ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

འཁྲུག་ཆ་དོད་པའི་ལོ་གསར་གྱི་ཁྲོམ་ར།

སྤེལ་དུས 2018-02-13 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ། ཚེ་རིང་གཡུ་སྒྲོན། ཚེ་སྒྲོན།
ལོ་གསར་པའི་ལོ་ཕུད་བཤམས་པ་ལས། ཞིང་འབྲོག་ལས་འཕེལ་ཁ་བཟང་བར་སྨོན། 
          དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ།  ལྷ་སའི་ཁྲོམ་ར་གང་སར་མི་ཚོགས་ཀྱིས་ཁེངས་ནས་ལོ་ཕུད་དང་དར་ལྕོག  རྩེ་སྒྲོ།  ཤམ་བུ།  ཆ་ཚིག  མར་ཕྱུར་སོགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད།  བོད་ཆས་དང་ལག་རྩལ་ཐོན་རྫས་ཀྱང་མང་བས་ལོ་གསར་གྱི་ཁྲོམ་རའི་ཉོ་འཚོང་གཉིས་ཀ་དར་ཞིང་ཤིན་ཏུ་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་ཡོད།

 སྲོལ་རྒྱུན་ལག་ཤེས་ལས་གྲུབ་པའི། རྟགས་བརྒྱད་རི་མོས་ཕྱེ་མར་བརྒྱན། 

སྒོ་དང་སྒེའུ་ཁུང་ཤམ་བུས་བརྒྱན། བཀྲ་ཤིས་ལོ་གསར་རྟེན་འབྲེལ་ལེགས།

བཀྲ་ཤིས་སྨོན་ཚིག་ཆ་ཡིག་ལས། གནམ་ལོ་གསར་པའི་སྨོན་འདུན་མཚོན།

ལོ་གསར་ཚེས་པ་གསུམ་གྱི་དུས། དར་ལྕོག་བཙུགས་ནས་ལྷ་རྒྱལ་འཐེན།