ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་སྒྱུ་རྩལ་པ་དག་ཉིང་ཁྲིར་མཉམ་འཛོམས་བྱུང་ནས་ཐུན་མོང་ཐོག་སྒྱུ་རྩལ་འཕེལ་རྒྱས་ལ་འཆར་འགོད་གནང་པ།

སྤེལ་དུས 2018-04-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
              ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་ཀྱི་སྒྱུ་རྩལ་པ་མང་པོ་མཉམ་དུ་འཛོམས་ཏེ། ཉིང་ཁྲི་ནས་བརྗོད་གཞི་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། བོད་ལྗོངས་ཀྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གནད་འགག་གི་དུས་རིམ་འོག  རིག་རྩལ་བྱ་གཞག་ཇི་ལྟར་འཕེལ་རྒྱས་གཏོང་པ་དང་། ཐུན་མོང་ཐོག་བོད་ལྗོངས་ཀྱི་རིག་གནས་དང་སྒྱུ་རྩལ་འཕེལ་རྒྱས་གཏོང་བར་འཆར་འགོད་གནང་པ་རེད།
སྐད་གྲགས་ཆེ་བའི་འཁྲབ་སྟོན་པ་བསྟན་འཛིན(གཡས་ཀྱི་གཉིས་པ)གྱིས་བོད་ལྗོངས་ཀྱི་རིག་རྩལ་བྱ་གཞག་འཕེལ་རྒྱས་སྐོར་ལྷུག་པོར་བརྗོད་པ།
              བསྟན་འཛིན་ནི་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཚོགས་གཙོ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། རིག་གནས་པུའུ་ཡི་སྔོན་ཐོན་ཕུལ་བྱུང་ཆེད་མཁས། བོད་ལྗོངས་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་ནའང་། ཀུན་གྱིས་ཁོང་ལ་ཆེས་རྒྱུས་མངའ་ཆེ་བའི་ཐོབ་ཐང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིན་པ་དེ་རེད། འདི་ཡང་ཁོང་ཉིད་ཆེས་གཟི་བརྗིད་སྐྱེས་དགོས་པ་ཞིག་ཀྱང་རེད།  འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས་ལོ་འཁོར་མོར་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ཕལ་བར་འཁྲབ་སྟོན་གནང་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་འདྲིས་དང་ཕན་ཚུན་བར་སེམས་པ་སྦྲེལ་ནས་མང་ཚོགས་ལ་ཆེས་མཁོ་བའི་རིག་རྩལ་འཁྲབ་སྟོན་གནང་ཞིང་། བསྟན་འཛིན་བརྩེ་དུང་གིས་ཁེངས་ཡོད་ཅིང་། ཁེངས་སྐྱུང་ལྡན་པའི་ངང“ནམ་རྒྱུན་མང་ཚོགས་ཀྱིས་རིག་རྩལ་ལ་རེ་ཞིང་སྒུག་པའི་མིག་མདངས་དེ་མཐོང་མ་ཐག མང་ཚོགས་ཀྱིས་སྦ་གསང་གཏན་ནས་མེད་པའི་དགའ་སྤྲོ་དང་དགོད་སྒྲ དེ་བཞིན་ཆེས་བབ་ཆགས་ལ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐོས་ཚེ།  