ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མིག་དཔེའི་སྟོབས་ཤུགས་ནི་ངའི་མདུན་བསྐྱོད་ཀྱི་ལམ་གྲོགས་ཡིན།

སྤེལ་དུས 2018-03-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
           རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སུ་ཐོག་ཐེངས་དང་པོར་ཞུགས་ནས་བཅར་འདྲི་བྱེད་པའི་གསར་འགོད་པ་ལ་མཚོན་ན།  ཕར་རྒྱུག་ཚུར་རྒྱུག་གི་གོམ་སྟབས་ཁྲོད་བྲེལ་འཚུབ་དང་། དགའ་སྤྲོ། སེམས་ཁྲལ་ལས་གཞན་ཞིག་ནི་ཐོབ་བྱ་མང་པོ་ཡིན།  ནང་སྒོས་སུ་སྲིད་གྲོས་ཨུ་ཡོན་གྱི་བཅར་འདྲི་རེ་རེ་མཇུག་རྫོགས་དུས་མི་ཆེན་གྱི་ཕྲག་དཔུང་དུ་འགྱིང་བ་ལྟ་བུའི་དུས་རྒྱུན་མཐོང་མི་ཐུབ་པའི་ཡུལ་ལྗོངས་མང་པོ་ཞིག་མཐོང་ཐུབ་ལ།  སྔོན་ཆད་མཇལ་མ་མྱོང་བའི་མངའ་ཁོངས་མང་པོ་ཞིག་ལ་མཇལ་ཐུབ་པ་བྱུང་བས་རང་ཉིད་ཀྱི་མི་འདང་བའི་ཆ་ལ་ངོས་ཟིན་གསལ་བོ་ཞིག་འདྲོངས།  སྲིད་གྲོས་ཨུ་ཡོན་ཚང་མ་ནི་ངའི་མིག་དཔེ་ཡིན།  ཁོང་ཚོའི་ལུས་སྟེང་ནས་ངས་ཤེས་བྱ་མང་པོ་ཞིག་ངེས་བྱུང་བའི་མི་ཚད།  མཐོང་རྒྱ་ཇེ་ཆེར་དང་། སྤྱི་ཚོགས་ལ་རྒྱུས་ལོན་བྱེད་ཐུབ་པ་ལ་སོགས་ཁོང་ཚོའི་ཐུན་མོང་མ་ཡིན་པའི་དགོངས་པ་མང་པོ་ཞིག་ལ་སློབ་སྦྱོང་བྱེད་ཐུབ་བྱུང་།  དཔེར་ན་གཤམ་གྱི་གཏམ་རྒྱུད་འདི་ལྟ་བུའོ། །

པར་འདི་ནི་བོད་རིགས་ཀྱི་སྲིད་གྲོས་ཨུ་ཡོན་སྤེན་པ་ལྷ་མོ་ཡིན། བོད་ལྗོངས་དོན་གཅོད་ཁང་ནས་བླངས་པའི་པར་ཡིན། 
           ༢༠༡༨ལོའི་ཟླ༣པའི་ཚེས༥ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་པོ་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་པ་དང་། ཉིན་དེའི་ཕྱི་དྲོར་ཆབ་སྲིད་གྲོས་མོལ་ཚོགས་འདུའི་མི་རིགས་ཨུ་ཡོན་སྡོད་སའི་པེ་ཅིང་གི་མཛའ་བརྩེ་མགྲོན་ཁང་(北京友谊宾馆)དུ་ངས་ན་གཞོན་མཛངས་མ་ཞིག་ལ་བཅར་འདྲི་བྱས་པ་ཡིན། ཁོ་མོ་ནི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཨེ་ཤ་ལྷོ་མའི་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་སྤེན་པ་ལྷ་མོ་ལགས་རེད། 
