ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་སྨར་ཁམས་རྫོང་འཇང་རིགས་ཡུལ་ཚོའི་རྒུན་ཆང་དེ “ཡུལ་ཐོན་ཁྱད་རྫས་”སུ་གྱུར།

སྤེལ་དུས 2019-06-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
1.jpg
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་ཡུལ་ལྗོངས།
             རྫ་མའི་ནང་ནས་ཆང་དམར་དཀར་ཡོལ་གང་རེ་བླུགས་ཏེ་མགྲོན་པོའི་སྐུ་མདུན་དུ་ལག་ཟུང་གིས་འདེགས་པ་ནི་བོད་པའི་ཞིང་ཁྱིམ་གྱིས་སྐུ་མགྲོན་ལ་ནས་ཆང་དཀར་ཡོལ་གང་རེ་བླུགས་ཏེ་བཀུར་པ་ནང་བཞིན། འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་མང་ཚོགས་རྣམས་ཀྱིས་མགྲོན་པོ་བསུ་བའི་ཐབས་ལམ་ཞིག་རེད། 
1.jpg
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་མི་རྣམས་ཀྱིས་རང་ཁྱིམ་ནས་བསྙལ་བའི་རྒུན་ཆང་འགྲེམ་སྟོན་བྱེད་བཞིན་པ་ཡིན།
             རྒུན་ཆང་ནི་ས་གནས་དེ་གའི“ཡུལ་ཐོན་ཁྱད་རྫས་”ཤིག་ཡིན་པ་དང་། ཁྱིམ་ཚང་རེ་རེ་ནས་རྒུན་ཆང་བསྙལ་ཤེས་ཤིང་། ཁོང་ཚོས་དེར་སྲོལ་རྒྱུན་གྱི་རང་བྱུང་བསྙལ་ཐབས་སྤྱོད་ཀྱིན་ཡོད། རྒུན་ཆང་འདི་དག་རང་ཁྱིམ་གྱི་འཐུང་རྒྱུར་འཇོག་པ་ལས་གཞན་ཕྱི་ལའང་བཙོང་གིན་ཡོད།  ཕྱི་རུ་བཙོང་པ་ལའང་ཚད་ལྡན་གྱི་ཐུམ་སྒྲིལ་མེད་པར་འགྱིག་སྣོདནང་རྒྱ་མར་ཚད་ནས་བཙོངས་པ་རེད། 
1.jpg
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་གྲོང་མིས་རང་ཁྱིམ་དུ་རྒུན་ཆང་བསྙལ་བ།
             ས་གནས་དེ་གའི་མང་ཚོགས་ཀྱིས་རྒུན་ཆང་བསྙལ་བའི་ལོ་རྒྱུས་དེ་དུས་རབས་19བར་ཁུངས་འདེད་བྱས་ཆོག  སྐབས་དེར་ཧྥ་རན་སིའི་མིང་ལ་ཏིང་ཏེ་ལེའང་ཟེར་བའི་ཆོས་སྤེལ་མཁན་ཞིག་དེ་གར་ཆོས་སྤེལ་དུ་སླེབས་དུས་རྒུན་འབྲུམ་གྱི་ས་བོན་འཁྱེར་ཡོང་བ་མ་ཟད།  ས་གནས་དེ་གའི་མང་ཚོགས་ལ་རྒུན་ཆང་བསྙལ་ཚུལ་བསླབས་པ་རེད། 
             2016ལོར་“ཏིང་ཏེ་ལེའང་”རྟགས་ཅན་གྱི་རྒུན་ཆང་དངོས་སུ་ཐོན་སྐྱེད་བྱས་ནས་ཚོང་རར་བཀྲམས་པ་དང་། ཆེད་དུ་བཟོ་གྲྭ་བཙུགས་ནས་ཐོན་སྐྱེད་དང་ཐོ་འགོད་བྱེད་མཁན་ནི་མིང་ལ་ལུང་དབང་འདུས་ཟེར་བའི་བོད་རིགས་ཤིག་ཡིན་པ་དང་བཟོ་གྲྭའི་གནས་ཡུལ་ནི་འཇང་མི་རིགས་ཤང་གི་ཡར་ཀ་སྟེང་གྲོང་ཚོ་རུ་ཡོད།  
1.jpg
བཟོ་གྲྭ་བཙུགས་ནས་ཐོན་སྐྱེད་དང་རྒུན་ཆང་“ཏིང་ཏེ་ལེའང་”རྟགས་ཅན་གྱི་ཆང་དམར་ཟོང་རྟགས་ཐོ་འགོད་བྱེད་མཁན་ལུང་དབང་འདུས་ལགས་རྒུན་ཆང་བཟོ་གྲྭའི་ནང་ཡོད། 
             “ང་ཚོའི་རྒུན་ཆང་ཚང་མ་ས་གནས་འདི་ནས་ཐོན་སྐྱེད་བྱས་པའི་མུ་ཏིག་ནག་པོའི་རྒུན་འབྲུམ་གྱིས་བསྙལ་པ་ཤ་སྟག་ཡིན་ལ། ད་ལྟར་རྒུན་འབྲུམ་སྡོང་བོ་བཞི་ཡི་ལོ་ཚད་ལོ་ངོ་བརྒྱ་ཕྲག་བརྒལ་ཡོད། ལུང་དབང་འདུས་ཀྱིས་ད་ཆ་ལོ་རེར་རྒུན་ཆང་ཏུན་50ལྷག་ཙམ་ཐོན་སྐྱེད་བྱེད་ཀྱིན་ཡོད་ཅེས་བཤད། 
1.jpg
