ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལོ་ངོ33རིང་ལ་ནང་ལོགས་བོད་ལྗོངས་འཛིན་གྲྭས་ཁྱོན་བསྡོམས་སློབ་མ་ཁྲི་14.19བསྡུས།

སྤེལ་དུས 2019-01-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ། ཀྲུང་དབྱང་ནས་སྔ་ཕྱིར་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས། 1980ལོའི་ཟླ་3པར། བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་བསྡུས་ཏེ། ཀྲུང་དབྱང་གི་རོགས་སྐྱོར་དང་དམིགས་བསལ་སྲིད་ཇུས་གཏན་འཁེལ་བ་དང་། རྒྱལ་ཁབ་ཀྱི་གྲོན་དངུལ་སྒོར་ཁྲི3700བོད་ལྗོངས་ཀྱི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བཏང་། 1984ལོའི་ཟླ་2ནས་3བར། བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་བསྡུས་པས། རྒྱལ་ཡོངས་རང་བཞིན་གྱི་བོད་སྐྱོར་ལས་དོན་མགོ་བརྩམས་པ་མཚོན། 1985ལོ་ནས་བཟུང་།རྒྱལ་ཁབ་གྱིས་ཆེད་དམིགས་མ་དངུལ་སྒོར་ཁྲི3000ལྷག་བཏང་སྟེ། ནང་ལོགས་ཀྱི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་བོད་ལྗོངས་འཛིན་གྲྭ་བཙུགས་པ་དང་ལྷན་དུ། རོགས་སྐྱོར་རང་བཞིན་གྱི་མ་དངུལ་སྒོར་དུང་ཕྱུར་ལ་ཉེ་བ་བཏང་།
             གསར་འགོད་པས་རང་སྐྱོང་ཁུལ་སློབ་གསོ་ཐིང་ནས་རྒྱུས་ལོན་པ་ལྟར་ན། 1985ལོར་ནང་ལོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བཅུ་དྲུག་གིས་བོད་ལྗོངས་དམའ་འབྲིང་འཛིན་གྲྭ་བཙུགས། 1989ལོར་ནང་ལོགས་འབྲིང་རིམ་ཆེད་ལས་ཀྱི་ལག་རྩལ་སློབ་གྲྭའི་བོད་ལྗོངས་འཛིན་གྲྭ་དཀྱུས་མ་དང་མཐོ་འབྲིང་གི་བོད་ལྗོངས་འཛིན་གྲྭ་དཀྱུས་མ་བཙུགས། 2002ལོར་ནང་ལོགས་གཙིགས་ཆེན་མཐོ་འབྲིང་གི་བོད་ལྗོངས་གསབ་འཇུག་འཛིན་གྲྭ་བཙུགས། 2010ལོར་ནང་ལོགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ48ནས་ནང་ལོགས་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་བཙུགས། ད་ལྟའི་བར་དུ་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུའི་སློབ་འབྲིང75ནས་བོད་ལྗོངས་འཛིན་གྲྭའམ་བོད་ལྗོངས་གསབ་འཇུག་འཛིན་གྲྭ་བཙུགས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་བཅུ་གཉིས་ཀྱི་སློབ་གྲྭ་29ནས་ནང་ལོགས་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་བཙུགས། མཐོ་རིམ་སློབ་གྲྭ196གིས་བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུས་ཤིང་།སློབ་གྲྭ་ཅི་རིགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མའི་གཞི་ཁྱོན30000ལྷག་ལ་སླེབས།