           སྤེན་པ་ལྷ་མོ་ལགས་ལ་དང་པོར་མཇལ་དུས་ཁོ་མོའི་ཁྱད་འཕགས་ཀྱི་གཤིས་ཉམས་དང་ལྷད་མེད་ཀྱི་མཛེས་སྡུག་རང་ཆས་སུ་གྲུབ་པ་དེས་ངས་ཁོ་མོ་ནི་མཁས་པ་དང་། ཞིབ་འཇུག་པ།  སོའོ་ཀྲང་་གཞོན་པ་བཅས་ཀྱི་མིང་ཐོབ་ཅན་ཞིག་ཡིན་པར་ངོས་ལེན་བྱེད་དཀའ་བ་ཞིག་རེད་ཨང་། ཏག་ཏག་དེ་ལྟ་བུའི་ཁོ་མོའི་ཉམས་སྣང་དང་ཐོབ་ཐང་གི་བར་ཁྱད་དེས་ངས་ཁོ་མོར་རྒྱུས་ལོན་བྱེད་འདོད་ཀྱི་མདུན་པ་དྲག་པོ་བརྡོལ་སོང་། 

པར་འདི་ནི་ཟླ༣པའི་ཚེས༤ཉིན་ལ་བོད་ལྗོངས་སྲིད་གྲོས་ཨུ་ཡོན་སྤེན་པ་ལྷ་མོས་ཚན་ཆུང་གྲོས་ཚོགས་ཐོག་ཏུ་གཏམ་བཤད་པའི་ཚུལ་ཡིན། 
           ངས་བསམ་ན་སློབ་སྦྱོང་གིས་མི་ལ་རོགས་མང་པོ་བྱེད་ཐུབ། དཔེར་ན་འབུམ་རམས་པའི་མཐར་ཕྱིན་ལ་ཞིབ་བཤེར་གྱི་ཚད་གཞི་དང་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པ་མ་ཟད།  རིག་གཞུང་གི་བགྲོ་གླེང་སྣ་ཚོགས་ལ་ཞུགས་དགོས་ཀྱི་ཡོད། སི་ཁྲོན་སློབ་ཆེན་ནས་སློབ་གཉེར་བྱས་པའི་ལོ་འདི་དག་གི་རིང་ལ་རང་ཉིད་ལ་ཡར་རྒྱས་ཆེ་པོ་བྱུང་སོང་། ཞེས་སྤེན་པ་ལྷ་མོས་འཛེམ་དོགས་མེད་པར་བརྗོད་བྱུང་། ཁོ་མོ་ནི་ཆུང་དུས་ནས་གཞིས་ཀ་རྩེ་ནས་འཚར་ལོངས་བྱུང་ཞིང་། ༡༩༩༢ལོར་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན(西南政法大学)་དུ་རྒྱུགས་འཕྲོད།  སློབ་གྲྭ་དེ་ག་ནས་མཐར་ཕྱིན་རྗེས་ནོར་ཝེ་ཨོ་སི་ལུ་སློབ་ཆེན(挪威奥斯陆大学)་དང་། ཨ་རིའི་ཁོ་ལོམ་པི་ཡ་(美国哥伦比亚大学)སློབ་ཆེན་དུ་བསྐྱོད་དེ་དེ་གར་ཁྲིམས་ལུགས་རིག་པའི་ཆེད་ལས་ལ་སློབ་སྦྱོང་བྱས། ཕྱིས་རྒྱལ་ནང་དུ་ལོག་ནས་ཀྲུང་གོ་མི་དམངས་སློབ་ཆེན་(中国人民大学)གྱི་ཁྲིམས་ལུགས་རིག་པའི་ཞིབ་འཇུག་ཆེད་ལས་ལ་རྒྱུགས་བླངས། ད་ལྟ་སི་ཁྲོན་སློབ་ཆེན་གྱི་རྩ་ཁྲིམས་དང་སྲིད་འཛིན་བཅའ་ཁྲིམས་ཆེད་ལས་ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཡིན།  