ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ།

སྤེལ་དུས 2019-01-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ཉིན་ཤས་གོང་གསར་འགོད་པས་2019ལོའི་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2018ལོར་རང་ལྗོངས་ཀྱིས་ལོ་ཧྲིལ་པོར་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་མ་རྩ་སྒོར་དུང་ཕྱུར་652བཏང་ཡོད་པ་དང་། གསར་དུ་བཟོས་པའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་8044ཟིན་པ། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་9.74ཟིན་པ་བཅས་རེད། ཨར་འདམ་ལམ་ཤར་གཏོང་ཐུབ་པའི་ཤང་གྲོང་34དང་སྒྲིག་ཚུད་གྲོང་ཚོ་533གསར་འཕར་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་སྒྲིག་ཚུད་གྲོང་ཚོ་199གསར་འཕར་བྱུང་བ། ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་82.5%དང་47.9%སོ་སོར་ཟིན་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་72.9%དང་32.7%སོ་སོར་ཟིན་ཡོད་པ་རེད། 
             རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཡུང་རྒྱས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས་ཞན་ཆ་གསབ་པ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད། མིག་སྔའི་བར་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་རྣམ་གྲངས་གལ་ཆེན་41གསར་དུ་ལས་འགོ་བཙུགས་ནས་ལས་འགོ་བཙུགས་ཚད་95.4%ཟིན་ཡོད། 2019ལོར་རང་ལྗོངས་ཀྱིས་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་270དོན་འཁྱོལ་ནུས་ལྡན་ཐུབ་པ་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་མ་རྩ་སྒོར་དུང་ཕྱུར་548ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་དང་། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་2100གསར་འཕར་ཡོང་བ་བྱས་ཏེ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་9.95ཟིན་པ་བྱ་རྒྱུ་རེད། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གཙོ་བོ་དང་གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུ་དང་། ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་ཤར་གཏོང་ཐུབ་ཚད་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ། སྤྱིར་བཏང་གི་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གྱི་ཞབས་ཞུའི་ཁུལ་5དང་གསང་སྤྱོད་200སྐྲུན་རྩིས་ཡོད། ཉེན་ཟམ་123བསྐྱར་སྐྲུན་བྱས་ནས་སྨི་7134སྣུར་སྲིང་བྱས་ཏེ་སྤྱི་ལེ་7882ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ལམ་དུམ་བུའི་ཚེ་སྲོག་བདེ་འཇགས་འགོག་སྲུང་ལས་གྲྭ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྗོད་པ།