ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཧི་མ་ལ་ཡའི་རི་རྒྱུད་དུ་ཉ་ལས་དར་ནས་ས་མཐོའི་མཐའ་མཚམས་རྫོང་གི་དབུལ་ཞྭ་ཕུད་པ།

སྤེལ་དུས 2018-04-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་གོ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྔོ་ལྗང་རི་རབ་ཀྱིས་སྐོར་བ་དང་། ཆུ་ནང་གི་ཉ་མོ་འཁྱུག་བགྲོད་བྱེད་བཞིན། རི་སྟེང་ནས་འབབ་པའི་ཆུ་བོ་ཉ་རྫིང་བརྒྱུད་རྒྱུག་བཞིན་མཆིས། རོང་སའི་རྒྱུད་ཀྱི་ཉ་རྫིང་ནང་ཉ་ཁྲི་གཅིག་ལྷག་ཙམ་ཡོད། ཤིན་ཏུ་མཛེས་པའི་གནས་དེ་ནི་གྲོ་མོ་རྫོང་གི་ཆུ་འབི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞི་ཡིན་པ་དང(གཤམ་དུ་ཆུ་འབི་རྟེན་གཞི་ཞེས་བསྡུ་རྒྱུ)གྲོ་མོ་རྫོང་གི་འཆར་འགོད་འཕེལ་རྒྱས་མཚོན་པའི་ཉའི་ཐོན་ལས་ཀྱི་རྟེན་གཞི་གཙོ་བོ་དེ་ཡང་རེད།
           གཙོ་བོའི་རྟེན་གཞི་དེའི་གནས་ས་གྲོ་མོ་རྫོང་ནི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཡོད་པ་དང་། ས་བབ་མཐོ་ཚད་སྨི་3300ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་སུ་གནས་ཡོད། བྱང་རྒྱུད་དུ་ཞིང་འབྲོག་ལས་གཙོ་བོ་དར་བ་དང་། ལྷོ་རྒྱུད་དུ་ནགས་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་2017ལོའི་ཟླ་10པར་གྲོ་མོ་རྫོང་དངོས་སུ་དབུལ་སྒྲོལ་ཐུབ།
           གྲོ་མོའི་ཉ་ནི་གྲོ་མོ་ཁོ་ནར་མ་གཏོགས་མེད་པའི་ཐོན་ཁུངས་ཤིག་རེད། ཐོན་ཁུངས་མང་པོ་མེད་པའི་རྐྱེན་གྱིས་གྲོ་མོའི་ཉ་ཁྲོམ་རའི་ཐོག་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། “གྲོ་མོའི་ཉ་མ་བཟས་ན་གྲོ་མོར་སླེབས་པ་མཚོན་གྱི་མེད”ཅེས་པའི་ཤོད་སྲོལ་ཞིག་ཀྱང་ཡོད། དེ་རིམ་བཞིན་གྲོ་མོའི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མཚོན་བྱེད་ཅིག་ཏུ་གྱུར།
           ཧྲང་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད། ལེགས་ཆ་དེ་ཁོ་ནར་བརྟེན་ནས་2015ལོར་གྲོ་མོ་རྫོང་དང་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱིས་ཆུ་འབི་གྲོ་མོའི་ཉའི་གསོ་སྤེལ་རྟེན་གཞི་བཙུགས།