ཁོ་མོས་ད་བར་དུ་སྤྱི་ཚོགས་བཅོས་སྐྱོང་དང་གོང་སྤེལ་ལ་དོ་སྣང་བྱས་ཏེ།  བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་དངོས་དང་སྤྱི་ཚོགས་ཚན་རིག་གླིང་གི་ལས་ཀ་གཉིས་ཟུང་དུ་སྦྲེལ་ནས་མི་རིགས་ཁྲིམས་ལུགས་རིག་པའི་ཞིབ་འཇུག་དང་། མི་རིགས་ཁེ་ཕན་སྲུང་སྐྱོང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཇི་ལྟར་འཕེལ་རྒྱས་སུ་གཏང་དགོས་པ། གྲངས་ཉུང་མི་རིགས་གི་ཁེ་ཕན། མི་རིགས་མངའ་ཁོངས་རང་སྐྱོང་ལམ་ལུགས། མི་རིགས་ཁྲིམས་ལུགས། མི་རིགས་ཁྲིམས་འཛུགས་དབང་ཆ་ལ་སོགས་པའི་ཕྱོགས་སུ་ཞིབ་འཇུག་ཞིབ་ཅིང་ཕྲ་བ་མང་པོ་བྱས་མྱོང་ཡོད་པ་མ་ཟད།《 ལྷ་སའི་ཁྲིམས་སྐྱོང་འཕེལ་རྒྱས་སྙན་ཞུ》ཞེས་པའི་རྒྱབ་ཤ་སྔོན་པོའི་དེབ་རབ་དང་རིམ་པ་རྩོམ་སྒྲིག་བྱེད་པའི་ལས་སུའང་ཞུགས་མྱོང་ཡོད་པ་རེད། 
           སྤེན་པ་ལྷ་མོས་དུས་ད་ལྟའི་བར་དུ་ཕྱག་ལས་གནང་བཞིན་པའི་ཁྲིམས་ལུགས་རིག་པའི་ལས་ཀ་དེ་དང་གླིང་ཆེན་ཨེ་ཤ་ཡ་ལྷོ་མའི་ལམ་ཆེན་འཛུགས་སྐྲུན་སྐོར་གྱི་ཞིབ་འཇུག་ལས་ཀ་གཉིས་བར་ལ་བར་ཁྱད་ཅུང་ཆེན་པོ་ཡོད།  ཁོ་མོས་འདི་སྐད།   ༢༠༡༦ལོ་ནི་སྐབས་དེའི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཨེ་ཤ་ཡ་ལྷོ་མའི་ཞིབ་འཇུག་ཁང་བཙུགས་མ་ཐག་ཡིན་པས།  ཨེ་ཤ་ཡ་ལྷོ་མར་ཞིབ་འཇུག་བྱེད་མཁན་གྱི་འཇོན་མི་ཡང་ཧ་ཅང་དཀོན། ང་རང་ཉིད་ནས་སྔོན་ཆད་དེའི་སྐོར་ལ་ཞིབ་འཇུག་བྱས་མྱོང་ཡོད་པའི་དབང་གིས་ཚན་རིག་གླིང་གི་འགོ་ཁྲིད་ཀྱིས་སྐུལ་སློང་འོག་ཨེ་ཤ་ཡ་ལྷོ་མའི་ཞིབ་འཇུག་ཁང་དུ་ལས་བཀོད་བཏང་པ་ཡིན་ཞེས་སྐད་ཆ་བརྗོད་མཚམས་ལ། མོའི་རང་གི་འདོད་བློ་ཞིག་མ་གསང་དྲང་མོར་བརྗོད་བྱུང་།   