ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་མོས་མཐུན་བྱུང་བར་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ།

སྤེལ་དུས 2018-03-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           ལོ་རྒྱུས་ནི་ཚེས11ཉིན་གྱི་ཆུ་ཚོད15དང་སྐར་མ52སྟེང་གཏན་ཁེལ་བྱས་པ་སྟེ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་གྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》 ལ་གྲོས་འཆམ་བྱུང་བ་ཁྱབ་བསྒྲགས་བྱེད་སྐབས། མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་རར་དེ་མ་ཐག་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱེད་པའི་ཐལ་མོ་རྡེབ་སྒྲས་ཁེངས་ཤིང་། འབྲུག་སྒྲ་ལྡིར་བ་ལྟ་བུའི་ཐལ་མོ་རྡེབ་སྒྲ་དེ་ཡང་རླུང་འཕྲིན་དང་། བརྙན་འཕྲིན། དྲ་རྒྱའི་སྨྱན་སྦྱོར་སོགས་བརྒྱུད་དེ་གངས་ལྗོངས་ས་མཐོར་ཁྱབ། དུས་འདིར། ས་མཐོར་དགའ་བའི་སྤྲོ་སྐྱིད་ཀྱིས་ཁེངས་པར་བྱས་ཤིང་།  དུས་རབས་གསར་པ་ཞིག་ཏུ་བོད་ལྗོངས་ཀྱི་རིགས་སོ་སོའི་བུ་ཕྲུག་དང་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོའི་གཅེན་གཅུང་མིང་སྲིང་ཚོས་མཉམ་གཅིག་ཏུ་མི་སེམས་འགུལ་བའི་ལོ་རྒྱུས་ཀྱི་དུས་སྐབས་འདིར་བདེན་དཔང་བྱས།
           “བརྩི་བཀུར་རྦད་དེ་བྱེད་པ་དང་། མོས་མཐུན་ཁྱོན་ནས་ཡོད”ཅེས་ཚང་མས་མཇུག་འབྲས་འདིར་བརྩི་བཀུར་མཐའ་གཅིག་ཏུ་བྱེད་ཅིང་། འདིས་ཏང་གི་བཞེད་དགོངས་དང་མི་དམངས་ཀྱི་འདོད་བློ་གང་ལེགས་སྒོས་མཚོན་ཡོད། ཚང་མས་རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་མཚོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པར་བྱས་ཏེ་རྨང་གཞི་སྲ་བརྟན་དང་། བཟང་ཆ་མངོན་གསལ་ཡིན་པ། སྐྱེ་སྟོབས་ཀྱི་ཤུགས་ཆེན་པོ་ལྡན་ཏེ།  ང་ཚོའི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དོན་སྙིང་གལ་ཆེན་ལྡན་པར་འདོད་ཡོད།
           “མཇུག་འབྲས་འདིས་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་ཡོད་ཅིང་། དུས་རབས་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད་པ་རེད”ཅེས་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཐིང་གི་ལས་བྱེད་པ་ཀྲུའུ་ཀྲི་ལིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་དེ་ལྟར་བཤད། ད་ཐེངས་ཀྱི་བཟོ་བཅོས་འདིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལག་ལེན་ཁྲོད་ཐོབ་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་རྩ་ཁྲིམས་ནང་བཀོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་བསྟུན་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་བྱས་ཡོད་པ་རེད།
           “རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་ལ་འདེམས་ཤོག་མང་ཆེ་བ་ཐོབ་སྟེ་གྲོས་འཆམ་བྱུང་ནས་མི་དམངས་ཀྱི་འདོད་བློ་ཡོངས་སུ་མཚོན་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དང་། ཞིབ་འཇུག་པ་ཝང་ཁྲུན་ཧོན་གྱིས་དགའ་སྤྲོ་ཆེན་པོས་དེ་ལྟར་བཤད་ཅིང་། ཁོས“རྩ་བའི་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་ཀྱི་ཁྲོད་ནས་ཐོབ་པའི་གྲུབ་འབྲས་མཚོན་ཞིང་། འདིའི་ཐད་ནས་ང་ཚོར་ང་རྒྱལ་གྱིས་ཁེངས་ནས་ཡོད”ཅེས་བཤད།
           “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་ནང་བཀོད་པ་དེས་ང་ཚོར‘གདེང་ཚོད་བཞིའི’ སྐོར་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་དུས་རབས་གསར་པར་མཛུབ་ཁྲིད་བྱེད་པའི་ལག་ལེན་ཡིན” ཞིང་། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་དེའི་ཁོངས་མི་ཞིག་ཡིན་པའི་ཆ་ནས།ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟླ་བས་དྲ་བ་བརྒྱུད་དེ་གནས་ཚུལ་དེ་ཤེས་རྗེས་བཤད་རྒྱུར། “དུས་རབས་གསར་པར་བསྐྱོད་པར། ང་ཚོ་གནས་ཡུལ་ལྷོ་པ་མི་རིགས་ཤང་གིས་ངེས་པར་དུ་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ལྡན་པའི་པང་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཏེ་མི་སེར་གྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འཇུག་སྲིད”ཅེས་བཤད།
