ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

【དུས་རབས་གསར་པ་སྟེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ】ལེགས་པོ་རོང་ལ་སྐྱེ་ཁམས་ཡུལ་སྐོར་གྱི་བསིལ་རླུང་ལྡང་པ།

སྤེལ་དུས 2018-05-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
                   ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། དྲན་ཤེས་ངོས་ཀྱི་བོད་ལྗོངས་ནི་གངས་རི་དང་རྩྭ་ཐང་གིས་གྲུབ་པ་ཞིག་རེད་མོད། དེ་ལྟར་ནའང་བོད་ལྗོངས་ལྷོ་ཁ་མཚོ་སྣ་རྫོང་གི་ལེགས་པོ་རོང་ནི་རྩི་ཤིང་སྟུག་པོ་རྒྱས་ཤིང་སྨུག་པས་རི་རྩེ་བཏིམ་པ། ཆུ་ཕྲན་ཤག་ཤག་བཞུར་པའི་གནས་མཛེས་ཤིང་སྡུག་པ་ཞིག་རེད། རོང་དེ་གར་མག་མག་མོན་པ་མི་རིགས་ཤང་དང་སླད་མོན་པ་མི་རིགས་ཤང་། ཀོང་རི་མོན་པ་མི་རིགས་ཤང་། སྐྱིད་པ་མོན་པ་མི་རིགས་ཤང་བཅས་གཞིས་ཆགས་ཡོད་ལ། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གོམས་སྲོལ་ལ་བརྟེན་ནས2013ལོར་མག་མག་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཆར་འགོད་འགོ་བརྩམས་པ་དང2014ལོའི་ཟླ3པར་ལས་འགོ་ཚུགས་པ་དང་། 2014ལོའི་ཟླ12པར་འཛུགས་སྐྲུན་ལེགས་གྲུབ་ཟིན་པ།2015ལོའི་ཟླ་དང་པོ་དངོས་སུ་སྤྱོད་འགོ་ཚུགས་ནས་2016 ལོའི་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཡིས“ཀྲུང་གོའི་སྤྲོ་གསེང་མཛེས་སྡུག་ལྡན་པའི་གྲོང་གསེབ”ཏུ་བདམས་པ་རེད།

མག་མག་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཐང་ཆེན་གྱི་མེ་ཕུང་སྐོར་བྲོའི་དགོང་ཚོགས།
                   མག་མག་གི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཐང་ཆེན་སྟེང་། ལུས་ལ་མོན་པ་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་གྱོན་པའི་ས་གནས་དེ་གའི་མང་ཚོགས་དང་ས་ཕྱོགས་ཁག་གི་ཡུལ་སྐོར་པ་ཁག་ཅིག་གིས་མེ་ཕུང་སྐོར་བྲོ་འཁྲབ་ཀྱི་འདུག “ནམ་ཟླ་ཡག་པོ་ཡིན་ཚེ། ཉིན་རེའི་དགོང་མོ་ཆུ་ཚོད་8ཀྱི་སྟེང་ཐང་ཆེན་ཐོག་མེ་ཕུང་སྐོར་བྲོའི་དགོང་ཚོགས་འཚོགས་གི་ཡོད་ལ། ཡུལ་སྐོར་པ་དག་ཀྱང་མཉམ་ཞུགས་བྱས་ནས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཉམས་སུ་མྱོང་པར་དགའ་བོ་འདུག”ཅེས་ལོ་ན27ལ་སླེབས་པའི་བདེ་སྐྱིད་མཚོ་མོ་རང་ཁྱིམ་གྱི་སྒོ་རྩར་ལངས་ནས་ཐང་ཆེན་སྟེང་འཁྲུག་ཆ་དོད་པའི་མི་ཚོགས་ལ་བལྟས་འདུག