           གྲོ་མོའི་ཉའི་འཚོ་སྡོད་དང་སྐྱེ་འཕེལ་བྱེད་གནས་ཧ་ཅང་དམིགས་བསལ་ཞིག་ཡོད། ཆུའི་དྲོད་ཚད་མཐོ་པོ་ཡོད་དགོས། ལྷག་པར་ཉ་ཕྲུག་འཕེལ་བའི་སྐབས་སུ་ཆུའི་དྲོད་ཚད་དེ་ངེས་པར་དུ་ཧྲེ་ཧྲི་ཏུའུ་2ནས་ཧྲེ་ཧྲི་ཏུའུ་8བར་ཚོད་འཛིན་བྱེད་དགོས་ལ། སྦགས་བཙོག་མེད་པ་དང་བྱེ་འདམ་མེད་པའི་ཆུ་དྭངས་མའི་ནང་གསོ་སྤེལ་ཡང་བྱེད་དགོས་པས་མིས་གསོ་སྤེལ་བྱ་རྒྱུར་དཀའ་ཚེགས་ཆེན་པོ་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་འབི་རྟེན་གཞིར་གསོ་སྤེལ་བྱས་པའི་གྲོ་མོའི་ཉ་ཁྲི་1ལྷག་ཙམ་ཡོད་པ་དང་། ལོ་རེར་ཆ་སྙོམས་ཉ་ཕྲུག་ཁྲི་2000ལྷག་ཙམ་གསོ་སྤེལ་ཐུབ་ཀྱི་ཡོད། སྔོན་རྩིས་ལྟར་ན། 2019ལོར་སླེབས་སྐབས་ཚོང་ཟོག་ཉ་རྒྱ་མ་ཁྲི་168ཙམ་ཕྱིར་ཚོང་ཐུབ་ནས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་5000ལྷག་ཙམ་ཡོང་རྒྱུ་རེད།
           ཆུ་འབི་རྟེན་གཞི་ཕུད། གྲོ་མོ་རྫོང་ལ་ད་དུང་གྲོ་མོའི་ཉ་གསོ་སྤེལ་མཉམ་ལས་ཁང་3ཡོད། མཚོ་མོ་ནི་གྲོ་མོ་སྨད་ཤང་བྱེ་མ་གྲོང་ཚོའི་གྲོ་མོའི་ཉའི་གསོ་སྤེལ་རྟེན་གཞིའི་ཆེད་ལས་མཉམ་ལས་ཁང་གི་ལས་མི་ཞིག་རེད། ཁོང་གིས“སྲིད་གཞུང་གིས་ང་ཚོར་མཉམ་ལས་ཁང་སྐྲུན་རོགས་བྱས་པ་དང་དུད་ཚང་དབུལ་པོ་སྔོན་ལ་ལས་ཞུགས་བྱེད་དུ་འཇུག་གི་ཡོད། ཉའི་ལྟོ་སྲིད་གཞུང་གིས་མཁོ་འདོན་བྱེད་པ་མ་ཟད། ཚོང་ལམ་ཡང་སྲིད་གཞུང་གིས་ཐག་གཅོད་བྱེད་ཀྱི་ཡོད། ཁག་དང་པོའི་ཉ་ཕྲུག་ཆེན་པོ་ཆགས་རྗེས་བཙོངས་པའི་ཡོང་འབབ་ང་ཚོ་མཉམ་ལས་ཁང་ལ་རག་བྱུང་། ཕན་ཐོགས་ས་ནི་ང་ཚོ་མི་སེར་ཁོ་ན་ཡིན་པས་སེམས་ཁྲལ་སྤུ་ཙམ་ཡང་མི་འདུག”ཅེས་བཤད།
           མཚོན་བྱེད་རང་བཞིན་གྱི་གྲོ་མོའི་ཉའི་ཐོན་ལས་རྟེན་གཞི་དང་མཉམ་ལས་ཁང་ཁོ་ན་ནས་ཐོན་སྐྱེད་བྱེད་པ་ཙམ་མ་ཡིན་པར་ལེ་ལག་ཚང་བའི་ཐོན་ལས་གླིང་དང་ཕྱིར་ཚོང་ཀུང་སི་ཡང་ཡོད། མི་རིང་བར་མཐའ་མཚམས་རི་ཁུག་གི་ཆུ་ནང་གི་ཞིམ་ཟས་དེ་རི་ཀླུང་མང་པོ་བརྒལ་ནས་ནང་སར་ཕྱིར་ཚོང་བྱེད་པ་དང་ད་དུང་ཕྱི་རྒྱལ་ལ་ཡང་ཕྱིར་ཚོང་བྱེད་ཐུབ་པའི་རེ་བ་ཡོད།
           གྲོ་མོའི་ཉའི་ཐོན་ལས་གཉེར་སྐྱོང་བྱས་ནས་ལོ་གཉིས་ཙམ་སོང་རིང་གྲོ་མོ་རྫོང་གི་ཤང་གསུམ་གྱི་མི་400ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་ཐུབ་པ་མ་ཟད། མི་2000ལྷག་ཙམ་ལ་འབབ་འཕར་བྱུང་ཡོད། 《གྲོ་མོ་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད(2017ལོ་ནས་2025ལོ་བར)》ཀྱི་ནང་གྲོ་མོ་རྫོང་གིས་ལས་རིགས་ཁག་གི་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་7.6བསྡུ་སྒྲིལ་བྱས་ནས་གྲོ་མོའི་ཉའི་ཐོན་ལས་ཚུད་པའི་དབུལ་སྐྱོར་ཐོན་ལས་རྟེན་གཞི་10བཏོད་ཡོད་པས་ས་ཆ་དེ་གའི་མང་ཚོགས་དེ་བས་མང་བར་ཕན་བདེ་བསྐྲུན་རྒྱུ་རེད།