བཟོ་གྲྭ་བཙུགས་ནས་ཐོན་སྐྱེད་དང་རྒུན་ཆང་“ཏིང་ཏེ་ལེའང་”རྟགས་ཅན་གྱི་ཆང་དམར་ཟོང་རྟགས་ཐོ་འགོད་བྱེད་མཁན་ལུང་དབང་འདུས་ལགས་ཀྱིས་ཁོའི་ཁྱིམ་ནས་ལོ་ན་བརྒྱ་ཕྲག་བརྒལ་བའི་རྒུན་འབྲུམ་གྱི་སྡོང་བོ་དེ་མཚམས་སྦྱོར་བྱེད་པ་ཡིན།
             ལུང་དབང་འདུས་ཀྱི་རྒུན་ཆང་བཟོ་གྲྭ་དང་བར་ཐག་སྤྱི་ལེ་ཁ་ཤས་ལས་མེད་པའི་ས་དེ་ནི་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་ནོར་བུ་ཆང་ལས་ཚད་ཡོད་ཀུང་སི་རེད། རྒུན་ཆང་ཐོན་སྐྱེད་ཁེ་ལས་འདིའི་2018ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལས་བརྒལ་བ་དང་། “ད་ལོར་ཐོན་ཚད་ཏུན་400ལས་བརྒལ་བ་དང་ཕྱི་ཚོང་ཡོང་འབབ་སྒོར་ཁྲི་3000ལས་བརྒལ་ཡོད”ཅེས་ཐོན་རྫས་ཕྱི་ཚོང་གི་འགན་འཁུར་བ་ཆོས་མཚོ་ཡིས་དེ་ལྟར་བཤད། 
1.jpg
བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་ནོར་བུ་ཆང་ལས་ཚད་ཡོད་ཀུང་སིའི་ལས་བཟོ་པས་རྒུན་འབྲུམ་གྱི་ཡལ་ག་འབྲེག་བཞིན་ཡོད།
             ཆོས་མཚོ་ནི་དེ་སྔ་གཞུང་ཞབས་པ་ཞིག་ཡིན་པ་དང་ཕྱིས་སུ་ལས་ཁུར་དགོངས་ཞུ་བྱས་པ་རེད། 2009ལོར་ཁོ་མོའི་ཕུ་བོ་བློ་བཟང་ཚེ་རིང་གིས་ནུབ་བྱང་ཞིང་ལས་སློབ་ཆེན་གྱི་རྒུན་འབྲུམ་དང་རྒུན་ཆང་ཆེད་ལས་ཀྱི་འབུམ་རམས་པ་སློབ་མཐར་ཕྱིན་པའི་སྐུ་ཞབས་ཀའོ་ཅེ་ལགས་ལ་མཉམ་འབྲེས་སྒོས། བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་ནོར་བུ་ཆང་ལས་ཚད་ཡོད་ཀུང་སི་བཙུགས་པ་དང་། བོད་ལྗོངས་ཀྱི་རྒུན་ཆང་ཐོན་སྐྱེད་ཁེ་ལས་ཐོག་མ་དེ་རེད།
             ད་ཆ་ཁོང་ཚོའི་མངའ་འོག་ཏུ“བདག་དམར་གཡང”ཞེས་པའི་ཟོང་རྟགས་ཀྱི་རྒུན་ཆང་སྣ་ཚོགས་ཤིག་ཡོད་པར་བོད་ལྗོངས་ཀྱི་ཚོང་ར་ནས་བསྔགས་བརྗོད་ལེགས་པོ་ཐོབ་ཡོད།
1.jpg
བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་ནོར་བུ་ཆང་ལས་ཚད་ཡོད་ཀུང་སིའི་ལས་བཟོ་བ་ཆོས་མཚོ་ཡིས་བྱ་དགའ་ཐོབ་པའི“བདག་དམར་གཡང”ཞེས་པའི་ཟོང་རྟགས་ཀྱི་རྒུན་ཆང་འགྲེམ་སྟོན་བྱེད་བཞིན་པ་ཡིན།
             ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གར་ད་དུང་རྒུན་ཆང་ཐོན་སྐྱེད་ཁེ་ལས་འགའ་ཞིག་ཡོད་པ་དང་། སྨར་ཁམས་རྫོང་གིས་ཀྱང་རྒུན་ཆང་དེ་གཙོ་གནད་ཐོན་ལས་ལ་བརྩིས་ནས་རོགས་སྐྱོར་བྱས་ཏེ་མུའུ་ཁྲི་ཟིན་པའི་རྒུན་འབྲུམ་རྟེན་གཞི་བསྐྲུན་ཡོད། དེས་ས་གནས་དེ་གའི་མང་ཚོགས་ཀྱིས་རྒུན་འབྲུམ་འདེབས་པའི་བརྩོན་སེམས་ལ་སྐུལ་མ་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་གལ་ཆེན་ཞིག་ཏུ་གྱུར་ཡོད། 2018ལོར་འཇང་མི་རིགས་ཤང་གིས་རིམ་རྩིས་བྱས་པ་ལྟར་ན་རྒུན་འབྲུམ་མུའུ་3018.3འདེབས་འཛུགས་བྱས་པ་རེད།
1.jpg
བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་ནོར་བུ་ཆང་ལས་ཚད་ཡོད་ཀུང་སིའི་བཟོ་པས་ཆང་འཚག་སྒྲིག་ཆས་ཞིབ་བཤེར་དང་ཞིག་གསོ་བྱེད་བཞིན་ཡོད།