མང་ཚོགས་ཀྱིས་རིག་རྩལ་འཁྲབ་སྟོན་ལ་རེ་སྒུག་ག་འདྲ་བྱེད་ཀྱིན་པ་ངང་ངམ་ཤུགས་ཀྱིས་ཚོར་ཐུབ་ཅིང་། ང་རང་ལ་མཚོན་ན་རྣམ་ཤེས་ལ་གཙང་དག་ཐེངས་ཤིག་བྱས་པ་ཡིན་པས།  ད་གཟོད་མི་ལོ་སུམ་ཅུར་རྒྱུན་བསྐྱངས་ཏེ་གཞས་བཏང་པ་ཡིན”ཞེས་བརྗོད་བྱུང་།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས་སུ་སྒྱུ་རྩལ་པ་རྣམས་ཀྱིས་ནན་ཏན་སྒོས་འཐུས་མིའི་གཏམ་བཤད་ལ་གསན་བཞིན་པ།
              བསྟན་འཛིན་ནི་འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ནའང་། ཁོའི་ལུས་སྟེང་གི་མང་ཚོགས་ལ་བཟུང་པའི་ཁེངས་སྐྱུང་གི་གཤིས་ཀ་དང་། དེ་བཞིན་རིག་རྩལ་གྱི་ལས་ཀ་བྱེད་མཁན་རྒན་རབས་རྣམས་ལ་གོང་བཀུར་གནང་པ་དེ་ནི་བོད་ལྗོངས་ཀྱི་རིག་རྩལ་ལས་སྒྲུབ་པ་རྣམས་ཀྱི་ཚད་ཤིང་དུ་བཞག་ཆོག་སྟེ།  ཁོང་གིས“བོད་ལྗོངས་ཀྱི་སྒྱུ་རྩལ་པ་རྒན་གྲས་ཚོར་ཡུལ་བབ་དང་བསྟུན་པ་དང་། ཁ་ཞེ་གཉིས་མེད་ཀྱིས་མང་ཚོགས་ལ་འཁྲབ་སྟོན་གནང་པ་ཡིན་ལ། བར་སྣང་ནི་འཁྲབ་ཚན་དང་ས་གཞི་ནི་གར་སྟེགས་བྱས་ཤིང་། ཆེས་ཕུལ་བྱུང་དང་ལྷག་བསམ་གྱིས་ཁེངས་པའི་འཁྲབ་སྟོན་ལས་གློག་འོད་མཚར་སྡུག་བཀྲ་བ་ཞིག་ཀྱང་ཡོད་པ་མ་རེད། དེང་དུས་ཀྱི་རང་རེའི་རིག་རྩལ་ལས་ཀ་པ་དག་གིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ངེས་པར་དུ་རྒྱུན་འཛིན་ཡག་པོ་གནང་དགོས་ཤིང་། དུས་ཚོད་དེ་ལས་མང་པོ་བེད་སྤྱད་ནས་མང་ཚོགས་ཀྱི་ཁྲོད་དུ་རྐང་ཚུགས་པར་བྱེད་པ།   འཚོ་བར་ཟབ་འཇུག་བྱེད་པ།  འདི་ལྟར་བྱས་ན་ད་གཟོད་འཚོ་བར་རྐང་ཚུགས་ཤིང་བརྒྱུད་སྒྲོག་བྱེད་སླ་བ། རིན་ཐང་ལྡན་པའི་བརྩམས་ཆོས་ཡག་ཤོས་གསར་རྩོམ་་གནང་ཐུབ་ལ། དུས་རབས་འདིར་ངོ་གནོང་མི་དགོས་པའི་རླབས་ཆེན་བརྩམས་ཆོས་ཀྱང་འབྱུང་ཐུབ་ངེས”ཞེས་གསུང་བྱུང་།
བོད་ལྗོངས་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་བསྟན་འཛིན་མགོན་པོས་གཏམ་བཤད་གནང་བཞིན་པ།
              གནའ་སྔ་མོ་ནས་བོད་མི་རིགས་ནི་གླུ་ལེན་བྲོ་འཁྲབ་ལ་མཁས་པའི་མི་རིགས་ཤིག་ཡིན་ཏེ། བོད་འདི་ཉིད་ལ་གླུ་གར་རིགས་ཤིན་ཏུ་མང་ཞིང་བཟོ་ལྟ་སྣ་ཚོགས་ཀྱི་ཁྱད་ཆོས་ལྡན་པས་ན“གླུ་གར་གྱི་རྒྱ་མཚོ”ཞེས་གྲགས། དུས་རབས་མང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒལ་ནའང་། དེང་སྐབས་ཀྱང་བོད་ཀྱི་གླུ་གར་ནི་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ་གནས་ཡོད་ཅིང་། དེ་ནི་ཞབས་བྲོ་མཁས་ཅན་རེ་རེའི་དཀའ་སྤྱད་འབད་བརྩོན་དང་འབྲལ་ཐབས་མེད་ཅིང་། བོད་ལྗོངས་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ཆ་ནས་བསྟན་འཛིན་མགོན་པོ་ནི་འདི་འདྲའི་ཁེངས་སྐྱུང་བབ་ཆགས་ཡིན་ཡང་ཀུན་གྱིས་གོང་བཀུར་གནང་པའི་བགྲེས་སོང་རྒན་པོ་ཞིག་རེད།
              བསྟན་འཛིན་མགོན་པོར་བོད་ཀྱི་རིག་རྩལ་བྱ་གཞག་ཇི་ལྟར་དར་རྒྱས་གོང་འཕེལ་གཏོང་པའི་ཐད།  རང་ཉིད་ལ་ཐུན་མོང་མ་ཡིན་པའི་བསམ་ཕྱོགས་ཤིག་ཡོད་དེ། ཁོང་གིས་སྒྱུ་རྩལ་པ་གྲགས་ཅན་དག་གིས་ཤུགས་རྐྱེན་འདོན་དགོས་ཤིང་། ཤེས་ལྡན་མི་སྣའི“བརྒྱུད་རོགས་ཁྲིད་གསུམ” གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། རིག་རྩལ་ཡོན་ཏན་ཅན་རྒན་དར་གཞོན་གསུམ་རྒྱུན་འཁྱོངས་ངང་སྐྱེད་སྲིང་བྱས་ཏེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་དགོས་ཤིང་། རིག་རྩལ་འཕེལ་རྒྱས་རྒྱུན་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ལྷག་པར་དུ་ཕྲུ་གུའི་དུས་ནས་བཟུང་སྒྱུ་རྩལ་གྱི་ས་བོན་དེ་ཕྲུ་གུ་རྣམས་ཀྱི་སེམས་ནང་དུ་རྩ་བ་ཟུག་ཅིང་མྱུ་གུ་འབུས་པར་བྱེད་དགོས་པ་མ་ཟད། ད་དུང་བྱེད་ཐབས་ཐབས་ལམ་གསར་གཏོད་བྱས་ནས་བརྩམས་ཆོས་སྤུས་དག་ཁག་ཅིག་གསར་རྩོམ་གནང་སྟེ། བོད་ལྗོངས་ཀྱི་རིག་གནས་ཁྱབ་སྤེལ་དང་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ཞེས་དགོངས་ཀྱི་འདུག
སྙན་ངག་པ་གྲགས་ཅན་ཁྲེན་རེན་ཅེས་བསམ་ཕྱོགས་བརྗེ་རེས་གཏམ་བཤད་གནང་བཞིན་པ།
              བོད་སྐྱོར་ཚན་སྒྲིག་གླུ་དབྱངས《འཛམ་གླིང་ཡང་རྩེར་ཀྲུང་གོའི་ཕུགས་འདུན་གཏོང》ཞེས་པའི་གཞས་བཅུ་དྲུག་ལ་ཚིག་རྩོམ་མཁན་ཁྲེན་རེན་ཅེ་ནི་སྙན་ངག་པ་དང་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། ཁོ་ནི་ད་དུང་བོད་སྐྱོར་ལས་བྱེད་པ་ཞིག་ཀྱང་ཡིན་ལ། དེ་སྔར་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པའང་བྱས་མྱོང་ཡོད། ཁྲེན་རེན་ཅེ་ཡིས་ཐོག་མར་བོད་དུ་ཐོན་དུས་ཀྱི་ཚོར་བ་བརྗོད་སྐབས“དེ་སྔར་རི་བོ་དེ་འདྲ་ཞིག་རྨང་ནས་མཐོང་མྱོང་མེད་ལ།  དེ་ནི་དེ་ལྟར་སྐྱ་མདོག་གིས་ཟིན་ཡོད་ནའང་ཚེ་སྲོག་གི་རྒྱུན་མ་ཆད་པར་ཡོད་ལ།  ཉག་ཕྲ་བའི་རྩྭ་སྐྱ་དེ་འདྲ་དེ་སྔར་མཐོང་མྱོང་མེད་ནའང་དེས་ནི་ནོར་གནག་དེ་འདྲ་ཆེན་པོར་ཚེ་སྲག་བསྩལ་ཡོད་པ། ས་གཤིས་ཞན་པའི་ས་ཞིང་དེ་འདྲ་ཡང་དེ་སྔར་གཏན་ནས་མཐོང་མ་མྱོང་ནའང་དེས་ནི་གནམ་སྔོན་པོ་དེ་འདྲ་ཐེག་ཡོད” ཧ་ལས་ཤིང་ཁྱད་མཚར་བའི་ཉམས་ཀྱིས་ཁེངས་འདུག་ཅིང་། མཐོ་སྒང་གི་མུ་མེད་དང་ཡངས་ཤིང་རྒྱ་ཆེ་བའི་ས་གཞིས་ཁྲེན་རེན་ཅེ་ཡི་སེམས་ལ་ཚོར་བ་དྲག་པོ་བསྩལ་ཡོད་ཅིང་། ཐང་རྒོད་ཆེན་པོ་དང་ཁེར་རྐྱང་གིས་ཁྲེན་རེན་ཅེ་ཡིས་སྙན་ངག་འབྲི་བའི་སེམས་ཁམས་དཔལ་དུ་སྒྲོན་ཡོད་པ་རེད།
              ལས་མིང་མང་པོ་དང་ལོ་ངོ་མང་པོའི་རིང་གི་བོད་སྐྱོར་ཉམས་མྱོང་གིས་ཁྲེན་རེན་ཅེ་ཡིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས།   དམངས་སྲོལ་སོགས་ཁྱབ་ཁོངས་མང་པོའི་ཐད་གཏིང་ཟབ་ཅིང་ཐུན་མོང་མ་ཡིན་པའི་ངོས་འཛིན་ཞིག་ཆགས་ཡོད་པ་རེད།
ཚོགས་རར་ཡོད་པའི་སྒྱུ་རྩལ་པ་དག་གིས་ནན་ཏན་སྒོས་གཏམ་བཤད་ལ་ཉན་བཞིན་པ།
              ཁྲེན་རེན་ཅེ་ཡིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ས་ཁམས་རི་ཀླུང་དག་ལ་མིག་གིས་ལོངས་སྤྱོད་བྱས་ཚེ་དེ་དག་ནི་ལོ་ངོ་དུང་ཕྱུར་འགའ་ཡོད་པའི་རི་བོ་ཆེན་པོ་ཡིན་པ་དང་། མི་ལ་སེམས་ཤུགས་སྩོལ་ཞིང་གདོད་མའི་འབོད་སྐུལ་པ་གཏོང་པ་དེས་མི་དང་རང་བྱུང་ལ་སེམས་གཏིང་ནས་གོང་བཀུར་སྐྱེས་རྒྱུན་ནི་ཤིན་ཏུ་སླ་མོ་ཞིག་རེད། འདི་འདྲའི་རླབས་ཆེ་བའི་དུས་རབས་གསར་པའི་ནང་། རིག་རྩལ་ལས་ཀ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། བརྗོད་བྱ་ཆེན་པོ་བཟུང་ནས་དེ་ལ་མཚོན་ཚུལ་རྙེད་དགོས་ཤིང་།  རྩོམ་ཡིག་ཡག་པོ་བྲི་དགོས་ལ། རིག་རྩལ་ཡག་པོ་སྒྲུབ་དགོས་པ འདུན་མ་ལྡན་ལ་ཕུགས་བསམ་ཆེན་པོ་ཡོད་པའི་སྒོ་ནས་བོད་ལྗོངས་ཀྱི་རིག་རྩལ་བརྩམས་ཆོས་ཀྱི་མཐོ་ཚད་གསར་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་བྱུང་།
ཐང་ཀ་ལྷ་རིས་པ་གྲགས་ཅན་སྤེན་པས་བསམ་ཕྱོགས་བརྗེ་རེས་ཀྱི་གཏམ་བཤད་གནང་བཞིན་པ།
