ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གསོན་ཤུགས་གསར་པ་འཕེལ་བ་བྱས་ནས་རྣམ་པ་གསར་པ་བཏོད་པ།

སྤེལ་དུས 2018-02-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྱུར།
ཉེ་བའི་ལོ་ཤས་རིང་གི་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
          ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱས་ཏེ་ཞི་མཐུན་དང་། ཤེས་དཔལ། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་གཞིས་རྩེ་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་གཙོ་བོར་བྱས་པ་དང་། ཇོ་རིའི་སྙིང་སྟོབས་ཁྲིད་སྟོན་དུ་བྱས་ནས“6677”གྱི་སྤྱི་ཡོངས་ཀྱི་ལས་ཀའི་བསམ་ཕྱོགས་ལག་བསྟར་ཤུགས་ཆེན་བྱས་ཏེ་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ། སེམས་ནུས་གཅིག་སྒྲིལ། འབད་འབུངས་ཡར་བརྩོན་བཅས་བྱས་པས་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་བྱུང་བ་རེད།
དཔལ་འབྱོར་འཕེལ་རྒྱས་ལ་མཆོང་སྐྱོད་གསར་པ་བྱུང་བ།
          2017ལོར་སྔོན་དཔག་བྱས་ན་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་218ཟིན་པ་དེ་2012ལོ་ལས་71.6%འཕར་བ་དང་། སྔོན་དཔག་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་342བྱས་པ་དེ་2012ལོ་ལས་ལྡབ་2.7འཕར་བ། སྔོན་དཔག་བྱས་ན་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་98.18ཟིན་པ་དེ་2012ལོ་ལས་ལྡབ་1.12འཕར་བ། སྔོན་དཔག་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30345ཟིན་པ་དེ་2012ལོ་ལས་67.9%འཕར་བ། སྔོན་དཔག་བྱས་ན་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9518ཟིན་པ་དེ་2012ལོ་ལས་84.3%འཕར་བ། སྔོན་དཔག་བྱས་ན་ས་གནས་ཀྱི་སྤྱིར་བཏང་སྤྱི་ཕན་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་14.84ཟིན་པ་དེ་2012ལོ་ལས་ལྡབ་1.58འཕར་བ་བཅས་རེད།
          “ཐོན་ལས་ཆེན་པོ་བདུན”སྐྱེད་སྲིང་དང་འཕེལ་རྒྱས་བཏང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱིས་ནན་ཏན་ངང་ཞིབ་འཇུག་འཆར་འགོད་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས“ཐོན་ལས་ཆེན་པོ་བདུན”བཀོད་སྒྲིག་བྱས་པ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྲོལ་རྒྱུན་ནས་དེང་རབས་སུ་ཕྱོགས་སྒྱུར་དང་། རགས་ལས་ནས་ལེགས་བསྡུས་ཞིབ་གཉེར་དུ་ཕྱོགས་སྒྱུར། རིམ་དམའ་ནས་རྩེར་སོན་དུ་ཕྱོགས་སྒྱུར། སྐྱེ་མེད་ནས་སྐྱེ་ལྡན་དུ་ཕྱོགས་སྒྱུར་བཅས་བྱས་ཡོད། པ་སྣམ་རྫོང་གི་མུའུ་ཁྲི་གཅིག་གི་སྐྱེ་ལྡན་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ་དང་། གྲོ་མོའི་ཉའི་གསོ་སྤེལ་རྟེན་གཞིར་ཉ་ཕྲུག་ཁྲི་2060གསོ་ཚགས་བྱས་པས་ཉའི་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་ཏུ་ཕྱིན་པ་དང་ཕན་འབྲས་ལེགས་སུ་ཕྱིན་པ་རེད། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་9བཙུགས་ནས“ལག་ཁྱེར་མང་པོ་གཅིག་སྒྲིལ”དང“གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བར”སྐུལ་འདེད་བརྟན་པོ་བཏང་ནས་ཚོང་འགུགས་མ་འདྲེན་དང་། མ་འཇོག་དང་མ་དངུལ་མཉམ་བསྡུ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས། ལས་གཏོད་གསར་གཏོད་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་འབོར་ཆེན་ཞིག་བཟོས་ནས་བཏོན་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་སྲིད་གཞུང་གི་འགན་ནུས་ལེགས་སུ་ཏན་ཏིག་བཏང་ཡོད།
ཞི་མཐུན་བརྟན་ལྷིང་གི་རྣམ་པ་གསར་པ་བཏོད་པ།
          ཉེ་བའི་ལོ་ཤས་རིང་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱ་རྒྱུ་དེ་གཞིས་རྩེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་གི་འདོད་འདུན་དུ་གྱུར་ཡོད།