             ལོ་ངོ33རིང་ལ་ནང་ལོགས་བོད་ལྗོངས་འཛིན་གྲྭས་ཁྱོན་སྡོམ་སློབ་མ་ཁྲི14.19བསྡུས་ཤིང་། དེའི་ནང་དུ་དམའ་འབྲིང་སློབ་མ་ཁྲི་5.3དང་མཐོ་འབྲིང་སློབ་མ་ཁྲི་4.2དང་འབྲིང་རིམ་ཆེད་ལས་སློབ་མ་ཁྲི་1.1དང་མཐོ་རིམ་སློབ་གྲྭའི་སློབ་མ་ཁྲི་3.5བཅས་བསྐྱངས་ཏེ། བོད་ལྗོངས་ཀྱི་ལས་རིགས་སོ་སོར་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣ་ཁྲི་4.6ལྷག་བསྐྱེད་བསྲིངས། ནང་ལོགས་བོད་ལྗོངས་འཛིན་གྲྭར་མིག་སྔར་དམའ་འབྲིང་དང་མཐོ་འབྲིང་།འབྲིང་རིམ་ལས་རིགས། མཐོ་རིམ་ལས་རིགས།དངོས་གཞི་དཀྱུས་མ། ཞིབ་འཇུག་སློབ་མ་བཅས་འདུས་པའི་སློབ་གྲྭ་འཛུགས་སྐྱོང་གི་གནས་བབ་ཅུང་ཟད་ཆ་ཚང་བ་ཞིག་གྲུབ་ཅིང་། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་རིང་འཕེལ་རྒྱས་དང་གཏན་བདེ་ལ་ཤེས་ལྡན་མི་སྣའི་འགན་སྲུང་འདོན་པའི་གནས་གཞི་གཙོ་བོར་གྱུར་པ་དང་། མི་རིགས་སོ་སོ་འབྲེལ་འདྲེས་བརྗེ་གསུམ་བྱེད་པའི་སྡིངས་ཆ་གལ་ཆེན་ཏུ་གྱུར་ཡོད།
             2018ལོའི་ཟླ9ཚེས1ཉིན། ཧྲང་ཧའེ་གྲོང་ཁྱེར་གྱི་ཀོན་ཁང་སློབ་འབྲིང་གིས་སློབ་གྲྭ་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་དྲན་གསོའི་ཉིན་མོ་སླེབས། བོད་རྒྱ་མཉམ་བསྡུས་དང་བོད་རིགས་སློབ་མ་གཙོ་བྱས་པའི་དམིགས་བསལ་སློབ་གྲྭ་འདིས།འདས་པའི་ལོ་ངོ་ཉི་ཤུའི་རིང"བོད་རྒྱ་ཁྱིམ་གཞི་གཅིག"གི་མི་ཆོས་ཀྱི་སྦྲེལ་ཟམ་བསྐྲུན་པ་དང་།བོད་ལྗོངས་ཀྱི་འཛུགས་བསྐྲུན་ལ་ཀ་གདུང་ལྟ་བུའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་པ་མ་ཟད། ཧྲང་ཧའེ་དང་བོད་རིགས་མི་དམངས་ཀྱི་བརྩེ་སེམས་སྦྲེལ་བའི་དར་སྐུད་གལ་ཆེན་དུ་གྱུར་ཡོད། ཤེས་གསལ་ལྟར་ན། མིག་སྔར་སློབ་གྲྭ་འདིར་བོད་རིགས་སློབ་མ་637དང་རྒྱ་རིགས་སློབ་མ་147ཡོད་དེ། རྒྱལ་ཡོངས་ཀྱི་དམའ་འབྲིང་ནང་ལོགས་བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུས་པའི་མི་གྲངས་ཆེས་མང་ཤོས་ཀྱི་གྲས་སུ་ཚུད་འདུག 
