ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་པ།

སྤེལ་དུས 2018-03-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

ཟླ3པའི་ཚེས12ཉིན་གྱི་སྔ་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་། འདི་ནི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཐུས་མི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཅིང་ཧན་ཁྲའོ་ཡིས་གཏམ་བཤད་གནང་བཞིན་པ་རེད།
          ཟླ3པའི་ཚེས12ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་།
          བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུའུ་རེན་ཝང་ཡུང་ཅོན་གྲོས་ཞིབ་ནང་ཞུགས།
          ཚོགས་འདུའི་ཐོག    ཝུའུ་དབྱིང་ཅེ་དང་པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན།   ཆེ་དགྲ་ལྷ། ཅིང་ཧན་ཁྲའོ། ཀུའོ་ཆིང་ཕེན། སྐལ་བཟང་སྒྲོལ་དཀར། ཕུན་ཚོགས།  བསོད་དར།   ཕུར་བུ་དོན་གྲུབ། དབང་འདུས། ཀྲུའུ་ཡ་ཕེན། སྒོ་གོག་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། ཚང་མས་གཅིག་མཐུན་ཐོག་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་ནི་དར་ཆ་མཐོན་པོར་སྒྲེང་ཞིང་། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་གནང་པའི་སྙན་ཞུ་ཡག་པོ་ཅིག་ཡིན་ལ། “འདུ་ཤེས་བཞི”ཤུགས་དྲག་ཏུ་བཏང་པ་དང་། “གདེང་ཚོད་བཞི” ཇེ་བརྟན་དུ་བཏང་པ།  ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ལྟ་བ་གསལ་དག་གིས་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་སྙན་ཞུ་ཡག་པོ་ཞིག་ཡིན་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་མི་སེམས་གཅིག་སྒྲིལ་བྱེད་པའི་སྙན་ཞུ་ཡག་པོ་ཞིག་ཡིན་པས། ཡོངས་སུ་ཁས་ལེན་ཡོད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ངོས་འཛིན་གནང་གི་འདུག
          ལྷན་རྒྱས་ཡོངས་ནས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུས་ཏང་གི་འགོ་ཁྲིད་དང་“འདུ་ཤེས་བཞི” དེ་སྙན་ཞུའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད་ཅིང་། བློ་སེམས་དཀར་པོས་སྲོག་ཤིང་སྲུང་སྐྱོབ་བྱེད་ཀྱིན་པ་མངོན་ལ། ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཀྱི་ཆབ་སྲིད་རང་རྟོགས་དང་། བསམ་བློའི་རང་རྟོགས།   བྱ་སྤྱོད་རང་རྟོགས་མངོན་པ། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུས“གདེང་ཚོད་བཞི” བརྟན་པོ་ཡོང་རྒྱུ་དེ་སྙན་ཞུའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད་ལ། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་རྩ་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ཡོད་པ། དོན་ཚན་རེ་རེ་ཚང་མ་གཙོ་གནད་ཡིན་པ་དང་དོན་ཚན་རེ་རེ་ཚང་མ་ནི་གནད་འགག་ཡིན་པ། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་ཆེན་མོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད་པ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་དྲག་པོ་མཚོན་ཡོད་ལ། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་གཙོ་གནད་ལས་དོན་ཕྱོགས་བསྡོམས་ནན་ཏན་བྱས་ཡོད་པ། མ་ལག་ལྡན་པའི་ངང་འདས་ཟིན་པའི་ལོ་ལྔའི་ལས་དོན་གྱི་ཉམས་མྱོང་རྩ་ཆེན་གཅིག་སྡུད་བྱས་ཡོད་ཅིང་། སླད་ཕྱིན་ལོ་ངོ་གཅིག་རིང་གི་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་ནི་དོན་དངོས་དང་མཐུན་པས། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལ་བརྩི་བཀུར་དང་ཁྲིམས་སྲུང་པ། ཁྲིམས་སློབ་པ།ཁྲིམས་སྤྱོད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད་པས་ཀུན་ལ་མིག་དཔེ་བསྟན་པ་རེད་ཅེས་འདོད།
          ལྷན་རྒྱས་ཡོངས་ནས“འདུ་ཤེས་བཞི” སྔར་བས་ཇེ་དྲག་ཏུ་བཏང་སྟེ་། “ གདེང་ཚོད་བཞི” ཇེ་བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་དང་།  རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ། རང་རྟོགས་སྒོས་བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་པ། ཁྲིམས་སྲུང་ནན་པོ་བྱེད་པ། སྣེ་ཁྲིད་དེ་ཁྲིམས་སྤྱོད་དགོས་ལ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བཅའ་ཁྲིམས་ཁྱབ་གདལ་གྱི་ལས་ཀ་ལེགས་པོ་བསྒྲུབ་དགོས་པ།   ཁྲིམས་སྐྱོང་ཀྱི་འདུ་ཤེས་དང་ཁྲིམས་བཅོས་འདུ་ཤེས་ཏེ་ལས་བྱེད་པ་དང་མང་ཚོགས་རེ་རེའི་སེམས་སུ་རྩ་བ་ཚུགས་ཐུབ་པར་བྱ་དགོས་པ། ཁྲིམས་ལྟར་བྱ་བ་ནན་སྒྲུབ་དང་ཁྲིམས་ལྟར་བོད་སྐྱོང་གི་ལག་ལེན་གསར་པས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་ལྷིང་བཅས་ལ་ཁྲིམས་འཛིན་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་བསྟན་བྱུང་།