ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་ལ་འཐུས་མིའི་གྲོས་འགོ་ཁག་6ཕུལ་བ།

སྤེལ་དུས 2018-03-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་ཆོས་སྒྲོན།
          ཚེས་14ཉིན་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་གཞི་དང་གྲོས་འགོ་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར། བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་ལ་འཐུས་མིའི་གྲོས་འགོ་ཁག་6ཕུལ་བའི་ནང་འཐུས་མི་ཚོགས་པའི་མིང་ཐོག་ནས་གྲོས་འགོ་ཁག་5བཏོན་པ་དང་འཐུས་མི་མི་སྒེར་གྱིས་གྲོས་འགོ་ཁག་1བཏོན་ཡོད།
          འདི་ལོ་ཕུལ་བའི་གྲོས་འགོའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཚུད་ཡོད་པ་སྟེ། དཔེར་ན། “ཁྲོན་བོད་ཀྱི་འཐབ་ཇུས་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་གྲོས་འགོ”དང་། “བོད་ཀྱི་སྤྱི་པའི་ཞབས་ཞུ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ” “བོད་རང་སྐྱོང་ལྗོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཕན་འབྲས་ཁ་གསབ་ཚོད་ལྟའི་ངང་སྤྲོད་དགོས་པའི་སྐོར་གྱི་གྲོས་འགོ”སོགས་རེད། བོད་ཀྱི་འཐུས་མི་ཚོགས་པའི་གྲོས་གཞི་དང་གྲོས་འགོ་ཚོགས་ཆུང་གི་འགན་འཁུར་བས་གྲོས་འགོ་དེ་དག་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་ནང་མོལ་བཟོ་བཅོས་གང་ལེགས་བྱས་པའི་རྨང་གཞིའི་ཐོག་བཏོན་པ་ཞིག་ཡིན་པས་སྤུས་ཚད་མཐོ་བ་དང་། གཙོ་གནད་འབུར་དུ་ཐོན་པ། དམངས་འཚོ་དང་དམ་པོར་དམིགས་པ་བཅས་བྱས་པ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཀྱི་བླང་བྱ་མཚོན་པ། བོད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་ཀྱང་བྱས་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ། དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད་ཅེས་གསུངས་པ་རེད།