ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མང་ཚོགས་ཀྱི་ལས་དོན་ནི་རང་ཉིད་ཀྱི་ལས་དོན་ཞིག་ཡིན།

སྤེལ་དུས 2019-09-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྫོང་ཞོལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་སྐལ་བཟང་ཟླ་བའི་སྐོར་བཀོད་པ།
           ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྫོང་ཞོལ་གྲོང་ཚོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་སྐལ་བཟང་ཟླ་བའི་སྐོར་གླེང་སྐབས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད།
           1994ལོ་ནས་བཟུང་སྐལ་བཟང་ཟླ་བས་སྔ་རྗེས་སུ་རྫོང་ཞོལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བ་མ་ཟད། 2016ལོ་ནས་བཟུང་གྲོང་ཚོ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་ཨང་དང་པོ་གཅིག་ལྕོགས་ཀྱང་བྱས། གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ལོ་25ཡི་རིང་ཁོང་གིས་མང་ཚོགས་ཀྱི་ལས་དོན་ནི་སོ་སོ་རང་ཉིད་ཀྱི་ལས་དོན་ལ་བརྩིས་ནས་སེམས་རྩ་འཁོལ་པོས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་། མང་ཚོགས་ཀྱི་དཀའ་གནད་བསལ་བ། མང་ཚོགས་ལ་བྱ་བ་ཡག་པོ་བསྒྲུབས་པ་བཅས་བྱས་པས་མང་ཚོགས་ཚོའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད།
           སྐལ་བཟང་ཟླ་བས“མང་ཚོགས་ཚོས་ང་ལ་ཡིད་ཆེས་བྱས་ནས་ང་གྲོང་ཚོའི་ལས་བྱེད་པར་བདམས་བྱུང་། གྲོང་ཚོའི་ལས་བྱེད་པ་ནི་མང་ཚོགས་ལ་བྱ་བ་སྒྲུབ་མཁན་ཞིག་ཡིན་པས། གྲོང་ཚོའི་ལས་བྱེད་པར་མང་ཚོགས་ལ་ལས་དོན་བསྒྲུབས་ནས་དཀའ་གནད་སེལ་རྒྱུའི་འགན་འཁྲི་ཡོད”ཅེས་བརྗོད།
           རྒྱུན་དུ་མང་ཚོགས་ཚོར་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་སྐལ་བཟང་ཟླ་བ་ཐུག་རྒྱུ་དཀོན་པོ་རེད། གང་ལགས་ཤེ་ན། ཁོང་ནི་ལས་བྲེལ་ཆེ་བས་རེད། འབྲོག་རར་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པར་བསྐྱོད་པ་མིན་ན་མང་ཚོགས་ཀྱི་ཁྱིམ་དུ་དཀའ་གནད་དངོས་ཐག་གཅོད་བྱེད་པར་སྐྱོད་ཀྱི་ཡོད། ཆུང་སར་གྲོང་མི་ཚོའི་བོར་བརླག་ཏུ་སོང་བའི་ཕྱུགས་རིགས་འཚོལ་བ་ནས་ཆེ་སར་གྲོང་ཚོར་གཞུང་ལམ་བཟོ་སྐྲུན་གྱི་རྣམ་གྲངས་བརྩོན་ལེན་བྱེད་པའི་བར་ཁོང་ཉིན་ལྟར་ལས་བྲེལ་ཧ་ཅང་ཆེན་པོ་ཡོད།
