ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཞི་ཅིན་ཕིང་འཐུས་མི་ཚོགས་པར་ཕེབས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་ཐེངས་མང་གནང་བ།

སྤེལ་དུས 2018-03-15 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། བདེ་སྐྱིད།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་ཚོགས་ཆེན་གཉིས་ཀྱི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་དང་། ཀོང་ཏུང་། ཧྲན་ཏུང་། ཁྲུང་ཆིན་བཅས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ཐད་གལ་ཆེའི་གསུང་བཤད་ཐེངས་མང་གནང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱས་ནས། དངོས་གཟུགས་དཔལ་འབྱོར་ཚད་དང་ལྡན་པ་དང་སྟོབས་ཆེ་བ་སྤུས་ཀ་ལེགས་པ་བཅས་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
           ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་ས་གནས་དེ་གའི་དཔལ་འབྱོར་སྤུས་ཚད་གོང་འཕེལ་གཏོང་རྒྱུའི་ཐད་ཐབས་ཇུས་བཟང་པོ་བཏོན་གནང་ཡོད།
           ཞི་ཅིན་ཕིང་གིས། ཐོན་ལས་གོང་འཕེལ་གཏོང་བར། ལུག་དང་། རྡོ་སོལ། ས་ཆ། སོལ་རླངས་བཅས་ཁོ་ནར་དམིགས་ནས་སྡོད་རྒྱུ་མེད་པར། ཐོན་ལས་གསར་པ་དང་། འགུལ་ནུས་གསར་པ། འཕར་གནས་གསར་པ་བཅས་གོང་འཕེལ་ཤུགས་ཆེ་གཏོང་དགོས། དེ་དང་དུས་མཚུངས་སུ། བྱ་བ་བསྒྲུབ་དགོས་པ་ཡོད་ལ་བསྒྲུབ་མི་ཆོག་པའང་ཡོད་ཅིང་། དངོས་ཕན་མེད་པའི་རྫིག་མདོག་ཁག་པོ་བྱེད་རྒྱུ་མེད་ཅེས་གསུངས་ཡོད་པ་རེད།
           ཁོང་གིས། རང་རྒྱལ་གྱི་དཔལ་འབྱོར་དེ་མགྱོགས་མྱུར་འཕར་སྣོན་གྱི་དུས་མཚམས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་དུས་མཚམས་སུ་འགྱུར་ཡོད་པས། འཕེལ་རྒྱས་ཀྱི་བསམ་བློ་གཏོང་སྟངས་དེ་སྔོན་གྱི་ཐབས་ཤེས་རྙིང་པའི་ཐོག་སྡོད་རྒྱུ་མེད་ཅེས་དང་།
           ཁོང་གིས། ད་ཆ་རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆར་འགྱུར་ལྡོག་ཆེན་པོ་བྱུང་ཟིན་པ་ད་དང་། ཡུལ་མིའི་འཛད་སྤྱོད་ཀྱི་རིམ་འཕར་མགྱོགས་པོ་འགྲོ་བ། གསར་གཏོད་བྱེད་མང་བའི་དུས་མཚམས་སུ་སླེབས་ཡོད་པས། གལ་སྲིད་བསམ་གཞིག་བྱེད་སྟངས་སྔོན་མའི་ཐབས་ཤེས་ཐོག་བསྡད་ཚེ། མདུན་སྐྱོད་ཀྱི་ལམ་བུ་འཚོལ་དཀའ་བ་ཕུད་ད་དུང་གོ་སྐབས་བཟང་པོ་ཡང་ཤོར་སྲིད་ཀྱི་རེད། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར། གཙོ་གནད་དེ་ཐོན་ལས་གྲུབ་ཆ་བརྗེ་བསྒྱུར་རིམ་སྤར་ཐོག་བཞག་ནས། དངོས་གཟུགས་དཔལ་འབྱོར་ཚད་དང་ལྡན་པ་དང་སྟོབས་ཆེ་བ་སྤུས་ཀ་ལེགས་པ་བཅས་ལ་འཛུགས་སྐྲུན་བྱེད་དགོས། བཟང་ཆར་བརྟེན་པ་དང་། མི་མངོན་པའི་སྟོབས་ཤུགས་སྔོག་འདོན། སྐྱོན་སྤང་དགེ་སྒྲུག་བཅས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་མང་ལ་གསར་དར་ཐོན་ལས་ཉུང་བ་དང་། ཐོན་ལས་དཀྱུས་གྲས་མང་ལ་རྩེར་སོན་ཐོན་ལས་ཉུང་བ། ཐོན་ཁུངས་རང་བཞིན་གྱི་ཐོན་ལས་མང་ལ་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་ལས་ཉུང་བ། ངལ་རྩོལ་ནུས་ཤུགས་འདུས་ཆེ་བའི་ཐོན་ལས་མང་ལ་མ་རྩ་དང་ཚན་རྩལ་འདུས་ཚད་ཆེ་བའི་ཐོན་ལས་ཉུང་བ་བཅས་ཀྱི་གནས་ཚུལ་ལ་འགྱུར་བ་ཧུར་ཐག་གཏོང་དགོས་པ་དང་། སྣེ་མང་གོང་འཕེལ་དང་། སྣེ་མང་འདེགས་སྐྱོར་གྱི་དེང་རབས་ཐོན་ལས་མ་ལག་གསར་པ་འཛུགས་པ། བཟང་ཆ་འབུར་དུ་ཐོན་པ་དང་། གྲུབ་ཆ་ལུགས་མཐུན་ཡིན་པ། གསར་གཏོད་སྐུལ་སྤེལ། ས་ཁོངས་མཐུན་སྦྱོར། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་གོང་འཕེལ་རྣམ་པ་གསར་པ་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
