ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

2019ལོའི་ཀྲུང་གོའི་པེ་ཅིང་གི་འཛམ་གླིང་སྒྱུ་རྩལ་ལྡུམ་རའི་འགྲེམས་ཚོགས་ལས་བོད་ལྗོངས་ཉིན་མོ་བདེ་ལེགས་ངང་མཇུག་སྒྲིལ་བ།

སྤེལ་དུས 2019-08-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚོགས་གཉིས་རྒྱ་མཚོ།
          2019ལོའི་ཀྲུང་གོའི་པེ་ཅིང་གི་འཛམ་གླིང་སྒྱུ་རྩལ་ལྡུམ་རའི་འགྲེམས་ཚོགས་ལས་བོད་ལྗོངས་ཉིན་མོ་ནི་སྤྱི་ཟླ8པའི་ཚེས15ནས17བར་ཉིན་གསུམ་སྤེལ་ཞིང་། ཐེངས་འདིའི་བྱེད་སྒོའི་བརྗོད་གཞི་ནི”བདེ་སྐྱིད་ལྡན་པའི་ཁྱིམ་གཞིས། གོ་ལའི་སྣེ་གསུམ་པ”ཞེས་པ་དེ་ཡིན། བྱ་འགུལ་གཙོ་བོ་ལ་བོད་ལྗོངས་ལྡུམ་རའི་སྒོ་འབྱེད་མཛད་སྒོ་དང་། བོད་ཀྱི་ཡུལ་སྐོར་ཐོན་ལས་སྐུལ་སྤེལ་ཚོགས་འདུ་འཚོགས། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། བོད་ཀྱི་ན་གཞོན་གྱི་བྱ་བཞག་གསར་གཏོད་པ་རྣམས་ཀྱི་ཐོན་རྫས་འགྲེམས་ཚོང་། བོད་ཀྱི་ཐུན་མིན་གླུ་གཞས་འཁྲབ་སྟོན་བྱེད་པ། ཚོང་དོན་བགྲོ་གླེང་སོགས་བྱ་འགུལ་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད་ཅིང་། དུས་ཡུན་ཉིན་གསུམ་རིང་གི་བོད་ལྗོངས་ཉིན་མོའི་བྱ་འགུལ་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་བོད་ཀྱི་རིག་གནས་ལ་མྱོང་རོལ་གྱིས་ངོ་མཚར་དང་མཛེས་སྡུག་གི་སེམས་ཚོར་གང་མང་སྤྲད་པ་རེད།
          དེ་ལས་བོད་ལྗོངས་ལྡུམ་ར་ངོ་སྤྲོད་རགས་ཙམ་བྱས་ན། པེ་ཅིང་གི་འཛམ་གླིང་སྒྱུ་རྩལ་ལྡུམ་རའི་ནང་དུ་རྒྱལ་ཁབ་སོ་སོའི་ལྡུམ་ར་ཡོད་པའི་རྒྱལ་སྤྱིའི་ལྡུམ་རའི་ཁུལ་དང་། ཞིང་ཆེན་སོ་སོའི་ལྡུམ་ར་ཡོད་པའི་ཀྲུང་གོའི་ལྡུམ་རའི་ཁུལ་གཉིས་ཡོད་པ་ལས་བོད་ལྗོངས་ལྡུམ་ར་ནི་ཀྲུང་གོའི་ལྡུམ་རའི་ཁུལ་དུ་གནས་ཤིང་། གཡས་གཡོན་གཉིས་ཀྱི་ཁྱིམ་མཚེས་ནི་སི་ཁྲོན་དང་ཉིང་ཞའི་ལྡུམ་ར་ཡིན་པ་དང་ཁ་གཏད་ནི་ནང་སོག་གི་ལྡུམ་ར་ཡིན། ལྡུམ་རའི་འཛུགས་སྐྲུན་གཙོ་བོ་ནི་བོད་ཀྱི་འཛུགས་སྐྲུན་གྱི་ཁྱད་ཆོས་ལྡན་པའི་སྙེ་མོའི་བོད་ཁང་གི་བཟོ་དབྱིབས་ཤིག་གསར་བསྐྲུན་བྱས་འདུག་ལ། སྒོ་རའི་ནང་དུའང་སྐལ་བཟང་མེ་ཏོག་སོགས་བོད་ཀྱི་ཁྱད་ཐོན་རྩི་ཤིང་སྣ་ཚོགས་སྐྱེས་འདུག་ཅིང་། གངས་རི་དང་ཆུ་ཕྲན། དར་ལྕོག མ་ཎི་རྡོ་འབུམ་དང་། གཡག་གི་འཇིམ་སྐུ། བོད་སྤོས་བཟོ་སྐྲུན་སོགས་བཀོད་སྒྲིག་འོས་འཚམ་ཞིག་བྱས་ཡོད་པས། ལྡུམ་ར་ཆུང་ཆུང་ཞིག་ལས་བོད་ཀྱི་ཁྱད་ཆོས་བླ་ལྷག་གིས་མཚོན་ཡོད་པས། ཡུལ་སྐོར་སྐུ་མགྲོན་རྣམས་ལ་བོད་ལྗོངས་སུ་སླེབས་པའི་ཚོར་སྣང་ཁྱད་པར་ཅན་རེ་སྦྱིན་ཐུབ་པས། བོད་ལྗོངས་ལྡུམ་ར་ནི་2019ལོའི་པེ་ཅིང་སྒྱུ་རྩལ་ལྡུམ་རའི་ཁྲོད་ཀྱི་བཀྲག་མདངས་རབ་ཏུ་འཚེར་བའི་མེ་ཏོག་རྐང་ཅིག་རེད།
          ཐེངས་འདིའི་བོད་ལྗོངས་ཉིན་མོ་བདེ་ལེགས་ངང་མཇུག་སྒྲིལ་ཐུབ་པ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ལྷ་ས་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་འབྲེལ་བ་ཟབ་མོ་ཡོད་ལ། འབྲེལ་ཡོད་མི་སྣའི་ ཐུན་མོང་འབད་འཐབ་ལའང་འབྲེལ་བ་ཟབ་མོ་ཡོད། བསྡོམས་པས་མ་དངུལ་སྒོར་ཁྲི་གཅིག་སྟོང་སུམ་བརྒྱ་བཏང་ཞིང་། ལྡུམ་རའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2000ཡོད།