              སྤེན་པ་ནི་ཀྲུང་གོ་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་རྒྱུན་ལས་ལས་འཛིན་དང་བོད་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ལྷ་ས་གྲོང་ཁྱེར་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ལས་འཛིན། མཐོ་རིམ་ཐང་ག་ལྷ་རིས་པ། ཐང་ག་འབྲི་བཞེངས་གནང་བའི་ལོ་ངོ་སུམ་ཅུ་ལྷག་རིང་བརྩམས་ཆོས་སྟོང་ལ་ཉེ་བ་དང་། ཐེངས་མང་པོར་འགྲེམས་སྟོན་ནང་ཞུགས་པར་མ་ཟད་བྱ་དགའ་ཡང་ཐོབ་ཡོད་དེ། ཁོང་གི་བརྩམས་ཆོས་ལ་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཆེན་པོ་རྒྱས་ཡོད་ལ། བཞེངས་རྩལ་ཡང་སྔ་ས་ནས་བྱང་ཆ་ལྡན་པར་གྱུར་ཡོད། ལོ་མང་པོའི་རིང་། རྒན་སྤེན་པ་ལགས་ཀྱིས་རིན་མེད་ངང་ཁོང་ཉིད་དགེ་རྒན་དུ་བསྟེན་པའི་སློབ་མ་རྣམས་ལ་སློབ་ཁྲིད་གནང་པ་ཡིན་ལ། དེའི་ནང་དབང་པོ་སྐྱོན་ཅན་དུ་སློབ་མའང་ཡོད་པ་རེད།
              སྤེན་པ་ལྟར་ན། མཚོ་བོད་ས་མཐོར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཐང་གའི་སྒྱུ་རྩལ་འདིར་བོད་མི་རིགས་ཀྱི་ཤེས་བྱ་ཀུན་ཁྱབ་ཅེས་འབོད་སྲོལ་ཡོད་ལ། སྔོན་དུས་ནས་བོད་མི་རིགས་ཀྱི་མཆོག་ནོར་དུ་བརྩི་བཞིན་ཡོད་ལ། དེང་གི་དུས་འདིར་ཐང་ག་ནི་འཛམ་གླིང་མི་དམངས་ཡོངས་ཀྱིས་ཉར་ཚགས་བྱ་ཡུལ་དུ་ཆགས་ཡོད་ལ། ངོ་གནོང་མི་དགོས་པའི་འཛམ་གླིང་རིམ་པའི་གཅེས་ནོར་ཡིན་པར་འདོད།
              དུས་རབས་གསར་པར་སླེབས་ཚུན། སྤེན་པ་དང་ཐང་གའི་སྒྱུ་རྩལ་མཁས་ཅན་མང་པོ་ཞིག་གིས་ཐང་ག་སྒྱུ་རྩལ་ལ་ཚོང་ལས་དཔལ་འབྱོར་གྱི་ཕོག་ཐུག་ཐེབས་པར་སེམས་ཁྲལ་ཆེན་པོ་གནང་གི་ཡོད་དེ། ཐང་གའི་འབྲི་རྩལ་ཁ་ཤས་རིམ་བཞིན་སྟོངས་པའམ་ཡང་ན་རྒྱུན་ཆད་ལ་ཉེ་ཞིང་། ཐང་གའི་སྒྱུ་རྩལ་པ་རེ་ཟུང་གིས་ཚོང་ཟོག་ཁེ་ཕན་དོན་དུ་གཉེར་ནས་ཐང་གའི་སྒྱུ་རྩལ་རང་བཞིན་སྣང་མེད་དུ་བཞག་ཡོད་ཅིང་། བསླུ་བྲིད་ཆེ་བའི་སེམས་ཁམས་ཀྱི་དབང་གིས་ཐང་ག་རྩེ་གྲ་ཞིག་འབྲི་བཞེང་བྱེད་པའི་ལྷག་བསམ་ཀྱང་མེད་པར་གྱུར་ཡོད་པ་རེད། དེ་སྔོན་སྤེན་པས་བརྟག་དཔྱད་ཞིབ་འཇུག་ཁྲོད་ནས་ཐང་ག་འབྲི་བཞེངས་ཀྱི་གཏེར་དངོས་མ་རྒྱུ་བེད་སྤྱོད་བྱས་པ་ཚད་ལྡན་མིན་པ་དང་དེར་དོ་སྣང་མི་བྱེད་པའི་གནད་དོན་ཡོད་པ་རྟོགས་པ་དང་། ཐ་ན་དེའི་རྫས་འགྱུར་སྦྱོར་བས་དེའི་ཚབ་བྱེད་པའི་སྣང་ཚུལ་ཡང་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས་སུ་སྒྱུ་རྩལ་པ་དག་གིས་འཐུས་མིའི་གཏམ་བཤད་ལ་ནན་ཏན་གྱིས་གསན་བཞིན་པ།
