ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱི་དགེ་འདུན་པ་9ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ།

སྤེལ་དུས 2018-04-16 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་2018ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་ཤིང་། སེ་ར་དང་འབྲས་སྤུངས་སོགས་ཀྱི་དགེ་འདུན་པ་9དམ་བཅའ་འཇོག་པ་དང་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པའི་མཛད་སྒོར་ཞུགས་པ་རེད།
            དགེ་བཤེས་ལྷ་རམས་པ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་འདུན་པས་མདོ་ཕྱོགས་ལ་གཞོལ་བའི་མཚན་གནས་མཐོ་ཤོས་དེ་རེད། ཚེས་13ཉིན་གྱི་མཛད་སྒོར་དམ་བཅའ་འཇོག་མཁན་དགེ་འདུན་པ་9དང་། དཔྱད་འདེམས་ཨུ་ལྷན་གྱི་ཁོངས་མི་30 དགོན་སྡེ་ཆེ་གྲས་ཀྱི་དཔེ་ཆ་བ་170དད་ལྡན་མང་ཚོགས་50ལྷག་ཙམ་བཅས་ཞུགས་ཡོད། དམ་བཅའ་འཇོག་མཁན་དགེ་འདུན་པའི་གྲས་སུ་བགྲེས་ཤོས་དགུང་ལོ་51དང་གཞོན་ཤོས་དགུང་ལོ་34རེད། དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་འདེམས་ནན་པོ་བྱས་པ་བརྒྱུད། ཆབ་མདོའི་བྱམས་པ་གླིང་གི་དགེ་འདུན་པ་བྱམས་པ་རྒྱལ་མཚན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་དང་། སེ་རའི་དགེ་འདུན་པ་བློ་བཟང་ཕྱོགས་གླང་ལ་ཨང་གཉིས་པ་ཐོབ་པ། དགའ་ལྡན་གྱི་དགེ་འདུན་པ་ངག་དབང་བློ་བརྟན་ལ་ཨང་གསུམ་པ་ཐོབ་པ། ཆབ་མདོ་དཔའ་ཤོད་དགོན་གྱི་དགེ་འདུན་པ་ངག་དབང་ཆོས་གྲགས་ལ་ཨང་བཞི་པ་ཐོབ་པ་དང་། དེ་བཞིན་ཨང་ལྔ་པ་ནས་དགུ་པ་བར་ནི། འབྲས་སྤུངས་དགོན་གྱི་ངག་དབང་བཤད་སྒྲུབ་དང་། བཀྲས་ལྷུན་དགོན་གྱི་བློ་བཟང་རྒྱ་མཚོ། རྭ་སྟོད་དགོན་གྱི་ངག་དབང་བསོད་རྡོར། ནག་ཆུ་ཆོས་འཁོར་དགོན་གྱི་ངག་དབང་ལེགས་ལྡན། ནག་ཆུ་རབ་བརྟན་དགོན་གྱི་བློ་བཟང་རྒྱ་མཚོ་བཅས་རེད།
            2018ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པར་དཔྱད་ཞིབ་བྱེད་པའི་དབྱར་དུས་ཀྱི་ཚོད་རྒྱུགས་བྱེད་སྒོ་2017ལོའི་ཟླ་7ཚེས་10ཉིན་ནས་ཚེས་16ཉིན་བར་(བོད་མེ་བྱ་ལོའི་ཟླ་5ཚེས་16ཉིན་ནས་22ཉིན་བར)འབྲས་སྤུངས་དགོན་དུ་སྤེལ་བ་རེད། དཔྱད་ཞིབ་གདེང་འཇོག་ཨུ་ལྷན་གྱིས་ཡོངས་བསྒྲགས་དང་། འདྲ་མཉམ། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་། དམ་བཅའ་འཇོག་མཁན་དགེ་འདུན་པའི་བོད་བརྒྱུད་ནང་བསྟན་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་རྩོད་རྒྱུགས་གནས་ཚུལ་ལ་རང་སར་སྐར་མ་བརྒྱབ་ཡོད། གཞུང་ཆེན་བཀའ་པོད་ལྔའི་ཡིག་རྒྱུགས་མཇུག་འགྲིལ་རྗེས། ཆབ་སྲིད་དང་། བཅའ་ཁྲིམས། ལོ་རྒྱུས་བཅས་ཀྱི་ཤེས་བྱ་དང་རྨང་གཞིའི་རིག་གནས་སློབ་ཚན་གྱི་ཡིག་རྒྱུགས་བླངས་ཡོད། དུས་ཡུན་ཉིན་དྲུག་རིང་ཛ་དྲག་གི་ཡིག་རྒྱུགས་བླངས་པ་བརྒྱུད། དམ་བཅའ་འཇོག་མཁན་དགེ་འདུན་པའི་རྩོད་རྒྱུགས་དང་ཡིག་རྒྱུགས་ཀྱི་གྲུབ་འབྲས་གཞིར་བཟུང་། སེ་ར་དགོན་དང་། འབྲས་སྤུངས་དགོན། དགའ་ལྡན་དགོན། རྭ་སྟོད་དགོན། བཀྲས་ལྷུན་དགོན། ཆབ་མདོའི་དཔའ་ཤོད་དགོན། བྱམས་པ་གླིང་དགོན། ནག་ཆུའི་རབ་བརྟན་དགོན། ཆོས་འཁོར་དགོན་བཅས་ཀྱི་དམ་འཇོག་དགེ་འདུན་པ་དགུ་ལ་2018ལོའི་ལོ་འཁོར་གྱི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོར་ཞུགས་པའི་ཐོབ་ཐང་རག་པ་རེད། དགེ་བཤེས་ལྷ་རམས་པ་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དགའ་ལྡན་དགོན་གྱི་དཔེ་ཆའི་དགེ་རྒན་ངག་དབང་ཆོས་འཕགས་ཀྱིས་ཉིན་དེའི་དམ་བཅའ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད། ལག་ཁྱེར་སྤྲོད་པའི་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་དགེ་འདུན་པ་ཚོར་མཇལ་དར་དང་། ཤིང་ཏོག་སྐམ་པོ། ཆོས་གོས། འབུལ་རྟེན་དོད་དངུལ་བཅས་གནང་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དགེ་བཤེས་ལྷ་རམས་པའི་མཚན་གནས་ལག་ཁྱེར་གནང་བ་རེད།