           ཀོང་ཏུང་ནི་རང་རྒྱལ་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྣེ་ཁྲིད་པ་ཡིན་ཞིང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་ཧ་ཅང་གལ་ཆེ་བའི་གནས་བབ་བཟུང་ཞིང་ནུས་པ་ལྡན་ཡོད། ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུ། ཁྱོན་ཡོངས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་པ་བྱེད་རྒྱུ་བཅས་ཀྱི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་པའི་བླང་བྱ་བཏོན་གནང་ཡོད་པ་དང་།
           ཁོང་གིས། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་བ་གཏོང་བ་དང་། དཔལ་འབྱོར་གྲུབ་གཞི་ལེགས་སྒྲིག འཕར་སྣོན་སྒུལ་ཤུགས་བརྗེ་བསྒྱུར་བཅས་ཀྱི་འགག་གཏོར་དུས་སྐབས་སུ་སླེབས་ཡོད། དེ་ནི་ངེས་པར་དུ་མཆོངས་བརྒལ་བྱེད་དགོས་པའི་འགག་སྒོ་ཞིག་ཡིན་ཞེས་ནན་སྟོན་གནང་བ་དང་།
           ཞི་ཅིན་ཕིང་གིས། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞི་སྒྲིག་སྲོལ་འཛུགས་རྒྱུ་ནི་གོ་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། ཁྱོན་ཡོངས་ནས་བསམ་བློ་གཏོང་བ་དང་། རྒྱང་རིང་ལ་ལྟ་བ། གཙོ་གནད་འབུར་དུ་ཐོན་པ། འགག་རྩ་འཛིན་ཐུབ་པ་བཅས་བྱེད་དགོས། སྒྲིག་གཞི་སྒྲིག་སྲོལ་གསར་གཏོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་སྒྲིག་བཀོད་ཀྱི་ལས་ཆོད་ཆེ་རུ་གཏོང་བ། ཐོན་ཁུངས་སྤུས་ལེགས་ཁེ་ལས་དང་ཐོན་རྫས་ནང་གཅིག་སྡུད་ཡོང་རྒྱུར་སྐུལ་འདེད། གསར་གཏོད་རྒྱུ་ཆ་རང་མོས་འགྲོ་རྒྱུག་དང་གཅིག་སྡུད་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གསར་གཏོད་དེ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བྱེད་དགོས། སྤུས་ལེགས་ཀྱི་ལམ་ལུགས་མཁོ་འདོན་དང་། ཞབས་ཞུ་མཁོ་འདོན། རྒྱུ་ཆ་མཁོ་འདོན། འཐུས་ཚང་གི་ཁྲོམ་རའི་མ་ལག་བཅས་ཀྱི་ཐོག་ནས། གོང་འཕེལ་ཁོར་ཡུག་གི་ཡིད་དབང་འགུག་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། འབྱུང་འཕྲོད་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དེ། ང་ཚོས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་རླབས་རྒྱུན་གྱི་སྣེ་ཁྲིད་ཐུབ་མིན་དང་། རྒྱལ་སྤྱིའི་འགྲན་རྩོད་ནང་རང་འགུལ་ཡོང་མིན་དང་འབྲེལ་བ་ཡོད་པ་དང་། ང་ཚོས་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་བདེ་བླག་ངང་མངོན་འགྱུར་ཡོང་ཐུབ་མིན་དང་འབྲེལ་བ་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས། དངོས་གཟུགས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་མཐོང་དེ་བས་ཆེ་བ་བྱས་ནས། ཐོན་གསར་པའི་ཆ་འཕྲིན་ལག་རྩལ་དང་། རྩེར་སོན