གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀྲུང་གོའི་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གིས་གཞོན་ནུ་ཚན་རིག་མཁས་ཅན་གྱི་གླེང་སྟེགས་སྐབས་གཉིས་པ་སྤེལ་བ་རེད།

སྤེལ་དུས 2018-10-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           ཀྲུང་གོ་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས10 ཉིན། ཀྲུང་གོའི་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གིས་བོད་ལྗོངས་ཉིང་ཁྲིར་གཞོན་ནུ་ཚན་རིག་མཁས་ཅན་གྱི་གླེང་སྟེགས་སྐབས་གཉིས་པ་སྤེལ་ཞིང་། གླེང་སྟེགས་འཚོགས་ཡུལ་དུ། “ མཚོ་བོད་ས་མཐོའི་ཚན་རིག་ལག་རྩལ་གྱི་བྱ་དགའ”སྐབས་བཅུ་གཅིག་པའི་བྱ་དགའ་ཐོབ་མཁན་པའེ་ལིང་དང་། ཁྲེན་ཅན་ཧོས།  ཏེ་ཅིན་ཀིན། ཧུའུ་ཅུན་ཧྭ།  ཉིག་ཧྲུའུ་ལི། ཝང་ལེ། ཝང་ཝེ་ཐའོ། ཝང་ཞའོ་ཕིང་། ཝང་ཙི་ཆན། ཀྲང་ཁི་ཚུང་སོགས་ཀྱིས་ཚན་རིག་ཞིབ་འཇུག་གི་བརྒྱུད་རིམ་དང་མྱོང་ཚོར་ལོངས་སྤྱོད་བྱས།
འདི་ནི་གླེང་སྟེགས་ཀྱི་འཚོགས་ཡུལ་དངོས་རེད།
           ལན་ཀྲོའུ་སློབ་ཆེན་གྱི་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁྲེན་ཅན་ཧོས་ཀྱིས་གཙོ་བོ་མཚོ་བོད་ས་མཐོ་དང་དེའི་མཐའ་འཁོར་གྱི་ས་མཐོའི་ས་ཁོངས་ཀྱི་གནམ་གཤིས་དང་ཁོར་ཡུག་གི་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་ཅིང་།  ཁོང་གིས“ ཚན་རིག་ཞིབ་འཇུག་གི་ལས་དོན་ཁྲོད། ཚོགས་པའི་མཉམ་ལས་ནི་རྨང་གཞི་དང་། རིག་གཞུང་སྣ་མང་ཕན་ཚུན་བསྣོལ་བ་ནི་ནུས་ལྡན་གྱི་ཐབས་ལམ་ཞིག་ཡིན”ཞེས་བསྟན།
           ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་པའེ་ལིང་གི་མཐོང་ལམ་དུ་ཧི་མ་ལ་ཡའི་རི་བསྐྲུན་ཁུལ་ནི་ས་ཡོམ་རིག་པའི་ཞིབ་འཇུག་གི་ཕུགས་བསམ་གྱི་རང་བྱུང་ཚོད་ལྟ་ར་བ་ཞིག་ཡིན་ཞིང་། དེ་ནི་རྒྱལ་སྤྱིའི་ཞིབ་འཇུག་མཉམ་ལས་ཀྱི་འཇུག་སྒོ་འཛིན་ས་གལ་ཆེན་ཞིག་དང་། རིག་གཞུང་སྣ་མང་ཕན་ཚུན་བསྣོལ་བར་འཚམ་པའི་རིག་གཞུང་སྤེལ་རེས་ཤིག་ཀྱང་ཡིན། “ཚན་རིག་ཞིབ་འཇུག་གི་ལས་ཀ་བསྒྲུབ་ན་རྒྱུན་པར་ཡིག་ཚང་ལ་ལྟ་ཀློག་དང་། རིག་གཞུང་གི་གནས་བབ་ཀྱི་རྗེས་སྙེག་དགོས་པར་མ་ཟད།དུས་མཚུངས་སུ་གསར་གཏོད་བྱེད་ཕོད་དགོས”ཞེས་པའེ་ལིང་གིས་མྱོང་ཚོར་ལོངས་སྤྱོད་བྱས།
