ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྒྱལ་ཡོངས་ཀྱི་ཆེད་མཁས་པ་བོད་ལྗོངས་སུ་ཕེབས་ནས་ས་མཐོའི་འདམ་ར་སྲུང་སྐྱོང་དང་སླར་གསོའི་ཐད་དཔྱད་གླེང་གནང་བ།

སྤེལ་དུས 2018-05-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
   
                   མིག་སྔར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སོགས་ལས་ཁུངས་མང་པོ་ཞིག་གི་དོ་དམ་པ་དང་། ཆེད་མཁས་པ་རྣམས་བོད་ལྗོངས་ཉིང་ཁྲི་ས་ཆར་ལྷན་འཛོམས་བྱུང་སྟེ་ཐུན་མོང་ཐོག་སྲུང་སྐྱོབ་ཆེན་པོ་དམ་འཛིན་དང་། གསར་སྤེལ་ཆེན་པོ་མ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ས་མཐོའི་འདམ་ར་སྲུང་སྐྱོང་དང་སླར་གསོའི་སྐོར་གྱི་དཔྱད་གླེང་གནང་བར་མ་ཟད། 《ས་མཐོའི་འདམ་ར་སྲུང་སྐྱོང་ལ་ཤུགས་སྣོན་དང་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་འཛུགས་པའི་ཉིང་ཁྲིའི་བསྒྲགས་གཏམ》ཞེས་པ་སྤེལ།
                   རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁྲུན་ལེའང་གིས་གསུང་རྒྱུར། མཚོ་བོད་ས་མཐོ་ནི་ཨེ་ཤེ་ཡ་སྐམ་ས་ཆེན་པོའི་ཐོག་གཙང་པོ་དང་ཆུ་བོ་གསོས་པ་ཆེ་གྲས་མང་ཤོས་ཀྱི་ས་ཁོངས་ཤིག་ཡིན་ཞིང་།དེས་རྨ་ཆུ་དང་། འབྲི་ཆུ། མའེ་ཀུང་གཙང་པོ་སོགས་གསོ་སྐྱོང་བྱས་ཏེ་“ ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག” དང་“ ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་འཐོབ་ཡོད། མཚོ་བོད་ས་མཐོའི་འདམ་རའི་སྣོད་བཅུད་གནས་ཡུལ་ཧ་ཅང་གལ་ཆེ་བ་དང་།སྐྱེ་ཁམས་བྱེད་ནུས་དང་སྲུང་སྐྱོང་གི་རིན་ཐང་ཧ་ཅང་ཆེ་ཞིང་། དེའི་ནང་ནས་མཐོ་གྲང་འདམ་རའི་འདམ་སོལ་གསོག་འཇོག་བྱེད་ཚད་ཆེ་བས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་བརྟན་ལྷིང་ལ་ནུས་པ་གལ་ཆེན་འདོན་གྱི་ཡོད།
                   རྒྱལ་ཁབ་ནགས་ལས་དང་དང་རྩྭ་ཐང་ཅུས་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་(ལྗོངས་དང་གྲོང་ཁྱེར་)གྱི་འདམ་རའི་དོ་དམ་སྡེ་ཁག་དང་།འབྲི་ཆུའི་འདམ་ར་སྲུང་སྐྱོང་གི་དྲ་རྒྱ་གྲུབ་ཁོངས་སྡེ་ཚན་དང་།ཀྲུང་གོའི་འདམ་ར་སྲུང་སྐྱོང་མཐུན་ཚོགས།འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་སོགས་སྡེ་ཚན་གྱི་འཐུས་ཚབ་པས་ངོས་འཛིན་གཅིག་མཐུན་བྱས་དོན།གནམ་གཤིས་ཀྱི་འགྱུར་ལྡོག་དང་དོ་མི་མཉམ་པའི་ས་ཁོངས་འཕེལ་རྒྱས་ཀྱི་གནོན་ཤུགས་ཉིས་བརྩེགས་འོག  ས་མཐོའི་འདམ་རའི་སྣོད་བཅུད་མ་ལག་ཉམས་ཞན་གྱི་དགོས་མཁོ་སྔར་བས་གཅེས་འཛིན་དང་།བྱམས་སྐྱོང་དང་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱ་དགོས་པར་མ་ཟད། དེ་བས་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་གཅིག་མཐུན་ངོས་འཛིན་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཀྲུང་གོའི་བློ་གྲོས་དེ་བས་མང་པོ་ལག་བསྟར་དང་འཕེལ་རྒྱས་སུ་བཏང་ནས་ཐུན་མོང་ཐོག་ས་མཐོའི་ས་ཁོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་དགོས།
                   ཚང་མས་ས་མཐོའི་འདམ་ར་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་དང་།འབྲི་ཆུ་སྲུང་སྐྱོང་གང་ལེགས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པའི་གྲོས་གཞི་བཏོན་ཞིང་། ཞིབ་འཇུག་གཏིང་ཟབ་བྱས་པ་དང་ཚན་རིག་གི་ཐོག་ནས་ས་མཐོའི་འདམ་རའི་སྣོད་བཅུད་མ་ལག་གི་རིན་ཐང་ལ་འགྲེལ་བཤད་རྒྱག་པ་དང་། སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་དང་སྲུང་སྐྱོང་དོ་དམ་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་། གཏོར་བརླག་གི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་དགོས་པ་དང་།སྣོད་བཅུད་དོ་དམ་སྲུང་སྐྱོང་པའི་ནང་རྐྱེན་གསར་གཏོད་བྱ་དགོས། དེ་མིན་འབྲི་ཆུའི་འབབ་རྒྱུད་ཀྱི་རང་བྱུང་ཁྱད་ཆོས་ལ་བརྩི་འཇོག་དང་། སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུ་དང་།འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་བྱས་ཏེ། མ་ཡུམ་ཆུ་བོར་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་སུ་འཇུག་དགོས།འབྲི་ཆུའི་འདམ་ར་སྲུང་སྐྱོང་གི་དྲ་རྒྱ་འདུས་སྦྱོར་བྱེད་ནུས་འདོན་སྤེལ་དང་།དུས་ཐོག་ཏུ་འདམ་ར་སྲུང་སྐྱོབ་དང་ཉམས་གསོའི་ལག་ལེན་གྱི་གྱོད་དོན་དང་གྲུབ་འབྲས་ཆེས་བཟང་བོ་ཕྱོགས་བསྡོམས་དང་དར་སྤེལ་གཏོང་དགོས་སོ། །