ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དམ་པ་དོན་གཉེར་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལྷ་ས་གྲོང་ཁྱེར་དེ“ མཛེས་སྡུག་ལྡན་པའི་ལྷ་ས”རུ་འཛུགས་སྐྲུན་བྱེད་པ།

སྤེལ་དུས 2018-04-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
རི་མོ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ཚོགས་འདུའི་ཡུལ་དངོས་རེད།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས11ཉིན།  ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྲོས་ཚོགས་འཚོགས་ཏེ། 2017 ལོའི་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཕྱོགས་བསྡོམས་དང་། 2018 ལོར་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་ཞིང་། སྡེ་ཁག་སོ་སོར་ཁོར་ཡུག་སྤུས་ཚད་སྲ་བརྟན་དང་མཐོ་རུ་གཏོང་བ་སྲོག་ཤིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། འགག་སྒྲོལ་དཀའ་སེལ་དང་། དམ་པ་དོན་གཉེར་གྱིས་ལྷ་སའི་མཛེས་སྡུག་ལྡན་པའི་ཁོར་ཡུག་སྲུང་སྟེ“མཛེས་སྡུག་ལྡན་པའི་ལྷ་ས”འཛུགས་སྐྲུན་བྱ་བར་འབད་བརྩོན་བྱ་རྒྱུའི་སྐུལ་སློང་བྱས། 
          2017 ལོར། ལྷ་ས་གྲོང་ཁྱེར་གྱིས“ ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་” གི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ལས་ཀའི་སྤྱོད་ཚུལ་ཡོ་བསྲང་ཏན་ཏིག་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་ཏེ་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་ལམ་བུར་བསྐྱོད་དེ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་བརྟན་ལྷིང་ངང་རྒྱུན་འཁྱོངས་བྱས་ཡོད།

རི་མོ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་གི་ཚོགས་འདུའི་ཡུལ་དངོས་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན་། ལྷ་ས་གྲོང་ཁྱེར་གྱིས་2017ལོའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གྲ་སྒྲིག་དང་འགན་སྲུང་ལས་དོན་ལེགས་འགྲུབ་བྱུང་ཞིང་།  ལྟ་སྐུལ་ཞིབ་བཤེར་བྱེད་རིང་། ལྷ་ས་གྲོང་ཁྱེར་ལ་བསྡོམས་པས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ཨང་དྲུག་པས་བརྒྱུད་སྤྲོད་བྱས་པའི་ཡིག་ཆ་ཁྱོན་བསྡོམས་708ལྷག་འབྱོར་ཡོད། གྱོད་གཞི་ཡོངས་རྫོགས་ཡོད་ཚད་དུས་ལྟར་བསྒྲུབས་ཚར་ཏེ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་བསྒྲུབ་རྒྱུའི་གྱོད་དོན་གྱི་རིགས།  བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གྱོད་གཞི 28ལྷག་ལ་ཉེས་ཆད་བཅད་པ་དང་། དངུལ་ཆད་སྒོར་ཁྲི109.24ལྷག་བཅད། ལྷ་སའི་སྦགས་བཙོག་འགོག་བཅོས་ལས་དོན་ཏན་ཏིག་སྤེལ་བ་དང་། 《 ལྷ་ས་གྲོང་ཁྱེར་གྱི་སྦགས་བཙོག་ཆེ་བའི་འབར་རྫས་སྤྱོད་མི་ཆོག་པའི་ཁུལ་གྱི་འབྱེད་སྟངས་ལས་ཀའི་ཇུས་གཞི》ལེགས་སྒྲིག་དང་བཟོ་བཅོས་བརྒྱབ་ཅིང་། མཁའ་རླུང་ཁོར་ཡུག་སྤུས་ཚད་དེ2016ལོ་དང་བསྡུར་ན་བརྒྱ་ཆའི13.4ཇེ་མཐོར་སོང་བ་དང་།  སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་ཁོར་ཡུག་དོ་དམ་དེ་“ ཞིབ་མཆན་འགོད་རྒྱུ་དང་ལྟ་སྐུལ་དོ་དམ་ལ་སྣང་ཆུང་” ནས་“ ལྟ་སྐུལ་དོ་དམ་ལ་སྣང་ཆེན་དང་། ཞིབ་བཤེར་ཆོག་མཆན་ནན་པོ་དང་། ཞབས་ཞུར་སྲུང་སྐྱོང”གི་ཕྱོགས་སུ་བསྒྱུར་ཏེ།  ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ལ་རང་བཤེར་ནན་པོ་སྤེལ་བ་དང་། སློབ་གསོའི་སྦྱོང་བརྡར་གྱི་ལས་དོན་དྲིལ་བསྒྲགས་བྱ་དགོས། ཁེ་ལས་རིགས་ཀྱིས་སྒྲུབ་དགོས་པའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིར་དམིགས་ཏེ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆད་ཁྲིད་སྤེལ་བ་དང་། “6·5འཛམ་གླིང་ཁོར་ཡུག་ཉིན་མོ”གཞིར་བཟུང་སྟེ་ཐུན་མོང་གིས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་། ཆེད་མཁས་པ་གདན་འདྲེན་བྱས་ཏེ་ལས་བྱེད་ལས་བཟོ་པར་ཁོར་ཡུག་སྲུང་སྐྱོང་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་སྤེལ་བ་དང་། ཆ་འཕྲིན་སྤྱི་བསྒྲགས་ལ་ཤུགས་སྣོན་བྱས་ཏེ་ཁོར་ཡུག་ཆ་འཕྲིན་དྭངས་གསལ་གྱི་ཚད་མཚམས་མི་ཆད་པར་ཤུགས་ཆེར་གཏོང་བ་དང་། ཟླ་རེར་གྲོང་ཁྱེར་གྱི་སྤྱི་པའི་རྣམ་པའི་འཚོ་བའི་རྒྱུན་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ཀྱི་གནས་ཚུལ་སྤྱི་བསྒྲགས་བྱས་ཏེ་འཐུང་ཆུ་ཉེན་མེད་འགན་ལེན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