          ཐབས་མང་མཉམ་སྤྱོད་ཀྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཤིང་། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བཏོད་རྒྱུ་དམིགས་ཚད་དུ་བྱས་ནས་ལས་བྱེད་པ་གྲོང་སྡོད་དང་དགོན་སྡོད་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་སོགས་ཀྱི་ལས་དོན་ལ་རྒྱུན་མཐུད་དམ་འཛིན། མཚམས་ཚིགས་གལ་ཆེན་དང་། འཚུབ་ཆ་ཆེ་བ་དང་དུས་མཚམས་གལ་ཆེན་གྱི་བརྟན་ལྷིང་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ། གཙོ་གནད་མི་སྣ་བོད་དུ་ཡོང་བ་དང་། ཆོས་ཕྱོགས་བྱེད་སྒོ་གལ་ཆེན་གྱི་བདེ་འཇགས་སྲུང་སྐྱོང་གི་ལས་དོན་དམ་འཛིན་ནན་ཏན། བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་བསྟུད་མར་རྒྱལ་ཁ་ཐོབ་པ་བཅས་བྱས་པས“མེད་པ་གསུམ”དང“གནད་དོན་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ཐོན་པ”“བརྟན་ལྷིང་གསུམ”བཅས་མངོན་འགྱུར་བྱུང་ཡོད། ཡིག་བསྐུར་ངོ་བཅར་གྱི“ཅན་བརྒྱད་ཀྱི་ལམ་སྲོལ”གསར་གཏོད་ལག་བསྟར་བྱས་ནས་ཕྱོགས་ཡོངས་ནས་འགོ་ཁྲིད་ཀྱིས་གྱོད་དོན་འགན་གཙང་ལེན་པ་དང་། དུས་བཀག་བཞིན་བཅར་འདྲི་གྲལ་བཤེར་བྱས་པ། དུས་བཀག་བཞིན་བཅར་འདྲི་དང་ལེན་དང་བཅར་འདྲིར་བསྐྱོད་པ། ཆེད་མངགས་སྡེ་ཚན་གྱིས་དུས་ཐོག་ཏུ་བསྐྱར་འདྲི་བྱེད་པའི་ལམ་སྲོལ་བཅས་ཁྱབ་གདལ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཏེ་དོ་དམ་ནས་བཅོས་སྐྱོང་དང་། གོང་ཞུ་ནས་གཤམ་དུ་འདྲི་བ། འཕྲལ་སྡོམ་རྣམ་པ་ནས་རྒྱུན་རྣམ་ཅན་དུ་བསྒྱུར་བ་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད།
          མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་ཐབས་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ། “མི་རིགས་མཐུན་སྒྲིལ་གྱི་ཏང་ཡོན་གྱི་གདོང་ལེན་པའི་བྱ་སྤྱོད”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཏེ་ལོ་རེའི་ཟླ་6ཚེས་2ཉིན་དེ“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར”གཏན་འཁེལ་བྱས་པས་མི་རིགས་ཁག་སེའུ་འབྲུ་ལྟར་དམ་པོར་སྒྲིལ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད།
སྣོད་བཅུད་སྲུང་སྐྱོང་ཐད་ཡར་རྒྱས་གསར་པ་བྱུང་བ།
          སྣོད་བཅུད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། རི་དང་ཆུ། ནགས་ཚལ། ཞིང་ཁ། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་མངོན་གསལ་དོད་པོ་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སྲིད་འཛིན་གནས་ཡུལ་སྣོད་བཅུད་འཛུགས་སྐྱོང་སྣེ་མོར་བྱས་པ་དང་། G318དང་། G219 G562 S204བཅས་དང་ལྷ་གཞིས་ལྕགས་ལམ་གྱི་འགྲིམ་འགྲུལ་མ་ལམ་5སྣོད་བཅུད་འཛུགས་སྐྱོང་བར་ཁྱམས་དང་། ཡར་ཀླུང་གཙང་པོ་དང་མྱང་ཆུ་གཙང་པོ་འབབ་རྒྱུད་ཆེན་པོ་གཉིས་སྣོད་བཅུད་འཛུགས་སྐྱོང་གི་གསོ་འཁྱོངས་ཁུལ། ཧི་མ་ལ་ཡའི་ལྷོ་རྒྱུད་དང་བྱང་འདབས་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་བཅས་སུ་བྱས་ཏེ“སྣེ་མོ་བཞི་དང་། ལམ་ཐིག་ལྔ། བརྒྱུད་གཉིས། ཁུལ་གཉིས”བཅས་མཉམ་འདུས་རྣམ་པ་དང་། ལངས་གཟུགས་ཅན། དྲ་རྒྱ་ཅན་བཅས་ཀྱི་སྣོད་བཅུད་བར་མཐོངས་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་སྟེ་རང་བྱུང་སྲུང་སྐྱོང་ཁུལ་དང་། གྲགས་ཅན་མཛེས་ལྗོངས་ཁུལ། ནགས་ཚལ། འདམ་ར། རྩྭ་ཐང་། མཚེའུ་སོགས་ཀྱི་ས་ཁོངས་སྲུང་སྐྱོང་ཧུར་ཐག་བྱས་ཐོག་ཡུན་གནས་ཀྱི་སྣོད་བཅུད་བར་མཐོངས་སོར་འཇོག་བྱས་པ་རེད།
          སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཤིང་། སྣོད་བཅུད་བདེ་འཇགས་མངོན་གསལ་དོད་པོ་ཡོང་བ་དང་ཁོར་ཡུག་སྲུང་སྐྱོང་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་མཐའ་འཁྱོངས་བྱས་ཏེ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་ཐད“སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས”ལག་བསྟར་ནན་པོ་བྱས་པ་དང་། ནུས་རྒྱུ་དང་གཏེར་ཐོག་གསར་སྤེལ་ཐད“སྨྱུག་གཅིག་མའི”ཞིབ་མཆན་འགོད་པའི་ལམ་ལུགས་ལག་ལེན་ནན་པོ་བསྟར་བ། “མཐོ་བ་གསུམ”གྱི་རྣམ་གྲངས་གཞིས་རྩེར་བསྐྲུན་རྒྱུ་གཏན་འགོག་བཅས་བྱས་པས་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་སྲུང་ཐུབ་པ་བྱུང་བ་རེད།