གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་《གླིང་སྒྲུང་》རྒྱ་ཡིག་ཏུ་བསྒྱུར་བའི་ ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

སྤེལ་དུས 2018-06-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་གསལ། འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་འདུ་འགོད་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། 《གླིང་སྒྲུང་》རྒྱ་ཡིག་ཏུ་བསྒྱུར་བའི་འདུ་འགོད་ཀྱིས་བསྒྱུར་མ་10དཔེ་སྐྲུན་བྱས་པ་དེས་རྣམ་གྲངས་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད།
           《གླིང་སྒྲུང་》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་འདུ་འགོད་གལ་ཆེན་ཞིག་ཡིན་པ་དང་། 2014ལོར་སྤེལ་འགོ་ཚུགས་ཏེ་མ་དངུལ་བསྡོམས་སྒོར་ཁྲི་766བཏང་ཡོད། རྣམ་གྲངས་དེས་ཁག་45(དེབ་48)ཡི་《〈གླིང་སྒྲུང〉གི་སྒྲུང་མཁན་བསམ་སྒྲུབ་ཀྱི་གླུ་མ་གཏམ་》དཔེ་གཞིར་བྱས་ནས་པེ་ཅིང་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་སོགས་ས་ཁུལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་50ཙམ་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཡོད།
           《གླིང་སྒྲུང་》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ནང་ཁྱོན་བསྒྱུར་མ་30ཡོད། དཔེ་སྐྲུན་བྱས་པའི་དེབ་10ཕུད། མིག་སྔའི་དེབ་6གི་ཡིག་སྒྱུར་ལས་དོན་ལེགས་གྲུབ་ཟིན་པ་མ་ཟད། རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཞིབ་བཤེར་གཏན་འབེབས་བརྒྱུད་དངོས་སུ་དཔེ་སྐྲུན་ཁང་དུ་པར་འདེབས་རྒྱུར་རྩིས་སྤྲད་པ་དང་དེ་དབྱིངས་ཀྱི་དེབ་14ཡིག་སྒྱུར་རམ་ཡང་ན་ཞུས་དག་གི་ལས་དོན་སྤེལ་བཞིན་ཡོད།
           《གླིང་སྒྲུང་》ནི་གནའ་བོའི་བོད་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་མངོན་པའི་ཤེས་བྱ་ཀུན་བཏུས་ཆེ་མོའི་བརྩམས་ཆོས་ཤིག་དང་བོད་རིགས་ཀྱི་གནའ་བོའི་ལྷ་སྒྲུང་དང་། གཏམ་རྒྱུད། སྒྲུང་གཏམ། དམངས་གཞས། གཏམ་དཔེ་སོགས་དམངས་ཁྲོད་ཀྱི་རྩོམ་རིག་རྨང་གཞིའི་ཐོག་ཐོན་པ་དང་འཕེལ་རྒྱས་བྱུང་བ་ཞིག་རེད། དེས་གནའ་བོའི་བོད་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་འབྲས་ཆེ་ཤོས་མཚོན་གྱི་ཡོད། 2009ལོར《གླིང་སྒྲུང་》འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་རེད།