ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རང་སྐྱོང་ལྗོངས་དང་ཧྲེ་མའོ་ཚོགས་པའི་དབར་ཐུམ་འབུའི་ནད་འགོག་བཅོས་ཀྱི་རོགས་སྐྱོར་གྲོས་མཐུན་བཞག་པ།

སྤེལ་དུས 2018-03-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ།
             ཉེ་དུས་རང་སྐྱོང་ལྗོངས་དང་ཧྲེ་མའོ་ཚོགས་པའི་དབར་ཐུམ་འབུའི་ནད་འགོག་བཅོས་ཀྱི་རོགས་སྐྱོར་གྲོས་མཐུན་བཞག་པ་དང་ཧྲེ་མའོ་ཚོགས་པས་མ་དངུལ་སྒོར་ཁྲི་1000ཞལ་འདེབས་ཕུལ་ནས་ཐུམ་འབུའི་ནད་ཆེད་དོན་འགོག་བཅོས་ཐད་སྤྱོད་རྒྱུ་ཡིན་པ་རེད།
             ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཀྲུང་གོའི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ། ཧྲེ་མའོ་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞུས་རུང་མའོ་རྣམ་གཉིས་གྲོས་མཐུན་འཇོག་པའི་མཛད་སྒོར་ཕེབས་པ་མ་ཟད། ཤིས་ཚིག་ཀྱང་གསུངས་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
             ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧྲེ་མའོ་ཚོགས་པས་མ་དངུལ་ཞལ་འདེབས་ཕུལ་བའི་དྲང་བདེན་གྱི་བྱ་སྤྱོད་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་རང་ལྗོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་མཐོང་ཆེན་དང་། རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་དང་། ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་སྤེལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རིང་ཐུམ་འབུའི་ནད་མི་ཐོན་པ་བྱ་རྒྱུ་དང་ཆབས་ཅིག་གྲུམ་བུའི་ནད་དང་། འདུས་འདྲིལ་གཅོང་ནད། མཆིན་ཚད་སོགས་འཐེན་བཤེར་གྱིས་སྨན་བཅོས་རྒྱུན་མཐུད་བྱ་རྒྱུ་ཡིན་ལུགས་གསུངས།
             ཆེ་དགྲ་ལྷས་རང་ལྗོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བར་བྱེད་པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་བྲལ་ཐབས་མེད་ལ་ལྗོངས་ཕྱི་ནང་གི་ཕྱོགས་ཁག་གི་བསམ་ཤེས་དང་རྒྱབ་སྐྱོར་དང་ཡང་ཁ་བྲལ་ཐབས་མེད་པ་དང་སྨན་བཅོས་འཕྲོད་བསྟེན་འཐབ་ཕྱོགས་ཀྱིས་ལེགས་སྐྱེས་ཕུལ་བ་དང་ཁ་བྲལ་ཐབས་མེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ས་མཐོའི་བདེ་ཐང་དང་འཕྲོད་བསྟེན་བྱ་གཞག་ཁྲོད་ལག་བསྟར་དོན་འཁྱོལ་གྱིས་བདེ་ཐང་གི་བོད་ལྗོངས་ཧུར་ཐག་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཡིད་སྨོན་བྱེད་པའི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་ཡོང་བར་བྱ་རྒྱུ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་ངང་ཐེབས་རྩའི་དངུལ་བེད་སྤྱོད་ཡག་པོ་བཏང་ནས་ཁེ་ལས་ཀྱི་གཅེས་སེམས་ལས་ནད་པ་མང་པོ་སྨན་བཅོས་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་རོགས་རེས་ཀྱི་མེ་ཏོག་ས་མཐོའི་གང་སར་བཞད་ཐུབ་པ་བྱེད་དགོས་ཞེས་གསུངས།
             ཞུས་རུང་མའོ་ཡིས་ཧྲེ་མའོ་ཚོགས་པས་སླད་ཕྱིན་ད་དུང་བོད་ཀྱི་སྨན་བཅོས་དང་། སློབ་གསོ། ལས་ཞུགས། དབུལ་སྐྱོར་སོགས་དགེ་སྒྲུབ་ལས་དོན་ལ་མུ་མཐུད་ཞུགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས།
             རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་མཐུན་འཇོག་པའི་མཛད་སྒོར་ཕེབས་ཡོད་པ་རེད།