             ཀོན་ཁང་སློབ་འབྲིང་གི་སློབ་མ་མང་ཆེ་བ་བོད་ནས་ཐོན་ཞིང་། ཁོ་ཚོ་སློབ་ཆུང་མཐར་ཕྱིན་རྗེས་ཕ་ཡུལ་དང་བྲལ་ཏེ་ས་ཐག་ལེ་དབར་སྟོང་གིས་ཆོད་པའི་ཧྲང་ཧའེ་ལ་འབྱོར།གཉེན་ཉེ་དུ་དང་རྒྱུས་ཡོད་ཀྱི་ཁོར་ཡུག་དང་ཁ་གྱེས་པ་ནི། བྱིས་པ་ཚོའི་ལུས་སེམས་འཚར་ལོངས་ཀྱི་འགལ་རྐྱེན་ཞིག་ཀྱང་ཡིན། དེའི་ཕྱིར་སློབ་གྲྭའི་ཕྱོགས་ནས་ནམ་ཡང་སློབ་གྲྭ་མཉམ་རུབ་དང་སྡེ་ཁུལ་གྱི་མི་རིགས་ཐོན་ཁུངས་ལེགས་པར་སྔོག་ནས། སློབ་གྲྭ་རང་གནས་གཞི་གཙོ་བོ་དང་བོད་རྒྱའི་དགེ་སློབ་མགོ་སྦྲེལ། བོད་རྒྱའི་སློབ་མ་མགོ་སྦྲེལ། སྡེ་ཁུལ་སྡོད་དམངས་དང་བོད་ལྗོངས་ཀྱི་སློབ་མ་མགོ་སྦྲེལ་སོགས་མཉམ་སྒྲིལ་གྱི་རྣམ་པ་གཙོ་བོར་བཟུང་ཞིང་།བརྩེ་སེམས་ཉིད་དར་སྐུད་དུ་བྱས་ཏེ་ཆ་ཡོངས་ནས་བོད་ལྗོངས་ཀྱི་སློབ་མའི་འཚོ་བ་དང་འཚར་ལོངས་ལ་སེམས་ཁུར་བྱེད། ཧྲང་ཧའེ་ཡང་ངའི་ཡུལ་ཡིན་ཞེས་པ་བརྗོད་གཞིར་བྱས་པའི་མགོ་སྦྲེལ་བྱ་འགུལ་རབ་དང་རིམ་པ་དག་ནི་ཀོན་ཁང་སློབ་འབྲིང་གི་ངོ་སོར་གྱུར་ཡོད་ཅིང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་ཞེ་ཁུར་ཆེན་པོ་འཐོབ་ཡོད།
             ད་ལྟའི་བར་དུ་ཀོན་ཁང་སློབ་འབྲིང་གིས་མཉམ་འབྲེལ་སློབ་གྲྭ་དྲུག་དང་ལྷན་དུ་ཕན་ཚུན་ཁ་སྤྲོད་ཀྱི་མགོ་སྦྲེལ་བྱ་འགུལ་སྤེལ་ཅིང་། ཕོ་དང་ཕོ། མོ་དང་མོ་མགོ་སྦྲེལ་བགྱིས་ཏེ།བོད་ཀྱི་སློབ་མ་རྒྱུན་ལྡན་གྱི་ཧྲང་ཧའེ་ཡི་མི་ཁྱིམ་གྱི་འཚོ་བར་འདྲེས་སུ་བཅུག་པས། ཕུ་ནུ་མིང་སྲིང་འཐོབ་པར་མ་ཟད། ད་དུང་རང་ཉིད་ལ་ཕ་གཡར་མ་གཡར་ཡང་ཡོད་པར་གྱུར།ཧྲང་ཧའེ་གྲོང་ཁྱེར་གྱི་ཀོན་ཁང་སློབ་འབྲིང་གི་སློབ་གཙོ་ཁྲང་ལིས་ཅིན་གྱིས་ངོ་སྤྲད་པ་ལྟར་ན། མགོ་སྦྲེལ་ཁྱིམ་ཚང་གིས་བོད་ཀྱི་བྱིས་པར་ཁ་ཡོད་ལག་ཡོད་ཀྱིས་སེམས་ཁུར་བྱེད་པ་དང་། ཧྲང་ཧའེའི་པཱ་ལགས་མ་ལགས་འདི་དག་གིས། བྱིས་པ་ཉིད་རང་གི་ཤ་ལས་ཆད་པའི་བུ་ཕྲུག་བཞིན་བྱེད་དེ། ངལ་གསོའི་ཉིན་སླེབས་པ་ཉིད་ཀྱིས་ཚུར་ཡོང་ནས་ཁམས་འདྲི་ཞུ་བ་དང་།ཡང་ན་ཕྱི་རོལ་དུ་རྩེད་མོར་ཁྲིད་པར་བྱེད་པས། རང་གི་བུ་ཕྲུག་དང་ཁྱད་པར་མེད་པ་རེད། ཤེས་གསལ་ལྟར་ན། བོད་ཀྱི་སློབ་མའི་ཁྱིམ་བདག་ཧྲང་ཧའེར་བུ་ཕྲུག་ལྟ་སྐྱོང་བྱེད་དུ་ཡོང་སྐབས། མགོ་སྦྲེལ་ཁྱིམ་ཚང་དུ་འཚམས་འདྲིར་བསྐྱོད་པར་བྱེད་ཅིང་། གཉེན་ཉེ་བཞིན་ཕར་འགྲོ་ཚུར་འོང་བྱེད་དོ།།