ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

སྤེལ་དུས 2019-08-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་8པའི་ཚེས་13ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱིས་བསྡུས་པའི་2019ལོའི་ལོ་སྟོད་ཀྱི་བོད་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4009ཟིན་པ་དང་། དེ་དུས་མཚུངས་ལས་12.5%འཕར་ཞིང་འཕར་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས3.6གིས་མཐོ་བ་ཡོད་པ་དང་། འཕར་ཚད་དེ་དུས་ཚིགས་17རིང་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འདི་ནི2016ལོ་ནས་བཟུང་དུས་ཚིགས་14རིང་བསྟུད་མར་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་ལས་མགྱོགས་པ་རེད། 

འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།
          ལོ་སྟོད་དུ་བོད་ལྗོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར681.69མངོན་འགྱུར་བྱུང་སྟེ་9.0%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་ཨང་དང་པོས་རིན་ཐང་འཕར་མ་སྒོར་དུང་ཕྱུར་43.60མངོན་འགྱུར་བྱུང་བ་དང་། 3.7%འཕར་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.8འཕར་ཡོད། ཐོན་ལས་ཨང་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་229.50མངོན་འགྱུར་བྱུང་སྟེ་10.7%འཕར་བ་དང་། ཐོན་ལས་ཨང་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་408.59མངོན་འགྱུར་བྱུང་ནས 8.7% འཕར་བ་དང་། ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས4.2མགྱོགས་སུ་ཕྱིན་ཡོད། 
          བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་འཛིང་ཅུང་ཆེ་བ་དང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་བའི་གནས་ཚུལ་འོག་བོད་ལྗོངས་ཀྱི་དཔལ་འབྱོར་ཀྱིས་མུ་མཐུད་དུ་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། 
          ལོ་སྟོད་དུ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18520ཟིན་ནས10.5%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4009ཟིན་ནས་12.5%འཕར་ཡོད། ལྗོངས་ཡོངས་ཀྱི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་བརྒྱ་ཆའི་གྲངས2.0ཡིས་མཐོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་གྲངས་ནི་4.62ཡིན་པ་དང་། དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.08ཡིས་མར་ཆག་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་ཆུང་དུ་སོང་ཡོད།

འདི་ནི་བོད་ལྗོངས་ཉིང་ཁྲིའི་ཡིད་འོང་ཇ་རའི་ལས་བཟོ་པས་ཇ་འཐུ་བའི་རྣམ་པ་རེད།
          བོད་ལྗོངས་ཀྱི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་དུས་ཚིགས་17རིང་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པའི་རྒྱབ་ཕྱོགས་ནི་ཞིང་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་འབྲོག་ལས་ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་ཡིན། ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན། ལོ་སྟོད་དུ་བོད་ལྗོངས་ཀྱིས་ཞིང་འབྲོག་གི་ནགས་ལས་དང་ཉ་ལས་སྤྱིའི་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་62.23ཟིན་པ་དང་། དེ་དུས་མཚུངས་ལས4.5%འཕར་བ་དང་འཕར་ཚད་དེ་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས2.5ལས་མགྱོགས་སུ་ཕྱིན་ཡོད་པ་རེད། ཞིང་འབྲོག་ནགས་ཉའི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.64ཟིན་པ་དང་། དེ་དུས་མཚུངས་ལས3.7%འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས2.3ལས་མགྱོགས་སུ་ཕྱིན་ཡོད། ཕག་དང་ནོར་ལུག་མགོ་གྲངས་ཁྲི་112.01བཤས་གཏོང་བ་དེ་དུས་མཚུངས་ལས་8.3%འཕར་བ་དང་། ཕྱུགས་རྭར་བཅུག་པའི་ནོར་ལུག་དང་ཕག་ཁྲི2034.67ཡོད་པ་དང་། དུས་མཚུངས་ལས་6.5%མར་ཆག་ཡོད། ནོར་ལུག་ཕག་ཤའི་ཐོན་ཚད་ཏུན་ཁྲི4.73ཟིན་པ་དང་དེ་དུས་མཚུངས་ལས་ 5.6 %འཕར་ཡོད་པ་དང་། འོ་མའི་ཐོན་ཚད་ཏུན་ཁྲི11.56ཟིན་པ་དང་དུས་མཚུངས་ལས་16.9%འཕར་ཡོད། 
          དཔལ་འབྱོར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་དང་ཆབས་ཅིག་བོད་ལྗོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་འཕར་ཚད་བརྟན་པོ་བྱུང་ཡོད། བརྟག་དཔྱད་བྱས་པ་ལྟ་ན། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་དེ་དུས་མཚུངས་ལས་2.1%འཕར་ཡོད་པ་དང་། འཕར་ཚད་བརྒྱ་ཆའི་གྲངས0.1ལས་དལ་དུ་ཕྱིན་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས0.1གིས་དམའ་བ་ཡོད།
          གཞན་ཡང་གསར་འགོད་པས་ད་རུང་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སྟོད་དུ་བོད་ལྗོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པ་དང་དུས་མཚུངས་སུ་རིམ་པ་སོ་སོའི་ནོར་སྲིད་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ནོར་སྲིད་གཏོང་སྒོ་དབུལ་སྒྲོལ་འགག་སྒྲོལ་དང་། གཙོ་གནད་རྣམ་གྲངས། དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་སུ་གཟིགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། སློབ་གསོའི་གཏོང་སྒོ་དང་། སྤྱི་ཚོགས་འགན་སྲུང་། ལས་ཞུགས་ཀྱི་གཏོང་སྒོ། འཕྲོད་བསྟེན་དང་བདེ་ཐང་གི་གཏོང་སྒོ་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གཏོང་སྒོ་ཁག་བརྒྱད་ལོ་སྟོད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་76.3%ཟིན་ཡོད་པ་རེད།