་སྒྲིག་ཆས་བཟོ་སྐྲུན། སྦག་མེད་ཐན་ཉུང་། སྐྱེ་དངོས་སྨན་རྫས། གྲངས་གཞིའི་དཔལ་འབྱོར། རྒྱུ་ཆ་གསར་པ། རྒྱ་མཚོའི་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་གལ་ཆེའི་ནང་ནས་འགངས་ཆེན་ལ་རྩིས་པ་དང་། ཐོན་ལས་མ་ལག་གི་ཀ་རྟེན་གསར་པ་བསྐྲུན་དགོས། དཔའ་བོས་རང་ལག་གཅོད་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས། སྦག་བཙོག་ཆེ་བ་དང་སྦུད་བཤངས་བྱེད་མང་བའི་ཐོན་ལས་དང་ཁེ་ལས་དེ་དག་འཕྲལ་ཐག་ཆོད་པོས་ཕྱིར་འབུད་བྱས་ནས། གསར་དར་ཐོན་ལས་གོང་འཕེལ་ལ་སྟོང་ཆ་བཤངས་དགོས། ཚན་རྩལ་གསར་གཏོད་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་འདེགས་སྐྱོར་ཡིན། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ། རང་འགུལ་ངང་རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་གྱི་སྒྲུབ་འགན་འཁུར་བ་དང་། རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ཚན་རྩལ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། ཁེ་ལས་འབྲིང་ཆུང་གི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རང་བདག་ཤེས་བྱའི་ཐོན་དབང་དང་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་གསར་གཏོད་རྣམ་པའི་ཁེ་ལས་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
           འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཕྱི་རྒྱལ་ནས་ཕྱིར་ལོག་པའི་ཤེས་ལྡན་མི་སྣ་དང་བྱ་གཞག་གཏོད་མཁན་མང་པོ་དང་སྤེལ་རེས་གནང་བ་དང་། ཁོང་གིས། གསར་གཏོད་སྒུལ་བྱེད་ནི་རྒྱལ་ཁབ་ཀྱི་ཐབས་ཇུས་ཤིག་ཡིན། འགུལ་ནུས་གསར་རྙིང་ལ་དངོས་སུ་ལོ་རྒྱུས་རང་བཞིན་གྱི་བརྗེ་བསྒྱུར་ཐེབས་ན། ཀྲུང་གོ་གཞི་ནས་དངོས་སུ་སྟོབས་ཆེར་འགྲོ་ཐུབ་ཅེས་གསུངས་ཡོད་པ་དང་།
           ཁོང་གིས། ང་ཚོས་ཚན་རྩལ་གསར་གཏོད་ལ་སྐྱེ་ཁམས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། ང་ཚོའི་ཡིད་འགུག་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ང་ཚོའི་མེས་པོ་རྣམས་ཀྱིས་གསུངས་པ་ལྟར། རྟག་ཏུ་རྣམ་པ་གསར་པ་གཏོད་དགོས་པ་དང་། གནམ་འོག་བདེ་དགོས་ན་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་གསུངས་ཡོད་པ་རེད།
           ཁོང་གིས་ད་དུང་། ཀྲུང་གོ་སྟོབས་ཆེར་འགྲོ་དགོས་ན་གསར་གཏོད་ལ་བརྟེན་དགོས་པ་དང་། གསར་གཏོད་བྱེད་པར་ཤེས་ལྡན་མི་སྣར་བརྟེན་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
           ཁོང་གིས། གོང་འཕེལ་ནི་ལས་འགན་གཙོ་བོ་དེ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་དེ་ཡིན་པ། གསར་གཏོད་ནི་འགུལ་ཤུགས་ཨང་དང་པོ་དེ་ཡིན། ཀྲུང་གོས་གལ་ཏེ་གསར་གཏོད་ཀྱིས་གོང་འཕེལ་ལ་སྒུལ་ཤུགས་སྦྱིན་པའི་ལམ་བུར་མ་བསྐྱོད་པ་དང་། འགུལ་ནུས་གསར་རྙིང་བདེ་བླག་ངང་བརྗེ་བསྒྱུར་མ་ཐུབ་ན། དངོས་སུ་སྟོབས་ཆེར་འགྲོ་མི་ཐུབ་པར། ཆེ་ཡང་སྟོབས་ཆེན་པོ་ཡོང་མི་སྲིད། ཤེས་ལྡན་མི་སྣའི་སྲིད་ཇུས་དང་གསར་གཏོད་སྒྲིག་གཞི་ཚང་མ་ནི་གོམ་སྟབས་རྗེས་མར་བསྒྱུར་བཅོས་བྱེད་སའི་གཙོ་གནད་ཡིན་ཞེས་གསུངས་ཡོད་པ་རེད།