ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་དུས་ཆེན་གྱི་སྔོན་དུ་ཁ་ཟས་ཀྱི་བདེ་འཇགས་ལ་ཞིབ་བཤེར་རྒྱ་ཆེར་བྱས།

སྤེལ་དུས 2018-02-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
      
          དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཐོན་ལ་ཉེ་བའི་དུས་འདིར།  དུས་ཆེན་གྱི་སྐབས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ཟླ་2ཚེས་11ཉིན། རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་དུས་ཆེན་གྱི་སྔོན་དུ་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ཞིབ་བཤེར་རྒྱ་ཆེར་བྱས།

          ཐེངས་འདིར་ཞིང་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་། སྨན་ཚོང་ཁང་། མགྲོན་ཁང་།   བཟའ་བཏུང་ཞབས་ཞུའི་སྡེ་ཚན་ནི་ཞིབ་བཤེར་བྱ་ཡུལ་དུ་བཟུང་བ་དང་། དུས་མཚུངས་སུ་ལྷ་སའི་གྲོང་འདབས་དང་། གྲོང་ཁྱེར་དང་གྲོང་གསེབ་ཟུང་འབྲེལ་ཁུལ་གྱི་བཟའ་བཅའ་དང་སྨན་རྫས་ཁྲོམ་རར་ལྐོག་བཤེར་བྱས། དུས་ཆེན་རིང་ཉོ་མཁན་མང་བའི་སྔོ་ཚལ་དང་ཤིང་ཏོག  སྒོ་ཕྱུགས།   ཁྱིམ་བྱའི་ཐོན་རྫས།  སྲན་བཟོས་བཟའ་བཅའ།  འོ་བཟོས་བཟའ་ཆས། ཨ་རག་སོགས་བཏུང་བྱའི་རིགས་གཙོ་ཆེ་བ་ཡིན། བྱེད་པོ་གཙོ་བོའི་འགན་ཁུར་དང་ལས་ཞུགས་པའི་བདེ་ཐང་ལག་ཁྱེར། ཟས་རིགས་དང་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ། ཟས་རིགས་ཀྱི་སྦྱོར་བ།  ཟས་རིགས་དང་འབྲེལ་ཡོད་ཐོན་རྫས་ཕྱིར་ཚོང་བྱེད་པའི་ཚོང་ཟོག་ཞིབ་བཤེར་ལམ་ལུགས་དང་ཐོ་འགོད་ལམ་ལུགས། འཛིན་ཡིག་དང་སྤ་སེའི་ལམ་ལུགས།   ཟས་རིགས་དང་སྨན་རྫས་ཀྱི་ཐོན་སྐྱེད་བྱས་ཉིན།   སྤུས་ཚད་འགན་ལེན་དུས་ཡུན་སོགས་གཙོ་གནད་ཞིབ་བཤེར་བྱས།

          ཐེངས་འདིའི་དུས་ཆེན་གྱི་སྔོན་དུ་ཞིབ་བཤེར་རྒྱ་ཆེར་བྱས་པ་བརྒྱུད། ཚོང་གཉེར་བྱེད་མཁན་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་འདུ་ཤེས། འགན་འཁུར་གྱི་འདུ་ཤེས་སྔར་བས་ཤུགས་ཆེན་བཏང་བ་དང་།  ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་དགའ་སྤྲོ་དང་།   བཀྲ་ཤིས་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རོལ་བར་རྨང་གཞི་བཟང་མོ་བཏིང་ཡོད།