ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་ཨ་ཅེ་ལྷ་མོ་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ནང་བདམས་ནས་ལོ་ངོ་བཅུ་འཁོར་བར་སྙན་སེང་འཁྲབ་སྟོན་ཕུལ་བ་རེད།

སྤེལ་དུས 2019-06-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་འཁྲབ་སྟོན་སྙན་སེང་ཞུ་བའི་རྣམ་པ་རེད།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན་གྱི་དགོང་མོར། ཨ་ཅེ་ལྷ་མོ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་ནང་བཀོད་ནས་ལོ་ངོ་བཅུ་འཁོར་བའི་རྒྱུན་འཛིན་གྲུབ་འབྲས་བརྗེ་རེས་དང་འབྲེལ་འདྲིས་ཀྱི་སྙན་སེང་འཁྲབ་སྟོན་དེ་ལྷ་སར་སྤེལ་བ་རེད།
འདི་ནི་འཁྲབ་སྟོན་སྙན་སེང་ཞུ་བའི་རྣམ་པ་རེད།
           ཐེངས་འདིའི་འཁྲབ་སྟོན་ནང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ལྷ་མོའི་འཁྲབ་སྟོན་ཆེད་ལས་ཚོགས་པ་གཅིག་པུ་སྟེ། བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་ཡོད་པར་མ་ཟད། ད་དུང་གཞས་གདངས་མཐོ་བའི་ཤངས་པ་ལྷ་མོ་དང་།  སྒྲ་གདངས་རྔམ་བརྗིད་ལྡན་ཞིང་གར་གྱི་སྟངས་སྟབས་དལ་བའི་རྒྱང་གར་ལྷ་མོ། ད་ལྟའི་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷོ་ཁ་འཕྱོངས་རྒྱས་ཀྱི་གར་བྲོ་བཀྲ་ཤིས་སྤུན་བདུན་པའི་ལྷ་མོ།  བོད་ལྗོངས་ཀྱི་འབྲས་དཀར་ལྷ་མོའི་ཕུལ་བྱུང་མཚོན་བྱེད་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་སོགས་ཡོད། 
འདི་ནི་འཁྲབ་སྟོན་སྙན་སེང་ཞུ་བའི་རྣམ་པ་རེད།
           བོད་སྐད་དུ་ལྷ་མོར“ཨ་ཅེ་ལྷ་མོ”ཟེར་ཞིང་། “ལྷ་མོ་སྤུན”ཞེས་པའི་དོན་ཡིན། བཤད་རྒྱུན་ལྟར་ན་ལྷ་མོ་ནི་ཐོག་མར་གཅེན་གཅུང་བདུན་གྱིས་འཁྲབ་སྟོན་བྱས་པ་དང་། ཟློས་གར་གྱི་ནང་དོན་མང་ཆེ་བ་ནི་ནང་བསྟན་ཆོས་ལུགས་ཁྲོད་ཀྱི་ལྷ་སྒྲུང་ཡིན་ཞིང་། རྗེས་སུ་རིམ་བཞིན་གླུ་ལེན་རྒྱུ་གཙོ་བོ་བྱས་ཏེ་གྱེར་བ་དང་། ཞབས་བྲོ། མཚོན་སྟངས་དང་རྩལ་སོགས་གཞི་རྩའི་སྤྱི་འགྲོས་མཉམ་འདྲེས་བྱས་པའི་འཚོ་བའི་རྣམ་པ་ཅན་གྱི་འཁྲབ་སྟོན་ཞིག་ཏུ་གྱུར་ཡོད།
           2006ལོའི་ཟླ5པར།“ལྷ་མོ”དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོའི་ནང་དུ་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“མིའི་རིགས་ཀྱི་ངག་ཐོག་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས”ཀྱི་མིང་ཐོའི་ནང་དུ་བཅུག་པ་ནས་བཟུང་། གནའ་བོའི་ལྷ་མོས་དུས་སྐབས་གསར་པའི་ནང་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་ནས་བོད་ལྗོངས་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། མང་ཚོགས་ཀྱི་རྨང་གཞི་བརྟན་པ། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། 
འདི་ནི་འཁྲབ་སྟོན་སྙན་སེང་ཞུ་བའི་རྣམ་པ་རེད།
           ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་བྱེད་སྒོ་ཉིན་གསུམ་རིང་བསྟུད་མར་སྤེལ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྤྱི་དམངས་ལ་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་པའི་ལྷ་མོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུ་རེད། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་མཚམས་སྦྱོར་བྱ་རྒྱུར། 2009ལོའི་ཡར་སྔོན་དུ། བོད་ལྗོངས་སུ་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ50ལྷག་ཙམ་ལས་མེད་ཅིང་། ད་ལྟ་ལྷ་མོ་ཚོགས་པ140ལྷག་ཙམ་དང་ལྷ་མོ་འཁྲབ་སྟོན་པ3000ལྷག་ཙམ་ཡོད་ཅེས་བཤད།