ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དྲ་རྒྱའི་ཚོགས་སྟོན། དྲ་རྒྱའི་བདེ་འཇགས་ནི་དོ་སྣང་བྱ་ཡུལ་གཙོ་བོ་ཡིན།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
            ཨ་རིའི་ཤར་ནུབ་ཕྱོགས་ཞིབ་འཇུག་སུའོ་ཡི་གོ་ལ་ཧྲིལ་པོའི་དབུ་འཛིན་གཞོན་པ་པུའུ་ལུའུ་སི་·མའེ་ཁང་ནཱས་གླེང་དོན། “དྲ་རྒྱ་སྤྱོད་མཁན་དང་དྲ་རྒྱའི་ལག་རྩལ་ཀུང་སིས་ཁོ་ཚོའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ལ་དུས་ཚོད་དང་སྒོར་མོ་མང་བོ་བཏང་མེད།” པུའུ་ལུའུ་སི་·མའེ་ཁང་ནཱའི་བསམ་པར་རྨང་གཞིའི་སྒྲིག་བཀོད་གཅིག་རྗེས་གཉིས་མཐུད་ཀྱིས་དྲ་རྒྱ་དང་སྤྲེལ་བས། རྒྱལ་ཁབ་ཁག་གིས་རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་དང་དངོས་མང་དྲ་སྦྲེལ་ཆ་ཤས་མངོན་སུམ་དུ་གྱུར་ཡོད། འོན་ཀྱང་དེ་བསྟུན་གྱི་ཕན་ཚུན་ཆ་མཉམ་པའི་དྲ་རྒྱའི་བདེ་འཇགས་འགན་ལེན་ཐུབ་མེད།

དྲ་རྒྱ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ཡུལ་དངོས།
            ཟླ་11ཚེས་7ཉིན་གྱི་ཕྱི་དྲོར། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཝུའུ་ཀྲེན་དུ་འཚོགས། རྒྱལ་ཁབ་དང་ས་ཁུལ་སྲིད་གཞུང་གི་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དྲ་རྒྱའི་ཁེ་ལས་ཀྱི་སྣེ་ཁྲིད་མི་སྣ། དྲ་རྒྱའི་གྲགས་ཅན་མི་སྣ། ཆེད་ལས་མཁས་པ་བཅས་མཉམ་དུ་“བསམ་བློའི་ཚོགས་སྟོན་”འདིར་ཞུགས། དྲ་རྒྱའི་བདེ་འཇགས་ནི་སྐུ་མགྲོན་ཚོས་གཙོ་གནད་དོ་ཁུར་བྱེད།
            ཁཱ་པ་སི་ཅི་ཚོད་ལྟ་ཁང་གི་གསར་གཏོད་པ་ཡིག་ཅིན་·ཁཱ་པ་སི་ཅིས་ཚོགས་འདུའི་ཐོག་བརྗོད་རྒྱུར། “ཉིན་རེར་ང་ཚོས་གཏོར་བརླག་མཉེན་ཆས་ཀྱི་མ་དཔེ་གསར་བ་ཁྲི་30འཚོལ་བསྡུ་བྱེད། དོན་དངོས་ཐོག་ཉིན་ལྟར་གྱི་གྲངས་འབོར་འདི་ནི་ཧ་ཅང་ཆེན་པོ་རེད།” ཁོས་དྲ་རྒྱའི་འཇིགས་སྐུལ་བའི་དམིགས་ཡུལ་གཙོ་བོ་གསུམ་དུ་ཕྱོགས་བསྡོམས་དབྱེ་ཆོག་པ་སྟེ། རྨང་གཞིའི་སྒྲིག་བཀོད་དང་སྲིད་གཞུང་། མི་སྒེར་བཅས་སོ། །འོན་ཀྱང་དྲ་རྒྱའི་འཇིགས་སྐུལ་པས་དམིགས་འབེན་ནི་གཙོ་བོ་མི་སྒེར་གྱི་བཀོལ་སྤྱོད་པ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཡིན། དེས་99%ཟིན་ཡོད་པ་རེད།
