ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

སྤེལ་དུས 2018-03-20 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། པ་ཕན་གྱིས་བསྒྱུར།
ཝུའུ་དབྱིང་ཅེ་དང་པད་མ་འཕྲིན་ལས་ཞུགས་པ་དང་། དབྱང་ཁྲོན་ཐང་གཟིགས་པར་ཕེབས་པ། བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་ཞུགས་པ།
          ཟླ་3ཚེས་19ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། ལོ་འཁོར་གྱི་འཆར་གཞི། ལོ་འཁོར་གྱི་སྔོན་རྩིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་དྲུག་དང་། ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་མ་ཟིན་ལ་གྲོས་ཞིབ་གནང་བ་རེད།
          བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་གྲོས་ཞིབ་ནང་ཞུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཧྲུའུ་ཅི་དབྱང་ཁྲོན་ཐང་ཚོགས་འདུར་གཟིགས་པར་ཕེབས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཝང་གཡུང་ཅུན་བཅས་ཚོགས་འདུར་ཞུཌ་ཡོད་པ་རེད། ད་དུང་བསོད་དར་དང་ཀྲུའུ་ཡ་ཕིན་ཚོཌ་འདུར་ཟུར་ཞུཌ་གནང་ཡོད་པ་རེད།
          དབྱང་ཁྲོན་ཐང་གིས་གཟིགས་པར་ཕེབས་སྐབས་འཐུས་མི་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་འབྲེལ་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
          དབྱང་ཁྲོན་ཐང་གིས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མྱུར་བགྲོད་ལྕཌ་ལམ་དང་། མྱུར་བགྲོད་གཞུང་ལམ། གྲོང་གསེབ་གཞུང་ལམ།
          དམངས་སྤྱོད་མཁའ་འགྲུལ་གནམ་ཐང་བཅས་འཛུགས་སྐྲུན་དང་དེ་བཞིན་འགྲིམ་འགྲུལ་སྒྲིག་ཆས་བཟོ་སྐྲུན་སོགས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད་ལ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲོན་དངུལ་དང་དཔྱ་ཁྲལ་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་དང་། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱེད་པ། སྤྱི་པའི་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་གཏོང་བ། འགྲིམ་འགྲུལ་ལ་མ་དངུལ་ནུས་ལྡན་གཏོང་བར་སྐུལ་འདེད། ལས་རྣམ་གསར་པ་འཕེལ་རྒྱས་ལ་སྐུལ་འདེད། ལྗང་མདོག་འགྲོ་སྐྱོད་ལ་སྐུལ་འདེད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ལའང་བླང་བྱ་ཁ་གསལ་བཏོན་ཡོད། དེ་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་རེ་བ་ནན་པོ་བཅོལ་ལུགས་གང་ལེགས་མངོན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་ལ་མུ་མཐུད་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། གཉེར་སྐྱོང་བཅས་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་འདེགས་སྐྱོར་དང་འགན་ལེན་བྱེད་དགོས་པ་དང་། བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ནུས་པས་ལྕོགས་ཚོད་དང་བབ་བསྟུན་ལས་སྒྲུབ་ཀྱིས་འགྲིམ་འགྲུལ་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ངེས་གནས་གནད་འཁེལ་འཚོལ་བ་དང་། བྱ་བ་དངོས་སྒྲུབ་པ། ཁྱད་ཆོས་ཡོད་པ་བཅས་བྱས་ནས་བོད་ཀྱི་ལྗོངས་བབ་དང་མཐུན་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ནུས་ལྡན་སྐྲུན་དགོས་ཞེས་གསུངས། དབྱང་ཁྲོན་ཐང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུས་བོད་ཀྱི་བྱ་གཞག་ཁག་དང་ལྷག་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་དང་། བོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་གྱི“གནད་སྨིན་དབུལ་སྒྲོལ”འདུ་འགོད་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར། བོད་དུ་འགྲོ་འོང་བྱེད་པའི་བགྲོད་ལམ་ཆེ་མོ་འཛུགས་སྐྲུན་ལ་རྒྱབ་སྐྱོར། རྒྱལ་སྲུང་མཐའ་སྲུང་གཞུང་ལམ་དང་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བཅས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་སྔོན་སྐྱོད་པ་ཡག་པོ་བྱེད་པ་དང་། དེ་བས་སྟོབས་དང་ལྡན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          གྲོས་ཞིབ་གནང་རིང། འཐུས་མི་རྣམ་པས་སྙན་སྒྲོན་གྱི་གྲོས་ཆོད་འཆར་ཟིན་དྲུག་དང་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་མ་ཟིན་ལ་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
          པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་སྐབས། ད་ཐེངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བའི་འབྲས་བུ་ཞིག་ཡིན་ལ་རྒྱལ་ཡོངས་མི་དམངས་ཀྱིས་ཡིད་ཆེས་གང་ལེགས་གནང་བ་དང་ཁ་འབྲལ་ཐབས་མེད། ངས་སླད་ཕྱིན་གྱི་ལས་དོན་ནང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ནམ་ཡང་འབད་འཐབ་བྱེད་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ་བོད་ཀྱི་ལས་དོན་ལ་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།
          འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཡག་པོ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱེད་པ་དང་། “བློ་བརྟན་འགྱུར་མེད་ལྔ་དང་འགན་ལེན་ལྔ”ལ་དམིགས་པ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བསམ་བློ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཡོང་རྒྱུར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཀྱི་དུས་རབས་ཀྱི་ཚ་རླབས་ཁྲོད་ཞུགས་པ་བཅས་བྱས་ཏེ་དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན་ཞེས་གསུངས།