              སྤེན་པ་སོགས་ཐང་ག་སྒྱུ་རྩལ་པ་དག་གིས་རང་ཉིད་ཀྱིས་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་སྐོར་བསམ་ཕྱོགས་བཏོན་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་གི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཐང་གའི་སྒྱུ་རྩལ་ངེས་པར་དུ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཐོབ་པར་ཡོད་ཆེས་ཀྱིས་ཁེངས་ཡོད་པ་རེད།
བོད་ལྗོངས་ཀྱི་འཁྲབ་ཁྲིད་པ་གྲགས་ཁུའུ་ཁུ་ཡིས་བསམ་ཕྱོགས་བརྗེ་རེས་ཀྱི་གཏམ་བཤད་གནང་བཞིན་པ།
              བོད་ལྗོངས་ཀྱི་འཁྲབ་ཁྲིད་པ་གྲགས་ཁུའུ་ཁུ་ཡིས་སྤྱི་ལོ1987 ལོ་ནས་ད་བར་དུ་མདོ་འཛིན་པ་དང་གསར་འགོད་པ། བརྙན་ལེན་པ། བརྙན་ཕབ་པ། བརྡ་ཁྱབ་ཇུས་འགོད། དངོས་ཟིན་གློག་བརྙན་གྱི་འཁྲབ་ཁྲིད་པ་དང་བོད་ལྗོངས་ཀྱི་རིག་གནས་བྱེད་སྒོ་ཆེ་གྲས་སྣ་ཚོགས་ཇུས་འགོད་དང་འཁྲབ་ཁྲིད་པ་ལས་ཀ་གཉེར་པ་རེད། 2013 ལོར་ཁོས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ《ལེ་དབར་ཁྲི་བརྒྱད》ལེགས་གྲུབ་བྱུང་ཞིང་། ཁུའུ་ཁུ་ཡིས་བོད་ལྗོངས་ཀྱི་གློག་བརྙན་དང་བོད་ལྗོངས་ཀྱི་རིག་གནས་ལ་གོ་བ་གཏིང་ཟབ་ལོན་ཡོད་པ་མ་ཟད། སྒྱུ་རྩལ་པ་དག་དང་བསམ་ཕྱོགས་བརྗེ་རེས་གནང་བཞིན་ཡོད་པ་རེད།
              ཁུའུ་ཁུ་ཡིས། བོད་ལྗོངས་ཀྱི་གློག་བརྙན་སྒྱུ་རྩལ་པ་ལས་རིགས་གཏིང་ཟབ་པའི་འཕེལ་རྒྱས་བྱུང་པ་དེས་སྒྱུ་རྩལ་པ་དག་ལ་་སྟེགས་བུ་གསར་པ་དང་མདུན་ལམ་རྒྱ་ཆེན་པོ་བསྐྲུན་ཡོད་དེ།  ཐོག་མར་བརྗོད་བྱ་ཐོག་གི་ཚོད་འཛིན་དང་བཀག་རྒྱ་བརྒལ་དགོས་ཤིང་། ཚད་ཡོད་ཀྱི་ཆ་རྐྱེན་ནང་དུའང་ཕུལ་བྱུང་གློག་བརྙན་བརྩམས་ཆོས་ཐོན་ཆོག་པ་སྟེ། དཔེར་ན་རོགས་སྐྱོར་མ་དངུལ་གཅིག་སྡུད་བྱས་ཏེ་རྣམ་གྲངས་གཅིག་སྒྲུབ་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་སྟོབས་ཆེར་ཕྱིན་ཡོད་པ་ལྟ་བུ། ཁོས་ད་དུང“ང་ཚོས་ངེས་པར་དུ་བོད་མི་རིགས་རང་ཉིད་ཀྱི་རིག་གནས་བརྗོད་གཞི་དང་ལོ་རྒྱུས་གླེང་གཞི་རྙེད་དགོས་ཤིང་། མཐོ་སློབ་དང་ལས་རིགས་སློབ་གྲྭ་བརྒྱུད་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གནང་རྒྱུ་དང་། གློག་བརྙན་བཟོ་ལས་མ་ལག་བཙུགས་པ་བརྒྱུད།  སྔ་གཞུག་ཏུ་ཚང་མར་ཅུང་འཐུས་སྒོ་ཚང་བའི་ཐོན་ལས་རྒྱུན་ཞིག་ཡོད་པར་བྱ་དགོས”ཞེས་ཟེར།
