ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་2018ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ས་ཨུད(གྲོང་ཨུད)ཀྱི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་འགན་སྒྲུབ་དཔྱད་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས 2019-01-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་1ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་2018ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ས་ཨུད(གྲོང་ཨུད)ཀྱི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་འགན་སྒྲུབ་དཔྱད་མོལ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་འགན་བསྒྲུབས་ཚུལ་ལ་དཔྱད་བརྗོད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
           ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཞུས་ཡུང་དང་། ནོར་བུ་དོན་གྲུབ། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
           ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་རེད། ཚོགས་འདུའི་ཐོག་ས་ཨུད(གྲོང་ཨུད)ཁག་གི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་བྱེད་པའི་ཐད་རིམ་པ་བཞིན་འགན་སྒྲུབ་གསལ་ཞུ་བྱས་ཤིང་། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་ཀྱིས་རིམ་པ་བཞིན་དཔྱད་བརྗོད་གནང་བ་རེད།
           ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་འགན་སྒྲུབ་དཔྱད་མོལ་ཚོགས་འདུའི་བརྗོད་དོན་གཙོ་བོ་གཅིག་སྡུད་དང་། བཀོད་སྒྲིག་ཚགས་ཚུད། གོ་རིམ་ནན་པ། བླང་བྱ་ཞིབ་ཕྲ་བཅས་ཡོད་པས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཐད་གནས་པའི་ཉམས་ཞན་ལྷུ་ཚིགས་འཚོལ་ཞིབ་ཐུབ་ཡོད་ལ། དག་ཐེར་གྱི་ཁ་ཕྱོགས་གསལ་སྟོན་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་རིམ་ཁག་ཏང་རྩ་འཛུགས་ཀྱི་འགན་འཁྲིའི་འདུ་ཤེས་གསལ་སྟོན་ཐུབ་པ། རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་རང་འགན་གཙང་སྒྲུབ་ལ་ནང་གནས་གསོན་ཤུགས་འཕེལ་བ་བཅས་བྱུང་ཡོད། དེ་ནི་ཚད་གཞི་དང་ཡང་ཡང་བསྡུར་ནས་ཁ་ཕྱོགས་གཏན་འཁེལ་དང་། མཉམ་དུ་གྲོས་བསྡུར་དང་བྱ་ཐབས་བཏོན་པ་ཞིག་ཡིན་ལ། བསམ་བློའི་བཅུད་ལེན་དང་འགན་འཁྲི་བརྒྱུད་སྤྲོད་བྱས་པ་དེ་བས་ཡིན་པས་གཞི་རིམ་ལ་དམ་འཛིན་གྱིས་རྨང་གཞིར་ཤུགས་སྣོན་རྒྱག་པའི་སྟོན་ཕྱོགས་གསལ་པོ་བཏོད་ཡོད། ས་ཨུད(གྲོང་ཨུད)ཀྱི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་ལས་དོན་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་ལ་ལྟ་སྟངས་ནན་ཏན་འཛིན་པ་དང་། དཔྱད་བརྗོད་བསམ་འཆར་འདོན་པ། བསམ་ཕྱོགས་གསལ་བཟོ། བྱ་ཐབས་གཏན་འཁེལ། དག་ཐེར་ལ་དམ་འཛིན་བཅས་བྱས་པས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཐུབ་ཡོད་ལ་ལས་དོན་ལ་སྐུལ་འདེད་དང་ཕན་འབྲས་དངོས་ཐོན་ཡོད་ཅེས་གསུངས།
           ཝུའུ་དབྱིང་ཅེས་འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ལ་བརྩིས་ནས་ལག་ཏུ་སྟངས་འཛིན་ནན་པོ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་ལ་འཕེལ་རྒྱས་གཏོང་ཤེས་པ། ཕྱུག་འགྱུར་ཐུབ་ལ་བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་ལ་འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་མཁར་རྫོང་བརྟན་པོ་སྐྲུན་པ་དམ་འཛིན་བྱ་གཞིར་བྱེད་པ། སྤྱི་འདོམས་ཇུས་འགོད་དང་། རྩ་སྲ་རྨང་བརྟན། རྩ་བ་གཙང་མ་བརྟན་སྲུང་དང་གསར་གཏོད། འགག་སྒྲོལ་དཀའ་སེལ་བཅས་བྱེད་པ། ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། ཞིབ་ཕྲ། གནད་ལ་འཁེལ་བ་བཅས་ལ་དམ་འཛིན་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་ཁྲག་རྒྱུན་དུ་འདྲེས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འཇོན་ཐང་དང་རྩ་འཛུགས་ཀྱི་འཇོན་ཐང་ཆེ་རུ་ནུས་ལྡན་གཏོང་བ། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བ། “མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་འདུ་འགོད”ལག་ལེན་གཏིང་ཟབ་བསྟར་བ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ། གཞི་རིམ་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད་ཅེས་གསུངས།
           ཝུའུ་དབྱིང་ཅེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར། གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་དངོས་འབྲེལ་བཅས་བྱས་ནས་གཞི་རིམ་ལ་དམ་འཛིན་དང་རྨང་གཞིར་ཤུགས་སྣོན་རྒྱག་པའི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས།  
           གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་ལེན་བསྟར་བ་བཅས་ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་ཐུབ་པར་བྱེད་དགོས། “སྲུང་སྐྱོང་གཉིས”མཐའ་འཁྱོངས་བྱེད་པ་ཁ་གསལ་བའི་ཆབ་སྲིད་ཀྱི་ཚད་གཞི་དང་རྩ་བའི་ཆབ་སྲིད་ཀྱི་བླང་བྱ་ཞིག་ལ་བརྩིས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་རྨང་གཞིའི་ཐོག“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ཚད་ལོན་གྱི་ཏང་ཡོན་བྱེད་པ་དང་གདོང་ལེན་དཔེ་བཟང་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་མུ་མཐུད་རྒྱ་ཁྱབ་སྤེལ་བ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་དེ་བས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་དང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་ཏེ་ལྷག་བསམ་རྣམ་དག་དང་། དད་མོས། འགན་འཁྲི་འཁུར་ཕོད་པ། འཇོན་ཐང་། འགན་འཁྲི། ངར་ཤུགས། སྤྱོད་གཙང་བཅས་ཤེས་པར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཁྲག་རྒྱུན་དུ་སྔར་བས་མཉམ་འདྲེས་ཐུབ་པར་བྱེད་དགོས། ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས།
           གཉིས་ནས་གཞི་རིམ་རྩ་འཛུགས་ཀྱི་སྒྲིག་འཛུགས་འཇོན་ཐང་ཆེ་རུ་གཏོང་བ་གཙོ་གནད་དུ་བཟུང་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཆེས་ལྟེ་བ་དང་། ཆེས་གལ་ཆེན། ཆེས་གཞི་རྩ་ཡིན་པའི་ཆབ་སྲིད་ཀྱི་ནུས་པ་སྟངས་འཛིན་ནན་པོ་བྱས་ནས་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ནས་འགོ་རྩོམ་པ་དང་། རིག་དབྱེའི་གནད་སྨིན་མཛུབ་ཁྲིད་དང་ཁྱབ་ཁོངས་ཕྱེ་ནས་སྤྱི་འདོམས་སྐུལ་འདེད་གཏོང་བ་མཐའ་འཁྱོངས། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན། གཞུང་ཁོངས་ཁེ་ལས་དང་། སློབ་གྲྭ ལས་ཁུངས་བྱ་གཞག་ཚན་པ། “གཉིས་གསར”རྩ་འཛུགས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ལས་དོན་ལ་ཤུགས་སྣོན། ཏང་འཛུགས་སྐྱོང་གིས་ཚོགས་པ་འཛུགས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས། གཞི་རིམ་ཏང་རྩ་འཛུགས་དང་། ལྷག་དོན་དུ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་ལ་འཕེལ་རྒྱས་གཏོང་ཤེས་པ། ཕྱུག་འགྱུར་ཐུབ་ལ་བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་ལ་འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
           གསུམ་ནས་མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཡོངས་ལ་དམིགས་ཏེ་ཞབས་འདེགས་ཀྱི་ལྟེ་བའི་ལས་དོན་ཁྲོད་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་། མ་བྱུང་སྔོན་འགོག་རྩ་དོན་དུ་བྱས་ཏེ་ལས་དོན་སྒྲུབ་པ། གནད་དོན་ཆེན་པོ་མ་ཐོན་སྔོན་འགོག་ལ་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་བརྟན་འཁྱོངས། སྔོན་གཏན་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན། བརྟན་ལྷིང་ཐད་རང་འགུལ་དུ་འགྱུར་བའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། “དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ”གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ལྟ་བ་བརྟན་པོ་བཙུགས་ཏེ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་མཐའ་འཁྱོངས། ཆེས་ནན་པའི་སྣོད་བཅུད་སྲུང་སྐྱོང་གི་ལམ་ལུགས་ལག་བསྟར་དོན་འཁྱོལ། ཆ་རྐྱེན་ཡོད་པའི་ས་ཆར“དུད་ཚང་ཚང་མར་ལྗོན་ཤིང་ཡོད་པར་བྱེད་པའི”བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།
           བཞི་ནས་ཏང་ཡོན་གྱི་ཚད་གཞི་གསལ་པོ་བཟོས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ཏང་ཡོན་དཔུང་ཁག་གི་དོ་དམ་ཁྲོད་དོན་འཁྱོལ་བྱེད་དགོས། བསྡོམས་འབོར་ཚོད་འཛིན་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ནུས་པ་འདོན་པ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། དད་མོས་བརྟན་པ་དང་། བྱང་ཚད་མཐོ་བ། གཞི་ཁྱོན་འོས་འཚམ། གྲུབ་ཆ་ལུགས་མཐུན། སྒྲིག་ཁྲིམས་ནན་པ། ནུས་པ་མངོན་གསལ་དོད་པ་བཅས་ཀྱི་ཏང་ཡོན་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ནན་དུ་བཏང་སྟེ་ཕྱོགས་མི་ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཚད་མ་ལོན་པའི་ཏང་ཡོན་ཐག་གཅོད་བྱེད་དགོས། ལས་བྱེད་པའི་འགན་འཁུར་ལས་སྒྲུབ་ལ་སྐུལ་ལྕག་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་དགོས། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་བཅོས་སྒྲིག་ཤུགས་ཆེན་བྱས་ཐོག་གཞི་རིམ་གྱི་སྤྱོད་གཙང་གཞུང་དྲང་འགན་ལེན་བྱེད་དགོས།
           ལྔ་ནས་འགན་འཁྲི་ནན་དུ་བཏང་སྟེ་ཏང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་། སྒྲིག་ཨུད་ཀྱི་ལྟ་སྐུལ་གྱི་འགན་འཁྲི། ཧྲུའུ་ཅི་ཨང་དང་པོའི་འགན་འཁྲི། ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་དང་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང(གཞི་རིམ་རྩ་འཛུགས་འཛུགས་སྐྱོང)ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུས་ངེས་གཏན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་ཁོངས་མིའི་ཚན་པ་ཁག་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་རང་འཁྲིའི་འགན་འཁྲི་ཏན་ཏིག་འཁུར་དགོས། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ངང་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཏང་འཛུགས་སྐྱོང་གི་ལས་ཀའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།