ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ལྟ་ཞིབ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པ།

སྤེལ་དུས 2018-03-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           ཟླ3པའི་ཚེས13ཉིན་གྱི་ཕྱི་དྲོ།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས། 
           བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་། ལྟ་སྐུལ་དོ་དམ་ཨུ་ལྷན་ཀྲུའུ་རེན་ཝང་ཡུང་ཅུན་སོགས་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་ཐོག་ཏུ་ཝུའུ་དབྱིང་ཅེ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཝང་ཡུང་ཅུན། ཕུན་ཚོགས།  དབང་འདུས།  སྒོ་གོག  བཀྲ་ཤིས་རྒྱལ་མཚན་སོགས་འཐུས་མིས་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་དམ་པོར་དམིགས་ནས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ཞིང་།  ཚང་མས་གྲུབ་འབྲས་དང་།  དོན་སྙིང་གླེང་བ་དང་། བྱ་སྤྱོད་བཤད་ནས་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། ཚང་མས་གཅིག་མཐུན་གྱིས་ལྟ་ཞིབ་བཅའ་ཁྲིམས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དང་།  མང་ཚོགས་ཀྱི་རེ་སྒུག་དང་།  ལག་ལེན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་གསོག་འཇོག་བྱས་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཉམས་མྱོང་གསར་པ་བཅས་ཟུང་འབྲེལ་བྱེད་དགོས་ཤིང་། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཏང་གི་བཞེད་དགོངས་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདུན་མར་བསྒྱུར་ཏེ། རྒྱལ་ཁབ་ཀྱི་ལྟ་ཞིབ་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། མགོ་ཁྲིད་པའི་སྒྲིག་སྲོལ།  ལས་དོན་གྱི་རྩ་དོན་དང་བྱེད་ཕྱོགས་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པ་ཁ་གསལ་གཏན་ཁེལ་བྱས་ཏེ།  ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁྲིའི་དབང་ཚད་དང་།  བརྟག་དཔྱད་བྱེད་ཐབས། ལྟ་ཞིབ་གོ་རིམ་སོགས་ཀྱི་ནང་དོན་གལ་ཆེན་གཏན་འབེབས་བྱས།  དེ་ནི་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་ཀྱི་རྩེ་རིམ་ཇུས་འགོད་གལ་ཆེན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་ཐེངས་དང་པོ་དང་གཉིས་པ།  གསུམ་པའི་ཁྲོད་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ནུས་ལྡན་གྱི་ལག་ལེན་སྐུལ་འདེད་གཏོང་བ་དང་།  དེ་ནི་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་སྟངས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། གཅིག་སྡུད་དང་གཅིག་གྱུར་འཛུགས་སྐྲུན་བྱེད་པ་དང་། དབང་གྲགས་ལྡན་ལ་ལས་ཆོད་ཆེ་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་གྱི་སྤྱི་འདོམས་ཀྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཡིན་ཞིང་། སླར་ཡང་མངོན་པ་མ་ཟད། དེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནམ་ཡང་ལམ་དུ་ཡོད་པའི་བརྟན་བརླིང་དང་དད་སེམས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་བར་སྐུལ་འདེད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་བཅིངས་ནས་བརྩི་བཀུར་བྱེད་དགོས་པ་དང་། ཡོངས་སུ་མོས་མཐུན་ཡོད་པ་ཡང་བསྐྱར་མངོན་པར་བྱས། 
          ཚང་མས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་ཏེ་ལྟ་ཞིབ་བཅའ་ཁྲིམས་གཏན་བཟོ་གནང་བར་ངོས་འཛིན་གང་ལེགས་བྱ་བར་དོན་སྙིང་གལ་ཆེན་ལྡན་ཞིང་།  འབྲེལ་ཡོད་དོན་ཚན་གྱི་ནང་དོན་དང་སྙིང་བཅུད་ལ་གོ་བ་གཏིང་ཟབ་ལེན་པ་དང་། ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་རྒྱུས་ལོན་པ་དང་།  ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ངོ་བོའི་གོ་གནས་དང་། འགན་ནུས་འགན་འཁྲི་དང་། འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་རྐྱེན་སྲོལ་ལ་ངོས་འཛིན་ཡང་དག་པ་ཞིག་བྱས་ཏེ་སྔར་ལས་ལེགས་པོའི་སྒོ་ནས་ཆབ་སྲིད་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་སྟེ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་དང་། ཐོག་མཐའ་བར་གསུམ་དུ“བརྟན་པོ་གསུམ་འཛུགས་པ”རྒྱུན་འཁྱོངས་བྱས་ཏེ་སྤྱོད་ཚུལ་གཙང་མ་གཙང་རྐྱང་གིས་མི་བྱེད་པ་དང་ལས་དོན་བསྒྲུབས་ནས་སྔར་ལས་སྤྱོད་གཙང་གཞུང་དྲང་དང་། གནམ་འཇམ་ས་འཇམ་གྱི་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྲུན་ཏེ།  དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྲ་ཞིང་བརྟན་པའི་བྱ་སྤྱོད་ཀྱི་འགན་སྲུང་མཁོ་འདོན་བྱེད་པར་སྐུལ་འདེད་བྱ་དགོས་པར་འདོད་དོ།  །