ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

【དུས་རབས་གསར་པ་སྟེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ】བོད་སྐྱོད་འགྲུལ་བཞུད་ཀྱི་དྲ་རྒྱའི་བརྗོད་དོན་བཅར་འདྲིའི་བྱེད་སྒོའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ།

སྤེལ་དུས 2018-05-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

ངོ་འཕྲད་ཚོགས་འདུའི་ཡུལ་དངོས།
          ཟླ5པའི་ཚེས15ཉིན་། “དུས་རབས་གསར་པ་སྟེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ” བོད་སྐྱོད་འགྲུལ་བཞུད་ཀྱི་དྲ་རྒྱའི་བརྗོད་དོན་བཅར་འདྲིའི་བྱེད་སྒོའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་པ་དང་། “དུས་རབས་གསར་པ་སྟེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པའི”བོད་སྐྱོད་འགྲུལ་བཞུད་ཀྱི་བཅར་འདྲི་ཚོགས་པ་དང་ལྷོ་ཁ་གྲོང་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་པས་བཞུགས་མོལ་གནང་པ་རེད།

སྨྱན་སྦྱོར་ཚོགས་པའི་འཐུས་མི།
          ལྷོ་ཁ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་མུའུ་ཡུང་ཝུན་གྱིས་བཅར་འདྲི་ཚོགས་པར་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་པ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་འཕེལ་བཅོས་ཨུ་ལྷན།  ཚན་རྩལ་ཅུས། ཁོར་ཡུག་སྲུང་སྐྱོང་ཅུས། འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་པས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་ཁག་སྤེལ་ཚུལ་ངོ་སྤྲོད་གནང་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག   རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཧུའུ་ནན། ཧུའུ་པེ། ཨན་ཧུའེ་དང་ཀྲུང་གོ་འབྲུ་སྣུམ་སྡེ་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག   ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ། དམངས་འཚོར་ཕན་འདོགས་པ། རྨང་གཞི་བརྟན་གཏོང་དང་སྒོ་རྒྱ་ཆེར་འབྱེད་པ་བཅས་ཀྱིས་གྲོང་ཁྱེར་ཡོངས་སུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ།  ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་བཅོས།  སྣོད་བཅུད་བཟང་པ། ཏང་འཛུགས་བསྐྲུན་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་གྱི་རྣམ་པ་བཟང་པོ་མངོན་ཡོད་ཅིང་། བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
          དེའི་འཕྲོར།  བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ལིན་གྱིས“དུས་རབས་གསར་པ་སྟེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ”བོད་སྐྱོད་འགྲུལ་བཞུད་ཀྱི་དྲ་རྒྱའི་བརྗོད་དོན་བཅར་འདྲིའི་བྱེད་སྒོ་གསར་པ་སྤེལ་འགོ་ཚུགས་པ་ནས་བཟུང་གསར་འགྱུར་འགོད་སྤེལ་གྱི་གྲུབ་འབྲས་དང་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ཐད་ངོ་སྤྲོད་གནང་པ་རེད།
          ཟླ5པའི་ཚེས7ཉིན་ནས་ཟླ5པའི་ཚེས15ཉིན་བར།  “དུས་རབས་གསར་པ་སྟེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ” བོད་སྐྱོད་འགྲུལ་བཞུད་ཀྱི་དྲ་རྒྱའི་བརྗོད་དོན་བཅར་འདྲིའི་བྱེད་སྒོར་ཞུགས་པའི་ཀྲུང་དབྱང་དང་ས་གནས་ཀྱི་གཙོ་གནད་གསར་འགྱུར་དྲ་ཚིགས18ནས་ཡོང་པའི་གསར་འགོད་པ33ནི་ལྷོ་ཁའི་ལྷུན་རྩེ་རྫོང་དུ་ཡུལ་སྨད་ཤང་དང་མདོ་ཡུལ་ལྷོ་པ་མི་རིགས་ཤང་། གཉལ་སྨད་ཤང་།  མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་།  མག་མག་མོན་པ་མི་རིགས་ཤང་།   ཀོང་རི་མོན་པ་མི་རིགས་ཤང་།  ལམ་ཕུག་ཤང་། མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དང་། སྤུ་ཧྲེང་རྫོང་འཁོར་ཆག་གྲོང་ཚོ། སྟོད་ཡུལ་གྲོང་ཚོ། ཁྲི་སྡེ་གྲོང་ཚོ།  བར་ག་ཤང་།  དར་ཆེན་སོགས་ས་གནས་སུ་གཏིང་ཟབ་ཞུགས་པ་རྒྱུ་དང་། གཞི་རིམ་སྡེ་ཚན་ཁག་དང་གྲོང་མིའི་ཁྱིམ།   ཞིང་ཁ་ས་ཁ་དང་མཐའ་སྲུང་སོ་ལྟ་ཁང་སོགས་ལ་གཏིང་ཟབ་བསྐྱོད་དེ་དྲ་རྒྱའི་ཐད་གཏོང་དང་བརྙན་ལམ་ཕབ་སྐྲུན། མི་མེད་གནམ་གྲུ་བཏང་ནས་པར་རྒྱག་པ། ཡིག་རིས་ཟུང་ལྡན་གྱི་བྱེད་ཐབས་སྤྱད་དེ་ས་གནས་ཀྱི་ནང་དོན་ལྡན་ཞིང་རྩམ་དྲི་མ་ཡལ་པའི་གསར་འགྱུར་བརྩམས་ཆོས་འབོར་ཆེན་རྩོམ་གནང་མཛད་དེ་བོད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་བཀོད་པ་དང་། བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གྲུབ་འབྲས།  དེ་བཞིན་མཐའ་མཚམས་མང་ཚོགས་ཀྱིས་རང་རྟོགས་སྒོས“མཆོག་ཏུ་གྱུར་པའི་མངའ་ཁོངས་ལ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན”གྱི་མཐའ་མཚམས་སྲུང་བའི་མཐའ་བརྟན་གྱི་སྙིང་སྟོབས་མངོན་པར་བྱེད་རྒྱུ་རེད།
          མཇུག་མཐར།  ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་པས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
          མཚམས་འདིར་སླེབས་དུས།  “དུས་རབས་གསར་པ་སྟེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ” བོད་སྐྱོད་འགྲུལ་བཞུད་ཀྱི་དྲ་རྒྱའི་བརྗོད་དོན་བཅར་འདྲིའི་བྱེད་སྒོ་མཇུག་སྒྲིལ་པ་ཡིན་ལ། ད་རེས་ཀྱི་བཅར་འདྲིའི་བྱེད་སྒོར་ཞུགས་མཁན་འོད་ཟེར་དྲ་བའི(光明网)་གསར་འགོད་པ་ལི་ཀྲེན་ཝེ་ཡིས། “ཐེངས་བཅར་འདྲིའི་བྱེད་སྒོས་ང་རང་ལ་མྱོང་ཚོར་ཤིན་ཏུ་ཟབ་མོ་ཞིག་བཞག་ཡོད་དེ། ལྷག་པར་དུ་སྒྲོལ་དཀར་དང་གཡང་འཛོམས་མིང་སྲིང་གཉིས་དང་།  བགྲེས་པོ་སངས་རྒྱས་ཚེ་རིང་ལྟ་བུའི་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་མཁན་དག་དང་།  ཁོ་ཚོས་མཐའ་མཚམས་སྲུང་བའི་མཐའ་བརྟན་གྱི་སྙིང་སྟོབས་ནི་མི་སེམས་འགུལ་པ་ཞིག་སྟེ་ང་ཚོ་ཚང་མས་སློབ་སྦྱོང་བྱེད་འོས་པ་ཞིག་རེད”ཅེས་བརྗོད་བྱུང་། 