           མཚོ་བོད་ས་མཐོའི་ས་གཤིས་རིམ་འགྱུར་ལ་ཞིབ་འཇུག་བྱེད་མཁན་གྱི་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏེ་ཅིན་ཀིན་གྱིས་བསྟན་དོན། རང་ཉིད་ཀྱིས་ཆེས་མཛེས་སྡུག་ལྡན་པའི་དུས་སྐབས་ནང་ཆེས་རླབས་ཆེ་བའི་ས་མཐོར་འཕྲད་ཅིང་། “སྔོན་རབས་པ་རྣམས་ཀྱིས་མཚོ་བོད་ས་མཐོའི་ཞིབ་འཇུག་ལ་བཅངས་པའི་སྤྲོ་སེམས་དང་། ཨུ་ཚུགས།  མཚོ་བོད་ས་མཐོའི་སྙིང་སྟོབས་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།
འདི་ནི་ཡོན་ཧྲི་སུན་ཧུང་ལད་ཀྱིས་ན་གཞོན་ཚན་རྩལ་ལས་སྒྲུབ་པར་གསུང་བཤད་གནང་བའི་ཚུལ་རེད། 
           དེ་སྔ་མ་དངུལ་བཏང་ནས“ མཚོ་བོད་ས་མཐོའི་གཞོན་ནུའི་ཚན་རྩལ་བྱ་དགའ”བཙུགས་པའི་ཀྲུང་གོ་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་དང་། ཀྲུང་གོའི་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་མཚན་འཛིན་ལས་འཛིན་འགོ་གཙོ་ཡོན་ཧྲི་སུན་ཧུང་ལད་ཀྱིས་དུས་ཡུན་རིང་པོར་ན་གཞོན་ཚན་རྩལ་ལས་བྱེད་པ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་དོ་སྣང་བྱེད་ཅིང་།  ཁོང་གིས་བཤད་རྒྱུར། “ ལོ་ན་ཕྲ་བའི་བློ་མཐུན་རྣམས་འཚར་ལོངས་བྱུང་བར་གཅིག་ནས་རྨང་གཞི་བརྟན་པོ་ཞིག་དགོས།  ང་ཚོ་ཁྱབ་ཁོངས་ག་གེ་མོ་ཞིག་ཏུ་མུ་མཐུད་ནས་གཏིང་ཟབ་ཏུ་འཛུལ་བའི་སྐབས་སུ། འབྲེལ་ཡོད་རིག་ཚན་མང་པོ་ཞིག་གི་རྨང་གཞིའི་ཤེས་བྱ་ཁ་གསབ་རྒྱག་དགོས་པ་རྟོགས་ཐུབ། གཉིས་ནས་རང་བྱུང་ནང་འདྲེས་པར་བྱེད་དགོས་ཤིང་། རང་ཉིད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་གོ་སྐབས་གང་རུང་དམ་འཛིན་བྱས་ཏེ་ཕྱི་རོལ་དུ་རྟོག་ཞིབ་དང་། ལྟ་དཔྱད་ཚད་འཇལ་བྱས་ནས་རང་བྱུང་དུ་ཟབ་ཞུགས་བྱས་ཏེ་གཞི་གྲངས་དང་ཆོས་ཉིད་ཁོང་དུ་ཆུད་དགོས་པ་དང་། རྨང་གཞི་དེའི་ཐོག་སླར་ཡང་དཔེ་དབྱིབས་བེད་སྤྱོད་བྱེད་དགོས། གསུམ་ནས་ཚེ་གང་གི་བྱ་བ་ཞིག་ཏུ་བརྩིས་ནས་མཚོ་བོད་ས་མཐོའི་ཞིབ་འཇུག་གི་བྱ་གཞག་འདི་ལྷོད་མེད་མཐའ་འཁྱོངས་ངང་ལེགས་པར་བསྒྲུབ་དགོས”ཞེས་བཤད།
           གླེང་སྟེགས་འཚོགས་ཡུལ་དུ། གཞོན་ནུ་ཚན་རིག་མཁས་ཅན་གྱི་གླེང་སྟེགས་ཀྱིས་ད་རུང“ འཛམ་གླིང་ཡང་རྩེའི་གཞོན་ནུ་ཚན་རིག་མཁས་ཅན་གྱི་མནའ་འབྲེལ་གྲོས་གཞི”བཏོན་ཏེ།   འཛམ་གླིང་ཡང་རྩེ་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་གཞོན་ནུ་ཚན་རིག་མཁས་ཅན་གྱིས་གླེང་མོལ་དང་འབྲེལ་འདྲིས་བྱ་བར་ཤུགས་སྣོན་རྒྱག་པ་དང་།  རྣམ་པ་འདྲ་མིན་གྱི་ཞིབ་འཇུག་མཉམ་ལས་སྤེལ་བར་སྐུལ་མ་བྱས།