རི་མོ་འདི་ནི་ཡུལ་ཁམས་སྲུང་སྐྱོང་གི་ལས་ཀའི་འགན་འཁྲིའི་ཡི་གེའི་ཡི་གེ་རེད། 
          2018 ལོར། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྩ་འཛིན་དང་། སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེའི་གནས་སུ་འཇོག་དགོས། “ ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང”གི་འཐབ་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། “སྣོད་བཅུད་སྲུང་སྐྱོང་དང་རྒྱལ་ཕྱུག་དམངས་ཕན་གྱི་འབྲེལ་བ”ཐག་གཅོད་ཡང་དག་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ངང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་རྒྱུན་འཁྱོངས་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་བས་སྐས་རིམ་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་དགོས།
          ལྷ་ས་གྲོང་ཁྱེར་གྱིས་གཙོ་བོ་ཕྱོགས་དྲུག་གི་ཐད་ནས2018 ལོའི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་གཙོ་གནད་དམ་འཛིན་ཡག་པོ་བྱ་དགོས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དུ་འཇོག་པ་དང་། བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་ལག་ལེན་ཡོང་བ་དང་། ལས་ཀའི་གྲུབ་འབྲས་ཀྱི་ཁྲོད་ནས་དོན་འཁྱོལ་ཡོང་བ་བྱ་དགོས། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གྲུབ་འབྲས་འགན་ལེན་ཁག་ཐེག་ཡོང་བ་དང་། ཁོར་ཡུག་གི་ཁྲིམས་འགལ་སྒྲིག་འགལ་གྱི་སྣང་ཚུལ་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་ཐད་དངོས་ཡོད་རང་བཞིན་གྱི་ཐོལ་བརྒལ་ཐོབ་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལས་དོན་སོ་སོར་གཅིག་གྱུར་གྱི་འཆར་འགོད་དང་སྐུལ་འདེད་ཡོང་བ། ཁོར་ཡུག་སྦག་བཙོག་འགོག་བཅོས་ཀྱི་ལས་ཀ་བྱེད་ཤུགས་རྒྱུན་མཐུད་ཀྱིས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། ནུས་ཤུགས་ཡོད་རྒུས་འགན་ལེན་ཐེངས་གཉིས་པའི་འབག་བཙོག་གི་འབྱུང་རྩ་ཡོངས་ཁྱབ་ཀྱིས་ཞིབ་བཤེར་བྱེད་པའི་ལས་དོན་བདེ་བླག་ངང་སྐུལ་སྤེལ་བྱས་པ་དང་ཁོར་ཡུག་མི་བཟང་བའི་རྨང་གཞིའི་རྩིས་གྲངས་ཀྱི་ཞན་ཆ་ཁ་གསབ་གཏོང་བ།  ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་གཏིང་ཟབ་དང་། “ འགན་འཁྲི་གཉིས་” དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།  
          ཚོགས་འདུའི་ཐོག་ད་དུང་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་འབྲེལ་རིམ་པ་ཁག་དང་སྡེ་ཚན་ཁག་གིས2018ལོའི་ལོ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་རེད།