ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླ་མཉམ་འཛོམས་ཐོག་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུས་ཤིང་བསྟན་ཁོ་ཚོགས་འདུར་ཞུགས།

སྤེལ་དུས 2018-02-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
           ཚེས10ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་མེས་རྒྱལ་དུ་ཕྱིར་ལོག་ནས་གཞིས་ཆགས་པའི་བོད་རིགས་སྤུན་ཟླ་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་གཉེན་ཉེའི་ཇ་སྟོན་ཚོགས་འདུ་བསྡུས་ནས་དཔྱིད་གསར་དུས་ཆེན་དང་བོད་ས་ཁྱི་ལོའི་ལོ་སར་བསུས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བསྟན་ཁོ་ཚོགས་འདུར་ཞུགས་ཡོད་འདུག

           ཇ་སྟོན་ཚོགས་འདུའི་ཐོག   འདས་མ་ཐག་པའི2017ལོ་ནི་ང་ཚོའི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་རང་བཞིན་གྱི་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་བགྲོད་ལམ་གསར་བའི་འགོ་ཚུགས་པ་ཡིན་ལ། ང་ཚོར་ཡིད་ཆེས་ཐད་ཀྱི་འབོད་སྐུལ་དང་ཁ་ཕྱོགས་ཀྱི་ཁྲིད་སྟོན། ཡར་བརྩོན་གྱི་སྟོབས་ཤུགས། རྒྱལ་ཁ་འཐོབ་པར་ཡིད་ཆེས་བསྩལ་པ་རེད། ལོ་ངོ་གཅིག་གི་རིང་།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་མཐའ་གཅིག་ཏུ་གནང་པ། “འདུ་ཤེས་བཞི” བརྟན་པོ་འཛུགས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་གནང་པ། དཀའ་སྒྲུབ་དངོས་སྒྲུབ་དང་སྙིང་རུས་ཆེན་པོས་མདུན་དུ་བསྐྱོད་དེ། རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་ཐོན་ཆེན་པོ་ཐོབ་ཡོད་པ་རེད་ཅེས་བསྟན། 
           ཇ་སྟོན་ཚོགས་འདུའི་སྟེང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཀུན་དུ་ཕྱིར་ལོག་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་པ་དང་། བོད་རིགས་སྤུན་ཟླའི་བསམ་འདུན་ལ་ཉན་པ་དང་། བོད་རིགས་སྤུན་ཟླའི་བདེ་སྡུག་ལ་ཞིབ་དཔྱད་བྱེད་པ། བོད་རིགས་སྤུན་ཟླའི་དཀའ་ངལ་ཐག་གཅོད་བྱེད་པ། བོད་རིགས་སྤུན་ཟླའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་ཡིད་ལ་བཅངས་ནས།  རྒྱ་ཆེའི་བོད་རིགས་སྤུན་ཟླས་རང་ལྗོངས་ཀྱི་གོང་འཕེལ་བཅོས་བསྒྱུར་བཅས་ཀྱི་བྱ་གཞག་ལ་ཞུགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་ནན་གྱིས་བསྟན་ལ། རྒྱ་ཆེའི་གཞིས་སྡོད་བོད་རིགས་སྤུན་ཟླ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་གཉེན་ཉེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བསམ་བློའི་ཐོག་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐོག་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐོག་སྲོག་ཤིང་ལ་བློ་དཀར་པ། བྱ་སྤྱོད་ཐོག་སྲོག་ཤིང་སྲུང་སྐྱོབ་བྱས་ཏེ། ཧུར་ཐག་སྒོས་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཧུར་ཐག་སྒོས་ཕྱི་རྒྱལ་གྱི་གཉེན་ཉེར་་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་དང་། ཧུར་ཐག་སྒོས་བོད་ལྗོངས་་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་པ་དྲིལ་སྒྲོག་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བདེ་སྐྱིད་ཀྱི་འཚོ་བ་དྲིལ་སྒྲོག་བྱེད་རྒྱུ་མ་ཟད། རྒྱལ་གཅེས་ཡུལ་གཅེས་དང་ལས་གཅེས་ལས་བརྩོན་གྱི་རང་ཉིད་ཀྱི་ལག་ལེན་དངོས་བརྒྱུད།  མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་རང་ཉིད་ཀྱི་བློ་དཔྱོད་དང་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།
           ཚོགས་འདུའི་སྟེང་།  བསྟན་ཁོ་དང་ལྷན་རྒྱས་ནས་ཕན་ཚུལ་ལ་བཀྲ་ཤིས་ལྷ་དར་སྒྲོན་ནས་ལོ་གསར་གྱི་སྨོན་འདུན་བཟང་པོ་མཚོན་པའོ།།