མག་མག་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་མཚན་ལྗོངས།
                   2018ལོའི་ཟླ5པའི་ཚེས1ནས་ཟླ6པའི་ཚེས30ཉིན་བར། བོད་རང་སྐྱོང་ལྗོངས་ཀྱིས“དགུན་དུས་བོད་ལ་ཡུལ་སྐོར་དང་སའི་གོ་ལའི་མཐའ་སྣེ་གསུམ་པ་མཉམ་སྤྱོད” ཀྱི་བྱེད་སྒོ་སྤེལ་བའི་རྨང་གཞིའི་ཐོག་བོད་ལྗོངས་རྒྱལ་ཁབ་ལ་དབང་བའི་གཙོ་གནད་མཛེས་ལྗོངས་ས་ཁུལ26ལ་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་པ་སེའི་རིན་གོང་(རིན་གོང་ཕྱེད་ཀ)བསྡུ་རྒྱུ་ལག་བསྟར་བྱས། དེ་ཡང་རྒྱལ་ཁབ་ཀྱིA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་་ཡིན་པའི་ལེགས་པོ་རོང་ཡང་གཟིགས་སྐྱོང་བྱེད་སྒོ་གྲས་སུ་འདུས་ཡོད་ལ། དེའི་ཁར་ལྷོ་ཁ་གྲོང་ཁྱེར་གྱིས“མྱུར་གཏོང་དལ་ཉུལ་ཏེ་ལེགས་པོ་རོང་གི་སྟག་མའི་མེ་ཏོག་ལ་མྱོང་རོལ”ཞེས་པའི་བྱེད་སྒོ་སྤེལ་ནས་ལེགས་པོ་རོང་གི་ཡུལ་སྐོར་བ་ཡོང་མང་ཤོས་ཀྱི་དུས་ཚིགས་ཕན་ནུས་ལྡན་པའི་ངང་རྒྱུན་བསྲིངས་པ་རེད།

བདེ་སྐྱིད་མཚོ་མོ་ཚང་གི་ཐོག་སོ་གསུམ་ལྡན་གྱི་ཁང་པ།
                   མི་ཚོགས་འཁྲུག་ཆ་དོད་པའི་ཐང་ཆེན་གྱི་འཁྲིས་སུ་གནས་པའི་རྐྱེན་གྱིས་བདེ་སྐྱིད་མཚོ་མོ་ཚང་གི་ཚོང་ཡང་སྔར་བས་བྲིན་པོ་ཡོད་དེ། དགོང་མོ་རེར་རང་ཁྱིམ་གྱི་ཇ་ཁང་དང་ཁྱིམ་ཚང་མགྲོན་ཁང་གི་ཚོང་ལ་བདག་དོམ་བྱེད་དགོས་ཤིང་། ཞབས་བྲོ་རྩེ་བར་དགའ་བའི་བདེ་སྐྱིད་མཚོ་མོས་རང་ཁྱིམ་གྱི་སྒོ་རྩར་ལངས་ནས་རྒྱང་ལ་ལྟ་བ་ཙམ་ལས་ཐབས་གཞན་མེད་པས་བློ་སེམས་ཅུང་ཕམ་པའི་སྣང་བ་ཞིག་སྟེར། བདེ་སྐྱིད་མཚོ་མོའི་རྒྱབ་ལོགས་ཀྱི་མཛེས་ཤིང་ཡིད་དུ་འོང་པའི་ཐོག་སོ་གསུམ་ལྡན་གྱི་ཁང་པ་ནི་མག་མག་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ལས་གཞི་ཡིན་ལ། འདི་གར་ས་སྐྱེས་རྡོ་སྐྱེས་ཀྱི་བདེ་སྐྱིད་མཚོ་མོས་མག་མག་ཤང་གི་འཕོ་འགྱུར་བདེན་དཔང་བྱས་ཡོད་ལ། ལེགས་པོ་རོང་ལ་སྐྱེ་ཁམས་ཡུལ་སྐོར་ལས་ཡུལ་སྐོར་མང་པོར་གྱུར་ཡོད་པའང་བདེན་དཔང་བྱས་ཡོད།

