ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བདག་སྐྱོང་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་སྒོས་ཚན་རྩལ་གསར་གཏོད་གོང་འཕེལ་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།

སྤེལ་དུས 2019-01-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
 ——རྒྱལ་ཁབ་ཚན་རྩལ་ཆེད་ལས་རྣམ་གྲངས་སྒོ་འབྱེད་ཚོགས་འདུ་ཝུའུ་ཧན་ནས་རྒྱལ་ཁའི་ངང་འཚོགས་ཐུབ་པ།
བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཛིན་པ་དང་ལས་གཞིའི་ཚོ་ཆུང་གི་འགན་འཛིན་པས་མཉམ་དུ་རྣམ་གྲངས་སྒོ་འབྱེད་མཛད་སྒོ་སྤེལ་བ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ལམ།  བོད་རང་སྐྱོང་ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་ཁང་གིས་འགོ་ཁྲིད་པའི་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་ལས་རྣམ་གྲངས་ཏེ། བོད་རང་སྐྱོང་ལྗོངས་ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་དོ་དམ་ཞབས་ཞུའི་མ་ལག་ཞིབ་འཇུག་དང་མ་ལག་འདེགས་སྐྱོར་འཛུགས་སྐྲུན་གྱི་རྣམ་གྲངས་སྤེལ་འགོ་ཚུགས་པའི་ཚོགས་འདུ་དེ་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནས་འཚོགས། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐེན་གྱི་ཐེན་ཀྲང་འཕྲིན་ལས་དབང་རྒྱལ་དང་། རྣམ་གྲངས་འགན་འཛིན་པ་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐེན་གྱི་ཐེན་ཀྲང་གཞོན་པ་ཝང་ཅུན་ཅེ། ཧུའུ་པེ་ཞིང་ཆེན་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་གླིང་གི་གླིང་གཙོ་ལི་ཡུང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་ཁང་གི་འགོ་དཔོན་ཚེ་རིང་ནོར་བུ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་གླིང་གཙོ་ཝང་ཚུང་ཧྭ་སོགས་འབྲེལ་ཡོད་འགན་འཛིན་པ་དང་རྣམ་གྲངས་ཚན་ཆུང་གི་ཚོགས་མི་གཙོ་བོ་མི་ཉེར་དྲུག་ཚོགས་འདུར་ཞུགས་ཡོད།
             ཚོགས་ཐོག་ཏུ་འཕྲིན་ལས་དབང་རྒྱལ་གྱིས་རྣམ་གྲངས་ཀྱི་འགོ་ཁྲིད་ལས་ཁུངས་དང་རྣམ་གྲངས་ལ་ཞུགས་མཁན་གྱི་ལས་ཁུངས། རྣམ་གྲངས་འགན་འཛིན་པ་བཅས་ཀྱིས་རྣམ་གྲངས་སྤེལ་འགོ་ཚུགས་པར་སྙིང་རུས་སྤྱད་པ་ལ་གཟེངས་བསྟོད་གནང་ཞིང་།  ཧུའུ་པེ་ཞིང་ཆེན་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་གླིང་གིས་ཐེངས་འདིའི་ཚོགས་འདུར་རོགས་སྐྱོར་གནང་བ་ལ་ཐུགས་རྗེ་ཞུས་ལ། རྣམ་གྲངས་འདི་ནི་ཚན་རྩལ་སྡེ་ཁག་གིས་བོད་ལྗོངས་ཀྱི་ཚན་རྩལ་ནུས་པ་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བར་གནང་བའི་ཁ་ཕྱོགས་གཏན་འཁེལ་བའི་རྒྱབ་སྐྱོར་ཡིན་པ་ནན་བཤད་བྱས།  