ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་སར་དཔྱིད་གསར་སྐྱེལ་འདྲེན་གྱི་མཐོང་སྣང་སྟེ། མེ་འཁོར་བབས་ཚུགས་ཀྱིས་འགྲུལ་པ་ཁྲི་ཕྲག་མང་པོ་ཕ་ཡུལ་དུ་ལོག་པར་བདེན་དཔང་བྱས་པ།

སྤེལ་དུས 2018-02-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
ལྷ་སའི་མེ་འཁོར་བབས་ཚུགས།
             ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ལམ་ཐག་ཇི་འདྲའི་རིང་པོ་ཡོད་ནའང་། ནང་མི་དང་མཉམ་འཛོམས་ཐོག་ལོ་སར་ཞིག་རོལ་རྒྱུ་ནི་མི་ཡུལ་འཁྱམས་བཞིན་པ་སུ་ཡིན་རུང་ཆེས་བབ་ཆགས་ཀྱི་བསམ་འདུན་རེད། ཟླ2པའི་ཚེས་9ཉིན། ལྷ་སའི་མེ་འཁོར་བབས་ཚུགས་སུ་མི་ཚོགས་འཚང་ཁ་རྒྱག་ལ། དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད་ལ་སླེབས་པ་ནས་བཟུང་། ལྷ་སའི་མེ་འཁོར་བབས་ཚུགས་ནི་ནམ་རྒྱུན་འདི་ལྟར་འཚུབ་ཆ་དོད་པ་ཞིག་རེད།
ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་འགྲུལ་པ།
             འབྲེལ་ཡོད་སྡེ་ཁག་གིས་སྔོན་དཔག་བྱས་པར་གཞིགས་ན། 2018ལོར་བོད་རང་སྐྱོང་ལྗོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི110.9་ཟིན་རྒྱུ་ཡིན་པ་དང་། དེའི་ནང་དམངས་སྤྱོད་མཁའ་འགྲུལ་ལས་འགྲོ་འོང་བྱེད་པའི་འགྲུལ་པ་མི་ཐེངས་ཁྲི་45.2དང་། ལྕགས་ལམ་ཐོག་སྐྱེལ་འདྲེན་བྱེད་པའི་འགྲུལ་པ་མི་ཐེངས་ཁྲི་16.5ལ་སླེབས་རྒྱུ། གཞུང་ལམ་ཐོག་སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་ཁྲི་49.2ལ་སླེབས་རྒྱུ་རེད།
ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་འགྲུལ་པ།
ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་འགྲུལ་པ།
             ཁྲེང་ཏུའུ་ནས་ཡོང་བའི་སྐུ་ཞབས་ལི་ལགས་ཀྱིས“ཟླ1པོའི་ཟླ་མཇུག་ཙམ་ལ་ངས་དྲ་ཐོག་ནས་མེ་འཁོར་པ་སེ་ཉོས་པ་ཡིན་ལ། གལ་ཏེ་སྔོན་ལ་ཉོས་པ་ཡིན་ན། ཕ་ཡུལ་དུ་ལོག་མི་ཐུབ་པར་སེམས་ཁྲལ་གཏན་ནས་བྱེད་མི་དགོས་ཤིང་། ལྷག་པར་དུ་དེང་སྐབས་ལྟ་སྐུལ་དོ་དམ་འདི་འདྲའི་ནན་པོ་ཡོད་ཕྱིར། མེ་འཁོར་བབས་ཚུགས་མཐའ་འཁོར་གྱི་སྤ་སེ་ལོག་ཚོང་རྒྱག་མཁན་ཡང་ཉུང་དུ་ཕྱིན་པ་རེད”ཅེས་ཟེར།
             དངོས་ཕན་མང་པོ་ཐོབ་པ་དང་འཚོ་བ་ཕྱུག་པོར་གྱུར་ཡོད་ཙ་ན། ཁྱིམ་དུ་ལོག་པའི་ལམ་ཁར་ཡང་སྔར་བས་འགན་ལེན་ཡོད་པར་གྱུར་པས། ཕ་ཡུལ་དྲན་པའི་གདུང་བ་ཡང་སྔར་ལས་འགོག་ཐབས་མེད་པར་གྱུར།
ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་འགྲུལ་པ།
             སྐུ་ཞབས་མཱ་ལགས་ཀྱིས་ལོ་མང་པོར་ལྷ་སར་ཟ་ཁང་ཞིག་གཉེར་སྐྱོང་བྱེད་བཞིན་འདུག་ལ། ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ། ཟླ་ཕྱེད་ཙམ་རིང་རེ་ཞིག་ལས་མཚམས་བཞག་ནས་ཆུང་མ་དང་ཕྲུ་གུ་ཁྲིད་དེ་ཁྱིམ་ལ་ལོ་གསར་གཏོང་བར་ལོག་པ་རེད། ཁོང་གིས“ ངས་ནི་ལོ་མང་རིང་ཕྱི་རོལ་དུ་ཞོར་ལས་གཉེར་གྱི་ཡོད་ལ། ཕ་མ་གཉིས་ལ་གཅུང་པོ་དང་གཅུང་མོས་གཉོར་སྐྱོང་གནང་གི་ཡོད་དེ། ལོ་སར་ལ་ཉེ་སྐབས་ཁོང་ཚོ་ལྷག་པར་དྲན་གྱི་འདུག་པས། ཡུལ་ལ་ལོག་ནས་མཇལ་འཛོམས་ཐེངས་ཤིག་བྱེད་འདོད་ཡོད”ཅེས་ཟེར།
             ལྷ་སའི་མེ་འཁོར་འབབ་ཚུགས་སུ་བྲེལ་འཚུབ་ངང་ཁྱིམ་དུ་ལོག་པའི་ནང་སའི་འགྲུལ་པ་ཡོད་ལ། ད་དུང་བྲེལ་འཚུབ་ངང་ཕྱིར་ལོག་ཡོང་མཁན་ཞོར་ལས་གཉེར་མཁན་ཡང་འདུག
ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་འགྲུལ་པ།
             མེ་འཁོར་འབབ་ཚུགས་ཀྱི་ཐོན་སྒོ་ནས་ཁྱིམ་མི་དང་མཉམ་འཛོམས་ཀྱི་དགའ་སྤྲོ་གང་དེས་ཕུར་སྒྲོན་ལགས་ཀྱི་ལམ་བར་གྱི་ཆད་སྣང་ནི་སྔ་མོ་ནས་སེལ་འདུག་སྟེ།  ཕུར་སྒྲོན་ནི2017ལོའི་ལོ་འགོར་གཉེན་ཉེ་དང་མཉམ་དུ་ཕྱི་རུ་ཞོར་ལས་སུ་ཕྱིན་པ་ཡིན་ལ།  ད་ཆ་སྒོར་མོ་འགའ་ཡང་གསོག་ཐུབ་ཡོད་ཅིང་། ཕྱིར་ལྷ་སར་ལོག་ནས་ཚོང་ལས་ཙག་ཙིག་གཉེར་འཆར་ཡོད་པ་རེད། ཁོ་མོས“ད་ཆ་ལྷ་སའི་འཕེལ་རྒྱས་འདི་འདྲའི་ཡག་པོ་ཡོད་པས། ལྷ་སར་དོན་གང་ཞིག་སྒྲུབ་ཐུབ་མིན་ལ་ཚོད་ལྟ་བྱེད་འདོད་ཡོད”ཅེས་ཟེར།