ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

《མཁའ་ལམ་གྱི་རིག་གནས་ཏེ། བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན》ཞེས་པ་པེ་ཅིང་དུ་འགྲེམས་སྟོན་བྱས།

སྤེལ་དུས 2018-04-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
 


           པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། པེ་ཅིང་གྲོང་ཁྱེར་རིག་དངོས་ཅུས་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཅུས་བཅས་ཀྱིས་རོགས་སྒྲུབ་གནང་བ་དང་།  རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་འགན་སྒྲུབ་གནང་བའི《མཁའ་ལམ་གྱི་རིག་གནས་ཏེ། བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན》ཞེས་པ་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པར་མ་ཟད། ཟླ7པའི་ཚེས22ཉིན་བར་དུ་སྤེལ་རྒྱུ་རེད།

           ད་རེས་ཀྱི་འགྲེམས་སྟོན་ནང་པེ་ཅིང་དང་། བོད་ལྗོངས།  ཧོ་པེ། ཁྲུང་ཆིང་།  མཚོ་སྔོན་སོགས་ཀྱི་རིག་དངོས་ཉར་ཚགས་བྱེད་མཁན་གྱི་ལས་ཁུངས21ལྷག་ཡོད་ཅིང་། དེར་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་།  ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་ཚ་གཡོལ་རི་གྲོང་རྟེན་རྫས་བཤམས་མཛོད་ཁང་། ཁྲུང་ཆིང་ཀྲུང་གོའི་འགག་གསུམ་རྟེན་རྫས་བཤམས་མཛོད་ཁང་དང་། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་སོགས་འདུས་ཡོད།  འགྲེམས་སྟོན་དུ་སྤྱི་བསྡོམས་པས་རིག་དངོས216ལྷག་འགྲེམས་སྟོན་བྱས་ཤིང་། དེའི་ཁྲོད་བོད་ལྗོངས་ས་ཁུལ་གྱི་རིག་གནས་རྟེན་རྫས་བཤམས་མཛོད་ལས་ཁུངས་དང་དགོན་སྡེ་ཁག་གིས་རིག་དངོས180ལྷག་མཁོ་འདོན་བྱས་པ་དང་། དེ་ལས་མང་པོ་ཞིག་ནི་ཐོག་དང་པོར་བོད་ལྗོངས་ནས་ཕྱིར་བུད་པ་དང་། ལ་ལ་ཞིག་ནི་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད།

           ཐེངས་འདིའི་འགྲེམས་སྟོན་དེ་བསྡོམས་པས་ཤེས་རིག་གི་འབྱུང་ཁུངས་དང་། ས་མཐོའི་མཁའ་ལམ། གངས་ལྗོངས་ཀྱི་སངས་རྒྱས་ཀྱི་དབྱངས། ཁྱིམ་ཚང་གཅིག་ཅེས་སྡེ་ཚན་བཞིར་བགོས་ཡོད་ཅིང་། བོད་ལྗོངས་ཀྱི་རིག་གནས་བརྗེ་རེས་གཙོར་བཟུང་སྟེ་དངོས་ཡོད་ཀྱི་རིག་དངོས་ཀྱི་སྣང་བརྙན་གྱིས་བོད་ལྗོངས་དང་མཐའ་འཁོར་ས་ཁུལ་གྱི་རིག་གནས་ཀྱི་འབྲེལ་འདྲིས་བརྗོད་དེ། བོད་ལྗོངས་རིག་གནས་ཀྱི་ངོས་ལེན་དང་རྒྱལ་ཁབ་ངོས་ལེན་གྱི་ཆགས་ཚུལ་དང་། དེ་དང་ནང་ལོག་བར་གྱི་ཁྲག་རྒྱུད་ཀྱི་འབྲེལ་བར་འགྲེལ་བཤད་བྱས་པར་མ་ཟད། བོད་ལྗོངས་ས་ཁུལ་གྱི་ལོ་རྒྱུས་རིག་གནས་ཀྱི་ཕུན་ཚོགས་སྣ་མང་རང་བཞིན་བསྟན་ཏེ་ལྟད་མོ་བར་བོད་ལྗོངས་ལ་རྒྱུས་ལོན་བྱེད་པར་མཐུན་མིན་གྱི་མཐོང་སྣེ་ཞིག་མཁོ་འདོན་བྱས། 