སྨྱན་སྦྱོར་གསར་འགོད་པ་སྒྲོལ་དཀར་དང་གཡང་འཛོམས་མིང་སྲིང་གཉིས་ལ་འགྲོགས་ནས་ཡང་བསྐྱར་མཐའ་མཚམས་ལྟ་ཞིབ་ལམ་དུ་བསྐྱོད་པ།

གསར་འགོད་པས་ཡུལ་སྨད་ཤང་མཐའ་སྲུང་མངགས་གཏོང་ཁང་ནས་མངགས་གཏོང་ཁང་གི་སའོ་ཀྲང་ཞུའུ་ཡང་ཀེང་ལ་བཅར་འདྲི་གནང་པ།

གསར་འགོད་པས་མདོ་ཡུལ་མོན་པ་མི་རིགས་ཤང་དུ《བསེ་རུའི་བླ་སྲོག》གི་འཁྲབ་སྟོན་པར་བཅར་འདྲི་བྱེད་པ།

གསར་འགོད་པས་གཉལ་སྨད་ཤང“ གསར་བརྗེའི་སྒྱོགས་སྟེགས”པར་དུ་ལེན་པ།

གསར་འགོད་པས་གངས་རླུང་ཁྲོད་བརྙན་ལེན་བཞིན་པ།

གསར་འགོད་པས་ཀོང་རི་མོན་པ་མི་རིགས་ཤང་སྲིན་མོ་གྲོང་ཚོ་ལེགས་པོ་རོང་གི་ཁྱད་ལྡན་ཐོན་རྫས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ཇ་ལོའི་ཐོན་ལས་སྐོར་བཅར་འདྲི་གནང་བཞིན་པ།

ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པའི་གསར་འགོད་པ་ཁག་ཅིག་དང་བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་གིས་ལི་ལིན( གཡོན་གྱི་ལྔ་བ)བཅས་ཀྱིས་ལྷ་ས་གོང་དཀར་གནམ་ཐང་དུ་དྲན་རྟེན་འདྲ་པར་བསྐྱོན་པ།