དེ་བས་ཚོགས་ཞུགས་ལས་ཁུངས་སོ་སོས་རྒྱལ་ཁབ་ཀྱི་རྣམ་གྲངས་ཚད་གཞི་གཞིར་བཟུང་ནས་སྤུས་ཚད་མཐོན་པོའི་ངང་རྣམ་གྲངས་ཀྱིས་ཁྱབ་པའི་ཕྱོགས་སོ་སོའི་ལས་ཀ་འགྲུབ་པར་བྱེད་དགོས། རྣམ་གྲངས་འདི་ནི་བོད་ལྗོངས་དང་ཧུའུ་པེ་ཞིང་ཆེན་གཉིས་ཀྱི་སྡེ་ཁག་མང་པོ་དང་མཐོ་སློབ་གླིང་མཉམ་དུ་ཞུགས་པའི་ནུབ་དབུས་ཁུལ་གྱི་ཕྱོགས་མང་པོའི་མཉམ་ལས་རྣམ་གྲངས་ཞིག་ཡིན།  ཞིང་ཆེན་གཉིས་ལ་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད་ཅིང་། ཕྱོགས་སོ་སོས་རྣམ་གྲངས་ལག་ལེན་གྱི་གོ་རིམ་ཁྲོད་མཉམ་ལས་ལ་ཤུགས་སྣོན་དང་། མཉམ་གཅིག་ཏུ་ལས་ཀ་སོ་སོ་འགྲུབ་པར་བྱས་ནས་རྣམ་གྲངས་མིག་དཔེ་ཅན་དུ་གཏོང་བ་དང་། དོན་དངོས་ཐོག་བོད་ལྗོངས་ཚན་རྩལ་དོ་དམ་ནུས་པ་དང་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བའི་རེ་བ་ཡོད། 
ཚོགས་ཞུགས་འབྲེལ་ཡོད་འགན་འཛིན་དང་ཆེད་མཁས་པས་ནན་ཏན་སྒོས་རྣམ་གྲངས་ཀྱི་སྙན་ཞུར་གསན་པ།
             ཚོགས་འདུའི་ཆེད་མཁས་པའི་ཐུན་མོང་གི་བསམ་ཚུལ་ནི། བོད་རིགས་རང་སྐྱོང་ལྗོངས་ནས་ཚན་རྩལ་གསར་གཏོད་འཕེལ་རྒྱས་དོ་དམ་ཞབས་ཞུའི་མ་ལག་དང་དེའི་སྐོར་གྱིས་རྟེན་སའི་མ་ལག་འཛུགས་པ་ནི།  བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་སྲིད་གཞུང་གིས་གསར་གཏོད་དོ་དམ་བཅོས་བསྒྱུར་གྱི་རེ་འདུན་དོན་འཁྱོལ་མཐར་ཕྱིན་བྱེད་པ་མངོན་པར་མཚོན་པ་ཡིན། སྒྲིག་གཞི་ཚང་བའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཞབས་ཞུའི་མ་ལག་འཛུགས་བསྐྲུན་བྱེད་པ་ཡིན།  ཚན་རྩལ་དོ་དམ་སྡེ་ཁག་གི་ལས་ཀ་ཇེ་མྱུར་དུ་ཡང་བཏང་བ་ཡིན།  དོ་དམ་ཞིབ་འཇུག་ནས་གསར་གཏོད་ཞབས་ཞུའི་ཐད་ལ་ཕྱོགས་པའི་དངོས་ཡོད་དགོས་མཁོ་ཡང་ཡིན།བོད་རིགས་རང་སྐྱོང་ས་ཁུལ་གྱི་ཚན་རྩལ་དོ་དམ་སྡེ་ཁག་གི་སྲིད་གཞུང་འགན་ནུས་སྒྱུར་ནས་སྲིད་བདེ་དབང་གཏོང་མངོན་འགྱུར་དང་།ཐབས་ཇུས་གལ་ཆེན་མངོན་འགྱུར།  སྲིད་དོན་རླབས་ཆེན་ལག་བསྟར། ཚན་རྩལ་འཆར་གཞི་དོ་དམ་སོགས་ཀྱི་ཕྱོགས་ལ་དོ་དམ་ཞབས་ཞུ་མ་ལག་གི་རྟེན་ས་བསྐྲུན་པ། ཚན་རྩལ་གསར་གཏོད་རྟེན་སའི་མ་ལག་གི་ཡོངས་སུ་འཛུགས་བསྐྲུན་གྱིས་བོད་ལྗོངས་ཀྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་དོ་དམ་ཞབས་ཞུའི་མ་ལག་གི་ཕྱོགས་བསྡུས་ལས་ཆོད་མཐོར་གཏོང་བ། བོད་ལྗོངས་ཀྱི་ཚན་རྩལ་དོ་དམ་ཞབས་ཞུའི་ཆུ་ཚད་གོང་མཐོར་དང་བོད་ལྗོངས་ཀྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད།