། བོད་སྐད་དུ “ཁ་ཟས”ཞེས་སུ་འབོད།
རི་མོ་འདི་ནི་དར་ལྕོག་རེད།
རི་མོ་འདི་ནི་དར་ལྕོག་ཤིང་རེད།
            དར་ལྕོག་ནི་ཚོན་མདོག་སྣ་ལྔའི་དར་ལྕོག་ཤིང་གི་ཡལ་གའི་སྟེང་དུ་བཏགས་པ་དང་། འདི་ལྟ་བུའི “དར་ལྕོག་ཤིང”ཁང་ཀླད་དུ་བཙུགས་ནས་ལོ་གསར་བའི་ནང་འབྲུ་རིགས་སྣ་ལྔའི་ལོ་ལེགས་ཡོང་བ་དང་།  བསམ་དོན་ཅི་བཞིན་འགྲུབ་པ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སྨོན་ལམ་འདེབས་པ་ཡིན།
རི་མོ་འདི་ནི་དགུ་ཐུག་གི་གླུད་གཏོར་དུ་བཀོལ་བའི་སོག་མ་རེད།
རི་མོ་འདི་ནི་དགུ་ཐུག་ནང་འཇོག་པའི་ལ་ཕུག་དང་། ནས། གྲོ། སྲན་མ་སོགས་ཀྱི་ཟས་རིགས་སྣ་དགུ་རེད།