           རྩ་ཁྲིམས་ཀྱི་རྩ་བ་ནི་ལག་བསྟར་བྱ་རྒྱུར་རག་ལས་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱ་རྒྱུར་ཐུག་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་རྩ་ཁྲིམས་དག་བཅོས་འཆར་ཟིན་ལ་འདེམས་ཤོག་མང་ཆེ་བ་ཐོབ་ནས་གྲོས་འཆམ་བྱུང་བ་དེ་མགོ་ཚུགས་སར་བཟུང་སྟེ།  རང་རྟོགས་ཀྱིས་རྩ་ཁྲིམས་ཀྱི་རྩ་དོན་བརྩི་སྲུང་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ། རྩ་ཁྲིམས་ཀྱི་འགན་འཁྲི་སྒྲུབ་པ་བཅས་དང་། རྩ་ཁྲིམས་ལག་བསྟར་དམ་འཛིན་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་། རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་དོན་དང་དགོངས་དོན་དངོས་སུ་དོན་འཁྱོལ་ཡོང་བ་བྱ་དགོས།    
           མིག་སྔར།རང་ལྗོངས་ནི་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་དུས་སྐབས་ཤིག་ཏུ་གནས་ཤིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཆུས་ཀྲང་གིས་ཀྲང་ཝེས་བསྟན་དོན། ང་ཚོས་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཏུ་བསྒྱུར་ཏེ་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་དབུལ་སྒྲོལ་དང་དབུལ་སྒྲོལ་སྙིང་སྟོབས་དར་སྤེལ་དུ་གཏོང་དགོས་ཞེས་བསྟན།
           སློབ་གྲྭ་ནི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་གྱི་འཐབ་ས་གལ་ཆེན་ཞིག་ཡིན་ཞིང་། རྩ་ཁྲིམས་བཟོ་བཅོས་བྱ་རྒྱུའི་གྲོས་གཞི་ལག་ལེན་དུ་བསྟར་རྒྱུ་ནི་རྒྱ་ཆེའི་སློབ་མ་རྣམས་ལ་རྩ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ལི་ཡན་ཅུས་ཀྱིས་བཤད་རྒྱུར།  “སློབ་གསོའི་ལས་དོན་སྒྲུབ་མཁན་གྱིས་རྒྱུན་གཏན་གྱི་སློབ་ཁྲིད་དང་། དོ་དམ་གྱི་ཁྲོད་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་ཀྱི་རིན་ཐང་གི་ཁྲིད་ཕྱོགས་མཚོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བེད་སྤྱད་ནས་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་ལྟ་བ་མཐོར་འདེགས་སུ་བཏང་སྟེ།  རྩ་ཁྲིམས་ལ་བརྩི་བཀུར་དང་། རྩ་ཁྲིམས་ལ་སློབ་སྦྱོང་དང་། རྩ་ཁྲིམས་ལ་བརྩི་སྲུང་ཞུ་བ། རྩ་ཁྲིམས་ལ་སྲུང་སྐྱོང་དང་། རྩ་ཁྲིམས་བཀོལ་སྤྱོད་བྱ་རྒྱུ་དེ་རྒྱ་ཆེའི་དགེ་སློབ་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་འཇུག་དགོས”ཞེས་བཤད།
           “བཅའ་ཁྲིམས་ལས་དོན་པ་ཞིག་ཡིན་པའི་ཆ་ནས། ང་རང་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུ་དངོས་སུ་བརྒྱུད་ཐུབ་པར་སྤོབས་པ་ཚད་མེད་སྐྱེས་ཡོད། ངས་སླད་ཕྱིན་གྱི་ལས་ཀའི་ནང་རྩ་ཁྲིམས་ཀྱི་དགོངས་དོན་ལག་བསྟར་སྔར་ལས་ལེགས་པ་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་གི་ཡིན” ཞེས་བོད་ལྗོངས་དཔྱད་གཞིར་འཛིན་པའི་ཁྲིམས་རོགས་པའི་ལས་དོན་ཁང་གི་ཁྲིམས་རོགས་པ་ཝང་ཡན་གྱིས་དེ་ལྟར་བཤད།
           རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་རྩ་ཁྲིམས་དག་བཅོས་འཆར་ཟིན་ལ་འདེམས་ཤོག་མང་ཆེ་བ་ཐོབ་ནས་གྲོས་འཆམ་བྱུང་བ་དེས་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་བརྩི་བཀུར་ཐོབ་པ་གང་ལེགས་སྒོས་མཚོན་ཞིང་། དེས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་བྱེད་ཐུབ་ངེས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་སྒུལ་ཤུགས་ཆེན་པོ་དང་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་པར་བསྟན།