            ཁོང་གིས་ཡུལ་དངོས་སུ་སྤྱི་དོན་ཞིག་ནན་བཤད་གནང་དོན། དྲ་རྒྱའི་བདེ་འཇགས་དེ་དྲ་རྒྱའི་རིམས་ཐར་གྱི་གོ་དོན་དུ་བསྒྱུར་དགོས། ཁོང་གིས་བརྗོད་རྒྱུར། དྲ་རྒྱའི་རིམས་ཐར་ནི་ཁཱ་པ་སི་ཅིས་མིག་སྔར་ཞིབ་འཇུག་ཧུར་ཐག་བྱེད་བཞིན་ཡོད་པའི་སྤྱི་དོན་ཞིག་ཡིན། དེས་དྲ་རྒྱའི་བདེ་འཇགས་ལས་རིགས་ཀྱི་འབྱུང་འགྱུར་ལ་མཚན་ཉིད་བཀོད་ཡོད། “ཟོག་སྦྲེལ་དྲ་རྒྱའི་ཁོར་ཡུག་སྲུང་སྐྱོབ་ཐག་གཅོད་བྱེད་པའི་ཇུས་གཞི་འདོན་ཐུབ་པར་ང་ཚོས་རེ་སྨོན་བྱེད་བཞིན་ཡོད།” ཁཱ་པ་སི་ཅིའི་རེ་བར་ཟོག་འབྲེལ་དྲ་རྒྱ་དང་དེ་བཞིན་བཟོ་ལས་ཁེ་ལས་དག་བློ་གྲོས་ཀྱི་སྒྲིག་ཆས་ནང་ཞུགས་ཐུབ་པ་དང་། ནང་གནས་བཤེར་འགོད་ཀྱི་བདེ་འཇགས་སྒྲོམ་གཞི་ཆེས་ཆུང་བ་དང་བྱེས་འགོག་བང་རིམ་ཀྱི་དྲ་རྒྱའི་བདེ་འཇགས་རིམ་པ་ལྡན་པར་བཙུགས་པ་བརྒྱུད། འབྱུང་འགྱུར་དྲ་རྒྱའི་བདེ་འཇགས་ལས་རིགས་ཀྱི་ཆེས་གཞི་རྩའི་གཞི་རྒྱུ་འཛུགས་དགོས།
            རོ་མ་ཉི་ཡའི་འཕྲིན་གཏོང་དང་ཆ་འཕྲིན་སྤྱི་ཚོགས་པུའུ་ཡི་འགོ་འཛིན་སྐུ་ཞབས་ཁུ་རའོ་ཁཱ་ལུའུ་ཡིས་གཏམ་བཤད་གནང་སྐབས་བརྗོད་རྒྱུར། “ཉེ་བའི་ལོ་ཤས་རིང་། ལག་རྩལ་གསར་པ་ཟམ་མི་ཆད་པར་གོང་དུ་འཕེལ་བ་དང་བསྟུན། དྲ་རྒྱའི་བདེ་འཇགས་ཉིན་རེ་བཞིན་ཛ་དྲག་པའི་གནད་དོན་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་རིམ་པའི་ངོས་ནས་ང་ཚོས་པུའུ་རིམ་པའི་ཆ་འཕྲིན་བདེ་འཇགས་ཕྱོགས་ནས་འབྲེལ་འདྲིས་དང་སྤེལ་རེས་བྱེད་པའི་ལམ་སྲོལ་འཛུགས་དགོས། ཆ་འཕྲིན་བདེ་འཇགས་དང་དྲ་རྒྱའི་བདེ་འཇགས་ཐད་ཀྱི་གལ་ཆེའི་ལས་དོན་ལ་སྐུལ་འདེད་བཏང་ནས་ཁྲིམས་འཛུགས་བརྒྱུད་རིམ་ཁྲོད་དུ་འཇོག་དགོས། དུས་མཚུངས་སུ་ང་ཚོའི་མདུན་དུ་ལྷགས་པ་ནི་དྲ་རྒྱའི་འཇིག་སྐུལ་པའི་རྒོལ་བ་ཡིན། དེར་བརྟེན་སྲིད་ཇུས་ཐད་ཧུར་བརྩོན་གྱིས་གདོང་ལེན་བྱ་དགོས།”

360གསར་གཏོད་པ་ཀྲོའུ་ཧུང་དབྱིས་“360བདེ་འཇགས་ཀླད་ཆེན།--རིག་ནུས་དྲ་རྒྱའི་བདེ་འཇགས་ཆ་བགོས་འགོག་སྲུང་མ་ལག་”ངོ་སྤྲོད་བྱེད་བཞིན་པ།
            360གསར་གཏོད་པ་ཀྲོའུ་ཧུང་དབྱིས་བསམ་དོན། སྲོལ་རྒྱུན་གྱི་དུག་སེལ་མཉེན་ཆས་དང་མེ་འགོག་གྱང་གི་ལག་རྩལ་ད་ལྟ་དུས་ཚོད་ཡོལ་བས། གཞི་གྲངས་ཆེ་མོ་དང་མིའི་རིག་ནུས་བརྩི་ཐབས་ལ་བརྟེན་པའི་“360བདེ་འཇགས་ཀྱི་ཀླད་ཆེན་”གྱིས་གཏིང་རྒྱ་ཚད་དཔོག་དཀའ་བའི་དྲ་རྒྱའི་འགན་སྲུང་གཞི་གྲངས་ཁྲོད་རྗེས་ཤུལ་ཙམ་རྙེད་ཐུབ། དེ་ནས་ཤེས་ཚོར་ལྡན་པ་དང་སློབ་སྦྱོང་། རྗེས་དཔག སྔོན་དཔག ཐབས་ཇུས་ནུས་པ་ལྡན་པའི་རིག་ནུས་འགོག་སྲུང་མ་ལག་བཙུགས་ཏེ། སྔར་བས་རིག་ནུས་ཅན་དང་སྤྱི་ཡོངས་རང་བཞིན་གྱིས་བདེ་འཇགས་འགོག་སྲུང་མངོན་འགྱུར་ཐུབ།