བདེ་སྐྱིད་མཚོ་མོ་ཚོང་སྒྲོམ་མདུན་དུ་ཡོད་པ།
                   “ དེ་སྔར་ང་ཚོའི་འདི་གར་ལམ་ཚང་མ་འདམ་ལམ་ཡིན་པ་དང་སྡོད་ཁང་ཡང་ཐབས་ཆག་ཡིན་ལ་དམ་སྦྱར་རང་བཞིན་མི་བཟང་པ། རླུང་གཡུག་པའི་སྐབས་སུ་སྲུབས་ཀ་ནས་རླུང་ལྡང་ནས་ཧ་ཅང་གྲང་། དེང་ཆར་སྡོད་ཁང་མཛེས་ཤིང་ཁོད་ཡངས་པ་ཞིག་གསར་དུ་བསྐྲུན་ཡོད་དེ་ས་དྲོས་དང་ཆུ་ཚ་བཅས་མཁོ་འདོན་ཐུབ་ལ་བདེ་འཇགས་བདེ་པོ་ཞིག་ཀྱང་རེད། སྒོར་ཁྲི40ལྷག་ཙམ་གྱི་ཁང་པ་འདིར་ང་ཚོས་སྒོར་ཁྲི12རང་གྲབས་བྱས་ཡོད་ཅིང་། ལྷག་མ་ཚང་མ་ནི་སྲིད་གཞུང་གིས་བཏོན་པ་མ་ཟད། ཁྱིམ་ཚང་མགྲོན་ཁང་ནང་གི་སྒྲིག་བཀོད་ཚང་མ་སྲིད་གཞུང་གིས་གནང་པ་ཡིན་པས་དངོས་གནས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན”ཞེས་བདེ་སྐྱིད་མཚོ་མོས་དེ་སྐད་བཤད།
                   བདེ་སྐྱིད་མཚོ་མོ་ཚང་གི་ཐོག་ཁང་དུ་ཐོག་སོ་དང་པོར་ཇ་ཁང་ཕྱེ་ཡོད་པ་དང་ཐོག་སོ་གཉིས་པ་དང་གསུམ་པ་ནི་རང་ཉིད་སྡོད་ས་ཕུད་གཞན་ཁང་མིག6ནི་ཁྱིམ་ཚང་མགྲོན་ཁང་དུ་བཀོལ་ཡོད་པ་རེད། ཉིན་དེའི་དགོང་མོ། ཁང་མིག་གསུམ་དུ་མགྲོན་པོ་བསྡད་ཡོད་པ་དང་། མག་མག་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་སྣོད་བཅུད་ཡུལ་སྐོར་ལ་བརྟེན་བདེ་སྐྱིད་མཚོ་མོའི་ཇ་ཁང་དང་ཁྱིམ་ཚང་གི་མགྲོན་ཁང་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི12ཡན་ལ་སླེབས་ཐུབ་པ་དང་། དེ་ལས་གཞན་ཁྱོ་ག་རིག་འཛིན་གྱི་འདོན་འཇུག་འཕྲུལ་འཁོར་གྱིས་ཀྱང་ཟླ་བ་གཅིག་ལ་ཡོང་འབབ་སྒོར11000འཚོལ་ཐུབ། བདེ་སྐྱིད་མཚོ་མོ་དང་ཁྱིམ་མི་རྣམས་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག   རང་ཉིད་ཀྱི་ནུས་པར་བརྟེན་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད་པ་དང་། “དེ་སྔ་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་པར་ཡང་མཚོ་སྣ་རྫོང་ལ་འགྲོ་དགོས་མོད། ད་ལྟ་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པས་ང་ཚོ་ཚང་མ་ལྷོ་ཁ་གྲོང་ཁྱེར་དུ་ཕྱིན་པ་ཡིན། ན་ནིང་ལོའི་དགུན་ཁར་ད་དུང་ཁྱིམ་མི་དང་མཉམ་དུ་ལྷ་སར་ཕྱིན་ནས་ཉིན་དྲུག་རིང་ལྷོར་གཡེང་བྱས་པ་ཡིན”བདེ་སྐྱིད་མཚོ་མོས་གདོང་ལ་བདེ་སྐྱིད་ཀྱིས་ཁེངས་ནས་དེ་སྐད་བཤད།

