བོད་དུ་རིམ་ཁག་ཆུ་དཔོན་དང་མཚོ་དཔོན་ཆིག་ཁྲི་ལྷག་ཙམ་ཡོད་པ།
སྤེལ་དུས 2019-01-21
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིསག།
གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་མ་ལག་བཙུགས་ནས་ཆུ་དཔོན་དང་མཚོ་དཔོན་13000ལྷག་ཙམ་གྱི་ལས་གནས་བཏོད་པའི་ཁྲོད་དུ་མི་མེད་ལུང་སྟོང་ཁུལ་གྱི་ཆུ་བོ་དང་མཚོ་ཡང་ཚུད་ཡོད།
བོད་ལྗོངས་ནི“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཏུ་གྲགས་པ་དང་། དེ་ནི་རང་རྒྱལ་གྱི་གལ་འགངས་ཆེ་ཤོས་ཀྱི་ཆུའི་ཐོན་ཁུངས་ཀྱི་གྲབས་གསོག་མཛོད་དང་གཙང་པོ་དང་མཚོའི་འབྱུང་ཁུངས་ཡིན། མངའ་ཁོངས་སུ་རྒྱུག་ཁུལ་སྤྱི་ལེ་ངོས་གྲུ་50ཡན་ཟིན་པའི་ཆུ་བོ་6418ཡོད་པ་དང་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་17ལྷག་ཙམ་ཟིན་ཞིང་། མཚོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་2.89ཟིན་པ་དེས་རྒྱལ་ཡོངས་ཀྱི་མཚོའི་རྒྱ་ཁྱོན་གྱི་བརྒྱ་ཆ་སུམ་ཅུ་ཙམ་བཟུང་ཡོད། ལྗོངས་ཡོངས་ཀྱི་ས་ངོས་ཀྱི་ཆུའི་ཐོན་ཁུངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་4394ཟིན་པ་དེས་རྒྱལ་ཡོངས་ཀྱི་རྒྱུག་ཆུའི་16.5%བཟུང་བ་དང་། ཆུའི་ཐོན་ཁུངས་ཀྱི་འབོར་ཚད་དང་མི་རེའི་ཆ་སྙོམས་དབང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད།
གངས་ལྗོངས་ས་མཐོའི་གཙང་པོ་དང་མཚོར་སྲུང་སྐྱོང་ཡག་པོ་བྱ་ཆེད། 2018ལོར། བོད་ཀྱི་ཆུ་དཔོན་དང་མཚོ་དཔོན་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས) ཤང(གྲོང་རྡལ)དང་དེ་བཞིན་གྲོང་ཚོ(སྡེ་ཁུལ)བཅས་རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་གནས་13000ལྷག་ཙམ་བཏོད་ཅིང་། མི་མེད་ལུང་སྟོང་ཁུལ་གྱི་ཆུ་བོར་དམིགས་ནས་ཡུག་ཁུལ་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་ལེན་བསྟར་ཡོད། མངའ་རིས་ས་ཁུལ་གྱིས་ད་དུང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གྲོང་མི་ཚོགས་ཆུང་དང་། རང་བྱུང་གྲོང་ཚོ། མཐའ་མཚམས་གཞིས་ཆགས་ཁུལ་བཅས་ལ་སྣུར་སྲིང་བྱས་ཏེ། ཆུ་བོ་དང་མཚོ་ཚང་མར་འགན་འཁུར་བ་ཡོད་པའི་འགན་ལེན་བྱས་ཡོད།
དེ་དང་དུས་མཚུངས་ཆུ་དཔོན་དང་མཚོ་དཔོན་གྱིས་ད་དུང་སློབ་གསོ་དྲིལ་བསྒྲགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གྲོང་ཚོ་དང་སློབ་གྲྭར་བསྐྱོད་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ཀྱིས་ཆུ་འགོའི་ཁོར་ཡུག་གི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ནས་མུ་མཐུད་ཆུ་མོ་དྭངས་ཤིང་དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ཡག་པོ་རྒྱག་རྒྱུ་ཡིན་པ་རེད།