            ཐེང་ཤུན་ཀུང་སིའི་དབུ་འཛིན་ཚོགས་པའི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་བ་མཱ་ཧཱ་ཐུན་གྱིས་དྲན་སྐུལ་བྱས་དོན། གྲངས་འདས་རྩིས་རྒྱག གཞི་གྲངས་ཆེན་མོ། མིའི་རྩིས་རིག་ནུས་འཕེལ་རྒྱས་མྱུར་པོ་ཕྱིན་པས། ཇི་ལྟར་མའཐའ་སྣེའི་བདེ་འཇགས་འགན་སྲུང་བྱེད་པ་དང་། སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པ། གྲངས་སྒྱུར་ཅན་གྱིས་ངལ་རྩོལ་ནུས་ཤུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་བར་ཇི་ལྟར་ཁ་གཏད་གཅོག་དགོས། འདི་དག་ནི་ཉིན་རྒྱུན་བསམ་གཞིགས་བྱེད་དགོས་པའི་གནད་དོན་ཞིག་རེད། མཱ་ཧ་ཐུན་གྱིས་ཐད་གར་བརྗོད་དོན། “ཕན་ཚུན་ཡིད་ཆེས་མཉམ་བཅོས་ཀྱི་གྲངས་གཞིའི་འཇིག་རྟེན་གསར་སྐྲུན་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་པ་དང་། ང་ཚོ་ནི་སོ་སོ་ཁྱོད་ཤི་ང་གསོན་གྱི་འགྲན་ཡ་མིན་པར། འབྱུང་འགྱུར་གྱི་འགྲན་སློང་ལ་ཁ་གཏད་པའི་འཐབ་རོགས་ཡིན།”
            མཉེན་ཆས་གོ་ལ་ཧྲིལ་པོའི་ཀུང་སིའི་ལག་བསྟར་དབུ་འཛིན་གཞོན་པ་ཧྲིན་ཞཱང་ཡཱང་གིས་བརྗོད་རྒྱུར། ཁོས་རྩོམ་སྒྲིག་པར་སྐྲུན་བྱས་པའི་《འབྱུང་འགྱུར་བརྩི་བ།》དེབ་ཀྱི་ནང་དུ་མིའི་རྩིས་རིག་ནུས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་ལ་དཔྱད་པ་ཟབ་མོ་བཏང་ནས།  འདྲ་མཉམ་དང་བློས་འཁེལ། གསང་བ། འགན་ལེན། བཟོད་སྒོམ། དྭངས་གསལ། འགན་འཁུར་བཅས་“རྩ་དོན་ཆེན་པོ་དྲུག་”བཏོན་ཡོད། ཁོང་གིས་བསམ་པར་གོང་དུ་བརྗོད་པའི་“རྩ་དོན་ཆེན་པོ་དྲུག་”གིས་འབྱུང་འགྱུར་མིའི་རྩིས་རིག་ནུས་འཕེལ་རྒྱས་དང་མཆོང་སྐྱོད། བེད་སྤྱོད་བྱེད་པར་མཛུབ་སྟོན་བྱེད།
            “ཡོད་ཚད་ཀྱི་བྱ་རིམ་སྒྲིག་ཆོག་པ་དང་བྱ་དངོས་ཡོད་ཚད་སྦྲེལ་ཆོག་”པའི་དུས་རབས་འདིར། དྲ་རྒྱར་རྒོལ་བའི་གནོད་འཚེ་དེ་དྲ་རྒྱའི་བར་སྟོང་གཅིག་པ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས། རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས། དངུལ་རྩའི་བདེ་འཇགས། སྤྱི་ཚོགས་མི་སྒེར་གྱི་རྒྱུ་ནོར་གྱི་བདེ་འཇགས། མིའི་ཕུང་ཁམས་ཀྱི་བདེ་འཇགས་བཅས་ལ་ཤུགས་རྐྱེན་ཐེབས་པས། དྲ་རྒྱའི་བདེ་འཇགས་དེ་བདེ་འཇགས་ཆེན་མོའི་དུས་རབས་སུ་སླེབས་ཡོད།