           འགྲེམས་སྟོན་དེས“ བོད་རིགས་དང་དེའི་ལོ་རྒྱུས་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིར་བཏོན་པའི་ནུས་པ་གལ་ཆེན”དེ་འགྲེམས་སྟོན་གྱི་བརྗོད་དོན་བྱས་ཤིང་།  བརྗོད་དོན་གཙོ་བོ་དེར་དམིགས་ཏེ་འགྲེམས་སྟོན་གྱི་བཀོད་སྒྲིག་གིས་ཀྱང་བོད་ལྗོངས་ཁྱད་ཆོས་མངོན་པར་མཚོན་ཡོད། ཐེངས་འདིའི་འགྲེམས་སྟོན་གྱི་ཚོས་གཞི་དང་བཟོ་ལྟ་ཚང་མར་བོད་བཟོའི་ཁྱད་ཆོས་ཆེན་པོ་མངོན་ཞིང་།  བོད་ལྗོངས་ཀྱི་ས་ཁུལ་ལ་ལའི་ཁྱད་ལྡན་གྱི་བཟོ་སྐྲུན་རྒྱུ་ཆའང་འགྲེམས་ཁུལ་གྱི་བཟོ་བཀོད་དུ་འདྲེས་པ་དང་། འགྲེམས་སྒྲོམ་ཁ་ཤས་ཀྱི་རྒྱབ་ལྗོངས་ཚང་མ་རྩྭ་རེའུ་ལྕག་གིས་བཟོས་པའི་བོད་ཤོག་གིས་མཛེས་རྒྱན་སྤྲས་ཡོད།

           གོ་སྐབས་ཐོབ་དཀའ་བའི་འགྲེམས་སྟོན་གྱིས་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་རུ་སྒྲིག་རིང་པོ་ཞིག་བྱུང་བའི་སྣང་ཚུལ་བྱུང་ཞིང་། དེས་པེ་ཅིང་ས་གནས་ཀྱི་སྡོད་དམངས་མང་པོ་ཞིག་གི་ཡིད་དབང་བཀུགས་པར་མ་ཟད། པེ་ཅིང་དུ་ཡུལ་སྐོར་དུ་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པའང་མང་པོ་ཞིག་ཡོང་སྟེ་བོད་ལྗོངས་ཀྱི་མཛེས་ཉམས་ལོངས་སུ་སྤྱད། ལྟ་སྐོར་བྱེད་མཁན་གྱི་མི་ཚོགས་ཁྲོད་དུ་མགོ་སྐྲ་དཀར་པོར་གྱུར་པའི་རྒན་རྒོན་དང་བསམ་མི་ཤེས་པའི་བྱིས་པའང་ཡོད་ཅིང་། ཚང་མས་མཛེས་སྡུག་སྤུས་ལེགས་ཀྱི་རིག་དངོས་ལ་བསྔགས་བརྗོད་བྱས་ཏེ་གོམ་པ་མདུན་དུ་སྤོ་ཐབས་ཀྱང་བྲལ་བར་གྱུར། 

           འགྲེམས་ཁང་ནང་དུ་ཡར་བསླངས་པའི་བརྙན་ཤེལ་སྟེང་དུ་བོད་ལྗོངས་ཀྱི་མཛེས་ལྗོངས་གཏོང་བཞིན་ཡོད་ཅིང་། དེས་བོད་ལྗོངས་སུ་འགྲོ་མྱོང་མེད་པའི་མི་རྣམས་ཀྱི་སེམས་པ་ཅིག་ཅར་དུ་འཕྲོག  འགྲེམས་སྟོན་གྱི་མཇུག་སྒྲིལ་བར་ཇུས་འགོད་བྱས་པའི་ཕོ་བྲང་པོ་ཏ་ལའི་རྣམ་པར་ལད་བཟོ་བྱས་པའི་བརྙན་གཏོང་ཁང་ནང་དུ། 《བོད་ལྗོངས་ཀྱི་མཁའ་དབྱིངས་ཀྱི་སྐར་ཚོགས》ཞེས་པའི་བརྙན་འཕྲིན་རྒྱུན་འཁོར་གྱི་གཏོང་བཞིན་ཡོད་ཅིང་། དེས་འཛམ་གླིང་ཡང་རྩེའི་གཡའ་དག་པའི་ནམ་མཁའ་དང་ལམ་ལམ་དུ་འཚེར་བའི་སྐར་ཚོགས་ཀྱིས་གྲོང་ཁྱེར་དུ་འཚོ་སྡོད་བྱས་པའི་མི་རྣམས་ལ་ལྷིང་འཇགས་ཤིག་སྦྱིན།