བོད་ལྗོངས་ཀྱི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཧྲའོ་ཞི་ཡིས་བསམ་ཕྱོགས་བརྗེ་རེས་ཀྱི་གཏམ་བཤད་གནང་བཞིན་པ།
              བོད་ལྗོངས་ཀྱི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཧྲའོ་ཞི་ཡིས་རིག་རྩལ་བརྩམས་ཆོས་དྲྭ་ཐོག་ནས་ཁྱབ་སྤེལ་ཤུགས་སྣོན་རྒྱག་པའི་ཐད།   ཉམས་མྱོང་རྩ་ཆེན་མཉམ་སྤྱོད་གནང་ཞིང་བསམ་ཕྱོགས་དང་གྲོས་འགོ་ཞིབ་ཕྲ་བཏོན་ཡོད་འདུག
              ཀྲོའུ་ཧྲའོ་ཞི་ཡིས།  ཆ་འཕྲིན་གྱི་དུས་རབས་སུ་རིག་རྩལ་བརྩམས་ཆོས་ལའང་དྲ་རྒྱའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། རིག་རྩལ་ལས་ཀ་པ་དག་གིས་བསྐྱར་དུ་དྲ་རྒྱར་ངོས་འཛིན་བྱེད་དགོས་ལ་དྲ་རྒྱའི་འཕེལ་རྒྱས་འགྲོ་ཕྱོགས་མཐོང་ཐུབ་པར་བྱ་དགོས་ཞེས་བསྟན་ལ། ཁོང་ལྟར་ན། དྲ་ཐོག་ནས་ཁྱབ་སྤེལ་རྒྱུད་རང་ཉིད་ཀྱི་བརྩམས་ཆོས་ཀྱི་སྤུས་ཚད་བཟང་ངན་ཐད་ཀར་ཞིབ་དཔྱད་བྱས་ཆོག་ལ། རང་གི་བརྩམས་ཆོས་ལ་ཚོང་ལས་ཀྱི་རིན་ཐང་ངེས་ཅན་ལྡན་དུ་བཅུག་ཀྱང་ཆོག་པ།  དྲ་བའི་ལས་སྟེགས་བརྒྱུད། རྩོམ་པ་པོ་འགའ་གང་མགྱོགས་སྒོས་ཕྱི་ལ་ཁྱབ་གདལ་གཏོང་ཐུབ་པ་དང་། མཉམ་ལས་ཀྱི་མོས་པ་ཡོད་པའི་གློག་བརྙན་བརྙན་འཕྲིན་ཀུང་སི་བཙལ་ཆོག་ཅེས་འདོད།
              ཀྲོའུ་ཧྲའོ་ཞི་ཡིས་ཆེད་དོན་ལས་ཁུངས་ཤིག་བཙུགས་ནས་བོད་ལྗོངས་ཀྱི་རིག་རྩལ་གྱི་བརྩམས་ཆོས་སྔར་བས་ལྷག་པའི་དྲིལ་སྒྲོག་ཡག་པོ་བྱེད་པར་རོགས་སྐྱོར་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་དྲ་ཚིགས་དང་མཉམ་ལས་འབྲེལ་བ་ལེགས་པོ་འཛུགས་རྒྱུའི་རེ་བ་རྒྱག་གི་ཡོད་ལ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལས་གཉེར་པའི་ནུས་པ་ཁ་ཤས་འགན་འཁུར་ནས་ཁྱབ་གདལ་སོགས་ཀྱི་འབྲེལ་ཡོད་ལས་དོན་རོགས་རམ་བྱེད་པའི་དགོངས་འཆར་ཡང་བཏོན་འདུག
ཚོགས་རར་ཡོད་པའི་སྒྱུ་རྩལ་པ་དག་གིས་འཐུས་མིའི་གཏམ་བཤད་ལ་ནན་ཏན་གྱིས་གསན་བཞིན་པ།
              བཞུགས་མོལ་ཚོགས་འདུའི་ཐོག་རྣམ་པ་སྤྲོ་སེམས་འཁོལ་ཞིང་སྒྱུ་རྩལ་པ་གྲགས་ཅན་མང་པོས་གང་བསམ་ལྷུག་བརྗོད་གནང་པ། ངོ་མཚར་ཆེ་བའི་གཏམ་བཤད་ལས་བསམ་བློའི་མེ་ལྕེ་མཆེད་ནས་བོད་ལྗོངས་ཀྱི་རིག་རྩལ་བྱ་གཞག་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་སྟོབས་ཤུགས་ཕུལ་གནང་ཡོད་པ་རེད།