གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མཛེས་སྡུག་ལྡན་པའི་གཞིས་རྩེས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

སྤེལ་དུས 2018-06-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་ལུང་ཤུར། 
         མི་དམངས་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་དུ་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། བརྗིད་ཆགས་ལྷུན་གྱིས་གྲུབ་པའི་རི་བོ་ཇོ་མོ་གླང་མ་དང་། ངོ་མཚར་ཆེ་བའི་གྲོ་མོ་ལུང་ཤུར། ཤར་པའི་གདོད་མའི་རྣམ་པའི་འདྲེན་ཐང་ལུང་ཤུར། ཇོ་མོ་གླང་མ་ཁྲང་ཁྲུའི་སྣོད་བཅུད་གླིང་གི་ཀརྨ་ལུང་ཤུར། གཡང་གཟར་གྱི་འདབས་སུ་ཆགས་པའི་འགྲམ་སོགས་རང་བྱུང་གི་ཁོར་ཡུག་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་པ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱུང་གི་གདན་ས་བཀྲ་ཤིས་ལྷུན་པོ་དང་། བོད་ལྗོངས་ཀྱི“མཆོད་རྟེན་གཙོ་བོའི”མཚན་སྙན་ལྡན་པའི་རྒྱལ་རྩེའི་དཔལ་འཁོར་ཆོས་སྡེ། ས་སྐྱའི་འབྱུང་ཁུངས་ས་སྐྱ་དགོན། བོད་མི་དམངས་ཀྱི་རྒྱལ་གཅེས་ཀྱི་དཔང་རྟགས་རྫོང་རིའི་དབྱིན་འགོག་དམག་འཁྲུག་གི་ཤུལ་བཞག་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཡུལ་ལྗོངས་ཁྱད་དུ་འཕགས་པ་ཡོད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་འཛམ་གླིང་གི་རང་བྱུང་དང་རིག་གནས་ཡུལ་སྐོར་དམིགས་ས་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་པ་དང་ཇོ་མོ་གླང་མའི་ཁྱད་ལྡན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་བྱས་ཏེ་ཇོ་མོ་གླང་མའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་གྲོ་མོ་ལུང་ཤུར།