པད་མ་དབྱངས་ཅན་མག་མག་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ནང་བསྐྱོད་བཞིན་པ།
                   ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། མག་མག་ཤང་གི་ཤང་ཀྲང་པད་མ་དབྱངས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མག་མག་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ཀྱིས་ཁྱོན་བསྡོམས་ཞིང་འབྲོག་པའི་སྡོད་ཁང་ཁྱིམ་ཚང62བསྐྲུན་པ་དང་། དེའི་ནང་ཁྱོན་ཡོངས་གནས་སྤོས་ཁྱིམ་ཚང་40དང་། རང་སར་སྒྱུར་བཀོད་ཁྱིམ་ཚང15ཡོད། གཞི་ཁྱོན་རྨིད་གྲུ་བཞི་མ244ཅན་གྱི་ཐོག་སོ་གསུམ་ལྡན་གྱི་ཁྱིམ་ཚང་ཆེ་ཤོང་ཁྱོན་བསྡོམས38ཡོད་པ་དང་། གཞི་ཁྱོན་རྨིད་གྲུ་བཞི་མ166ཅན་གྱི་ཐོག་སོ་གཉིས་ལྡན་གྱི་ཁྱིམ་ཚང་ཆུང་ཤོས་ཁྱོན་བསྡོམས17ཡོད་པ་མ་ཟད། “ཆུ་གློག་དང་དྲ་འབྲེལ།  གསང་སྤྱོད་ཁྱིམ་ཚང་དུ་གཏོང་པ་མངོན་འགྱུར་བྱུང་པ་དང་། བགྲོད་ལམ་ཡང་ཁྱིམ་ཚང་དུ་སྦྲེལ་བ་མངོན་འགྱུར་བྱུང” གཞན་ཡང་།  ད་དུང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོས་ཧུར་ཐག་སྒོས་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་སྟོབས་རང་སྤེལ་དང་ལག་གཉིས་ལ་བརྟེན་ནས་ཕྱུག་པོར་བསྒྱུར་བར་སྐུལ་སྤེལ་གནང་པ་རེད། མིག་སྔའི་བར། འབྱོར་འབྲིང་དཔེ་སྟོན་གྲོང་ཚོས་ཁྱིམ་ཚང་མགྲོན་ཁང49 དང་ཟ་ཁང7  ཇ་ཁང6     ཚོང་ཁང5   མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་འཚོང་བྱེད་གནས7བཙུགས་ཡོད་པ་རེད།

མག་མག་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་མཚན་ལྗོངས།
                   ཞིང་འབྲོག་མང་ཚོགས་རྣམས་ཀྱིས་སྣོད་བཅུད་ཡུལ་སྐོར་གྱི་ཡོང་འབབ་འདི་ཉིད་ལོངས་སྤྱོད་བྱ་ཆེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། པད་མ་དབྱངས་ཅན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཞིང་འབྲོག་མང་ཚོགས་ཀྱི་དོ་ཁུར་བྱེད་པའི“སྐྱེ་ཁམས་ཡུལ་སྐོར་དང་གྲོང་གསེབ་དར་རྒྱས་སུ་གཏོང་པ"བཅས་སྲིད་ཇུས་མག་མག་ཤང་ཁྱབ་སྤེལ་བཏང་ནས་ཁྱིམ་ཚང་སོ་སོར་བསྐྱལ་པ་རེད། “ང་ཚོ་མག་མག་ཤང་དེ་རིང་གི་འགྱུར་ལྡོག་ནི་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་ལ་རགས་ལས་པ་ཡིན་ལ། དེ་བས་ཀྱང་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་རགས་ལས་པ་རེད། སྣོད་བཅུད་ཡུལ་སྐོར་ལ་སྐུལ་འདེད་གཏོང་པའི་དུས་མཚུངས་སུ། ང་ཚོས་ཧུར་ཐག་སྒོས“ སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་དུ་བསྟར་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལ་དེ་བས་ཀྱང་དོ་སྣང་བྱེད་པ་ལས་སྣོད་བཅུད་ཀྱི་མཐའ་ཚད་དང་དམར་ཐིག་ལ་གཏན་ནས་མི་རེག་པ།   སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་སྲིད་པའི་རྣམ་གྲངས་གཏན་ནས་གསར་སྤེལ་མི་བྱེད་པ་དང་།  རི་གཟར་གྲོག་རོང་ཁྲོད་ཀྱི་སྣོད་བཅུད་ཡུལ་སྐོར་གྱི་རླུང་བུ་འདི་ཡུལ་ཐག་དེ་བས་རིང་པོར་ལྡང་པ་དང་དུས་ཚོད་དེ་བས་རིང་པོར་ལྡང་པར་བྱེད་དགོས”ཞེས་པད་མ་དབྱངས་ཅན་གྱིས་དེ་སྐད་བརྗོད།