ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ཀྱི་ཚོགས་འདུ་གཉིས་ཀྱི་བསྡུས་རིས།

སྤེལ་དུས 2019-01-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་ཟླ་1ཚེས་10ཉིན་གྱི་སྔོ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་ཡུལ་ཡིན་པ།
            ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོས་མུ་མཐུད་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ་རེད། འདི་ནི་སློབ་གསོ་ལུས་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་འཕྲིན་ལས་སྤེན་པས(གཡས་ཀྱི་གཉིས་པ)སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གནང་བཞིན་པ།
འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཚོགས་ཆེན་གྱི་སྙན་སྒྲོན་ལ་ནན་ཏན་ངང་གཟིགས་བཞིན་པ།
འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཚོགས་རར་ཚོགས་ཆེན་གྱི་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།
            ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་བྱས་ཤིང་། འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞི་རགས་བཤེར་ཚོགས་ཆུང་གི་ལས་དོན་མི་སྣས་ཨུ་ཡོན་ཚོས་བསྐྱལ་བའི་གྲོས་གཞིར་ཞིབ་བཤེར་བྱེད་བཞིན་པ།
འདི་ནི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་སྲུང་སྐར་ཐད་གཏོང་རླངས་འཁོར་སྤྱད་དེ་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གཟབ་རྒྱས་ཐད་གཏོང་བྱེད་བཞིན་པ།
འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མི་རིགས་ཀྱི་གཟབ་སྤྲོས་སྤྲས་ཤིང་སྙིང་སྟོངས་རབ་འཕེལ་གྱིས་ཚོགས་རར་སྐྱོད་བཞིན་པ།
འདི་ནི་ལྷོ་ཁ་ནས་ཕེབས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲའོ་ཅི་ཕེང(གཡོན་གྱི་དང་པོ)དང་། ལྷག་བཟང(གཡོན་གྱི་གཉིས་པ)ཤེས་རབ་འོད་ཟེར(དཀྱིལ) སྒྲོལ་དཀར(གཡས་ཀྱི་གཉིས་པ) བློ་བཟང་དབང་མོ(གཡས་ཀྱི་དང་པོ)བཅས་ཀྱིས་ཚོགས་འདུའི་བར་གསེང་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བཞིན་པ།
ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་གིས་ཚོགས་ཆུང་ཁག་བགོས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་ཞིང་། འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་ཡན་ལག་ཚོགས་ར་ཡིན་པ།
            ཟླ་1ཚེས་10ཉིན་གྱི་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོའི་རྣམ་པ་བབ་བརླིང་ལྡན་ཞིང་སྤྲོ་སེམས་འཁོལ་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་400ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ཏེ་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ལག་བསྟར་ནན་ཏན་གནང་བ་རེད།
            སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན། ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དུས་བསྟུན་མདུན་སྐྱོད་དང་འཐུས་སྒོ་ཚང་བའི་ངང་འཕེལ་རྒྱས་བྱུང་ཞིང་། སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་འཕེལ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་བྱེད་རིང་ལེགས་ཆ་དང་ཕན་ནུས་ཆེན་པོ་ཐོན་ཡོད།
            ལོ་གཅིག་གི་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ཆད་མེད་པར་བྱ་ཐབས་གསར་གཏོད་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་སྟེགས་རྒྱ་ཆེར་གཏོང་བ་བཅས་བྱས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མིས་ཐད་ཀར་འཐུས་མི་145ལ་འབྲེལ་གཏུག་བྱས་པ་དང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་བའི་འཐུས་མི་དང་བཞུགས་མོལ་བྱེད་པའི་ལམ་སྲོལ་བཙུགས་ཏེ་བྱ་ཐབས་མང་པོའི་སྒོ་ནས་མང་ཚོགས་ཀྱི་བསམ་འཆར་དང་རེ་བ་ཉན་པ་དང་གོང་ཞུ་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་440ལྷག་ཙམ་གྱི་ཁོངས་གཏོགས་འདེམས་ཁུལ་དང་ཆེད་ལས་ཀྱི་ཁྱད་ཆོས་སོགས་གཞིར་བཟུང་འཐུས་མི་ཚོགས་ཆུང་52བཙུགས་ནས་ཚོགས་འདུ་མཇུག་འགྲིལ་རིང་གི་འཐུས་མིའི་བྱེད་སྒོའི་རྒྱུན་གཏན་རང་བཞིན་དང་ཚད་ལྡན་རང་བཞིན་ལ་སྐུལ་འདེད་བཏང་བ་རེད།
            མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད་མི་དམངས་ཀྱི་ཆེད་དུ་དབང་ཆ་ཡག་པོ་སྤྱོད་པ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ། མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཀྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་འབད་འབུངས་མདུན་སྐྱོད་བཞིན་ཡོད།