ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་ཚོགས་ཆེན་གཉིས་སུ་སྲིད་གྲོས་ཨུ་ཡོན་ལྷ་སར་འཛོམས་ཏེ་མཉམ་གཅིག་ཏུ་ཇུས་ཆེན་ལ་གྲོས་བསྡུར་བྱས།

སྤེལ་དུས 2019-01-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
  རི་མོ་འདི་ནི་མགོ་རྩོམ་པའི་ཡུལ་དངོས་རེད།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ1པོའི་ཚེས9ཉིན་གྱི་སྔ་དྲོ། ཀྲུང་གོའི་མི་དམངས་སྲིད་གྲོས་གྲོས་མོལ་ཚོགས་འདུའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་མགོ་བརྩམས་ཤིང་། བོད་ལྗོངས་སྲིད་གྲོས་ཨུ་ཡོན་རྣམས་ལྷ་སར་འཛོམས་ཏེ་ཐུན་མོང་སྒོས་བོད་ལྗོངས་འཕེལ་རྒྱས་གྱི་ཇུས་ཆེན་གྲོས་བསྡུར་བྱས་ནས་ཐབས་ཇུས་བཟང་པོ་བཙལ། 

 རི་མོ་འདི་ནི་མགོ་རྩོམ་པའི་ཡུལ་དངོས་རེད།
          དགུན་ཁའི་ལྷ་ས་ནི་གྲང་ངར་ཆེ་མོད། བསྟུད་མར་ཚོགས་རར་སླེབས་པའི་སྲིད་གྲོས་ཨུ་ཡོན་རྣམས་ནི་གཅིག་ལས་གཅིག་སྟོབས་ཤུགས་ཀྱིས་ཁེངས་ཏེ་གོམ་སྟབས་བརྟན་པོ་ཡིན་པ་དང་། ཁོ་ཚོས་འགྲོ་ཞོར་བསམ་ཚུལ་བརྗེ་རེས་བྱས་ཏེ་ཡིད་ཆེས་བརྟན་པོའི་ངང་ཚོགས་རར་འཛུལ་གྱིན་ཡོད།

  རི་མོ་འདི་ནི་མགོ་རྩོམ་ཡུལ་དངོས་རེད།
          ནག་ཆུ་གྲོང་ཁྱེར་ནས་ཕེབས་པའི་སྲིད་གྲོས་ཨུ་ཡོན་བཀྲ་ཤིས་ཕུན་ཚོགས་ནི་ན་ནིང་དམིགས་བསལ་གྱི་གནས་ཚུལ་གྱི་དབང་གིས་ཚོགས་འདུར་ཞུགས་མ་ཐུབ་ཅིང་། ད་ལོ་ནི་བོད་ལྗོངས་ཚོགས་ཆེན་ལ་ཞུགས་ཐེངས་དང་པོ་ཡིན། ཁོས་བཤད་རྒྱུར། “རིག་རྩལ་སྡེའི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་རང་ལུས་ཀྱི་དངོས་ཡོད་དང་འབྲེལ་ནས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཨུ་ཡོན་ཚད་ལྡན་པ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དགོས”ཞེས་བཤད།

 རི་མོ་འདི་ནི་མགོ་རྩོམ་ཡུལ་དངོས་རེད།
          ཆབ་མདོའི་བསོད་ནམས་དབང་འདུས་ནི་སྲིད་གྲོས་ཨུ་ཡོན“རྒན་པ”ཞིག་ཡིན་ཞིང་། ད་ལོར་ཁོས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་གྲིས་གཞི་འཁྱེར་ཡོང་། ཁོས་བཤད་རྒྱུརཡ“ད་ལོ་ནི་བོད་ལྗོངས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་འཁོར་དྲུག་ཅུ་འགོར་བ་ཡིན་ཞིང་། བོད་ལྗོངས་ཀྱི་འཕེལ་རྒྱས་འོད་སྟོང་འབར་བ་དང་། ཚོང་གཉེར་གྱི་ཁོར་ཡུག་སྔར་བས་ཇེ་ལེགས་སུ་བཏང་སྟེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་ཆ་རྐྱེན་དེ་བས་ལེགས་པོ་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད”ཅེས་བཤད།

 རི་མོ་འདི་ནི་མགོ་རྩོམ་ཡུལ་དངོས་རེད།
          ལྷ་སའི་སྲིད་གྲོས་ཨུ་ཡོན་འཇམ་དབྱངས་བློ་བསྟན་ནི་ཁེ་ལས་ཀྱི་འགན་འཁུར་པ་ཡིན་ཞིང་། ལོ་གང་མང་ཞིག་གི་བརྒྱུད་རིམ་བརྒྱུད་རྗེས་ཁོར་ཟས་རིགས་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་ཤེས་སུ་བཅུག་པ་དང་། ད་ལོའི“ཚོགས་ཆེན་གཉིས”ཀྱི་སྟེང་། ཁོས་ཟས་རིགས་བདེ་འཇགས་སྐོར་གྱི་གྲོས་གཞི་གྲ་སྒྲིག་བྱས་ཡོད། ཁོང་གིས་བཤད་རྒྱུར། “སྲིད་གྲོས་ཨུ་ཡོན་ཚད་ལྡན་ཞིག་འགྱུར་དགོས་ན།  ཡོངས་ཁྱབ་ཀྱིས་སྲིད་དོན་གྲོས་མོལ་དང་། ཧུར་བརྩོན་སྒོས་བསམ་འཆར་བཏོན་ནས་ཇུས་གཞི་འབུལ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་ལ། ཧ་ཅང་གཟི་བརྗིད་ལྡན་པའི་འོས་འགན་ཞིག་ཀྱང་ཡིན”ཞེས་བཤད།