རང་ཉིད་ཀྱིས་ལོ་མང་པོ་སྦྱངས་པའི་ཆེད་ལས་ཀྱི་མངའ་ཁོངས་དེ་ལས་ཕྱིར་འབུད་དུས་ཧ་ཅང་གི་འབྲེལ་མི་ཕོད། ཡིན་ནས་དུས་ཡུན་ཞིག་ལ་བསམ་བློ་མང་པོ་བཏང་རྗེས། རང་ཉིད་ནས་ཞིབ་འཇུག་གི་ལས་ཀ་གང་ཞིག་བསྒྲུབས་ཀྱང་མཐའ་མའི་དམིགས་འབེན་གཅིག་ནི་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མཐའ་མཚམའ་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་ལ་འགན་ལེན་ཐུབ་རྒྱུ་ནི་རྩ་བའི་དམིགས་ས་རེད་ལ། ངའི་ཞིབ་འཇུག་གི་ཡོད་ཚད་ཀྱང་དམིགས་འབེན་དེ་ལ་ཞབས་འདེགས་ཞུ་བ་ཤ་སྟག་ཡིན་པ་གསལ་བོར་རྟོགས་པས།  རྒྱལ་ཁབ་དང་རང་སྐྱོང་ལྗོངས་ལ་ལག་རྗེས་ཅུང་ཟད་རེ་འཇོག་དགོས་ན། དེང་གི་ཆར་དགོས་ངོས་ཤིན་ཏུ་ཆེ་བའི་མངའ་ཁོངས་ལས་འོས་མེད་ཕྱིར། གོང་རིམ་གྱི་ལས་བཀོད་ལ་དགའ་འགུའི་དང་ལེན་བྱས་པ་ཡིན།   གོ་བབ་གཏན་འཁེལ་བྱས་རྗེས་བྱེད་ཐབས་ནི་ཚང་མ་ཆ་འདྲ་བ་ཡིན། ད་ལྟ་ང་ཚོས་གླིང་ཆེན་ཨེ་ཤ་ཡ་ལྷོ་མའི་ལམ་ཆེན་འཛུགས་སྐྲུན་ཐད་ལ་འཆར་འགོད་ཅུང་གསལ་ཆ་ལྡན་པ་ཞིག་ཡོད་ཟེར། 
           སྤེན་པ་ལྷ་མོས།  རྒྱུད་གཅིག་ལམ་གཅིག་གི་འབོད་སྐུལ་ནི་ང་ཚོའི་རྒྱལ་ཁབ་ཀྱིས་འཛམ་གླིང་གི་མིའི་ཐོབ་ཐང་གཞུང་ལུགས་ལ་བཞག་པའི་མཛད་རྗེས་གལ་ཆེན་ཞིག་ཡིན་པས། ངས་ཀྱང་མིའི་རིགས་ཀྱི་སྤྱི་མཐུན་ལས་དབང་འདུས་གྲུབ་(“构建人类命运共同体”)དང་ཨེ་ཤ་ལྷོ་མའི་ལམ་ཆེན་འཛུགས་སྐྲུན(南亚大通道建设”)། བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གོང་སྤེལ་གྱི་གནས་ཚུལ(“西藏自治区边境地区发展情况”)། དེ་མིན་མཐའ་མཚམས་རྒྱལ་ཁབ་ཀྱི་རྒྱལ་ནང་གནས་ཚུལ་ཞིབ་འཇུག་ལ་སོགས་པའི་ཁ་ཕྱོགས་ཕན་ཚུན་བར་ཟུང་དུ་འབྲེལ་འདོད་ཡོད་ཟེར། 
           ཐེངས་འདིའི་བཅར་འདྲི་བརྒྱུད། ང་རང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ལ་མཇལ་ཐུབ་བྱུང་། ཁོང་ཚོ་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཡོང་བ་ཡིན་པས།  ཁོང་ཚོ་ནི་ངའི་སེམས་ཀྱི་མིག་དཔེ་ཡིན་ལ།  ཁོ་ཚོའི་མཛད་རྗེས་ནི་རང་ཉིད་མདུན་སྐྱོད་ཀྱི་སེམས་ཤུགས་དེ་ཡིན།