           ལོ་དེ་དག་རིང་གཞུང་ལམ་བཟོ་རྒྱུ་ནི་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པའི་ལས་དོན་ཞིག་རེད། རྫོང་ཞོལ་གྲོང་ཚོ་ནས་ཆུ་གསུམ་རྫོང་གྲོང་བར་གྱི་གཞུང་ལམ་ནི་ཐལ་ལམ་ཡིན། ཆར་པ་བབས་པའི་སྐབས་སུ་འདམ་རྫབ་ཀྱིས་ཁེངས་པ་དང་། གངས་བབས་པའི་སྐབས་སུ་འདྲེད་བརྡར་ཤོར་ནས་ཕར་འགྲོ་ཚུར་འོང་བྱེད་ཁག་པོ་ཡོད་པ་དེས་མང་ཚོགས་ཚོའི་རྒྱུན་གཏན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་སྟབས། སྐལ་བཟང་ཟླ་བ་སོགས་ཀྱི་རྒྱུན་འཁྱོངས་དང་འབད་བརྩོན་འོག་2017ལོར་མང་ཚོགས་ཚོས་རེ་སྒུག་ཆེན་པོ་བྱེད་པའི་གཞུང་ལམ་དེ་སྐྲུན་འགོ་ཚུགས། “ད་ཆ་གཞུང་ལམ་ལ་སྣུམ་ནག་འདིང་འགོ་ཚུགས་པས་ཡུན་རིང་མ་སོང་བར་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེར་མང་ཚོགས་ཚོའི་འབབ་འཕར་མྱུར་ཚད་ཇེ་མགྱོགས་སུ་འགྲོ་ངེས་རེད”ཅེས་སྐལ་བཟང་ཟླ་བས་སེམས་འགུལ་ཐེབས་པའི་སྒོ་ནས་བརྗོད།
           སྐལ་བཟང་ཟླ་བས་གསར་འགོད་པར“སྔོན་ཆད་ལམ་ཡག་པོ་མེད་པས་མང་ཚོགས་རྣམས་ཡར་ཀླུང་ཚོང་འདུས་ལ་ཞུགས་པར་ཟོག་འདྲེན་རླངས་འཁོར་མཉམ་དུ་གླས་ནས་ཡུལ་ཟོག་ཕྲན་ཙམ་འཁྱེར་ཏེ་བྲིན་ཚོང་བྱ་རྒྱུ་ལས་མ་འདས། 2018ལོར་གཞུང་ལམ་ཡག་ཏུ་ཕྱིན་རྗེས་མང་ཚོགས་མང་པོ་ཞིག་གིས་རང་ཉིད་ཀྱིས་རླངས་འཁོར་གླས་ནས་ཕྱི་ཕྱོགས་སུ་ཞིང་ཕྱུགས་ཐོན་ཟོག་བྲིན་ཚོང་བྱས་པས་ཡོང་འབབ་ལྡབ་ཁ་ཤས་འཕར་ཡོད། ན་ནིང་ཡར་ཀླུང་ཚོང་འདུས་སྐབས་གྲོང་ཚོའི་ཞིང་ཕྱུགས་ཐོན་ཟོག་ཚོང་མང་ཤོས་ཀྱི་དུད་ཚང་གི་ཉོ་ཚོང་གྲངས་འབོར་སྒོར་ཁྲི་16ཟིན་པ་དེ་ནི་སྔོན་ཆད་ཀྱི་ལྡབ་ཁ་ཤས་རེད”ཅེས་བརྗོད།
           ན་ནིང་རྫོང་ཞོལ་གྲོང་ཚོའི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་12000ཟིན་པ་དང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་དུད་ཚང་97གྱི་ཁྲོད་དུད་ཚང་90ཡིས་རླངས་འཁོར་ཉོས་ཡོད། “དེ་དག་ཚང་མ་ནི་གཞུང་ལམ་ཡག་ཏུ་ཕྱིན་རྗེས་མང་ཚོགས་ལ་དངོས་ཕན་ཐོབ་པས་རེད”ཅེས་སྐལ་བཟང་ཟླ་བས་བརྗོད།
           ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པའི་རྐྱེན་གྱིས་ཆུ་གསུམ་རྫོང་གིས་གྲོང་ཚོའི་ལས་བྱེད་པ་ཤང་དང་གྲོང་རྡལ་གྱི་གཞུང་ལས་པར་སྒྱུར་བའི་སྐལ་དོད་དེ་སྐལ་བཟང་ཟླ་བར་སྤྲད། དམངས་གཙོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་སྐབས་རྫོང་ཞོལ་གྲོང་ཚོའི་མང་ཚོགས་ཚང་མས་ཁོང་ལ་སྐར་མ་ཆ་ཚང་བརྒྱབ་པ་དང་། 2014ལོར་སྐལ་བཟང་ཟླ་བ་ཤང་དང་གྲོང་རྡལ་གྱི་གཞུང་ལས་པར་བསྒྱུར་ནས“ལས་བྱེད་པ་ངོ་མར”གྱུར་ཡོད།
           ཤང་དང་གྲོང་རྡལ་གྱི་གཞུང་ལས་པར་གྱུར་རྗེས་སྐལ་བཟང་ཟླ་བས་རྫོང་ཞོལ་གྲོང་ཚོར་མུ་མཐུད་བསྡད་ནས་ལས་དོན་སྒྲུབ་རྒྱུའི་གདམ་ག་བྱས། རྩ་འཛུགས་ཀྱིས་ཁོང་ལ་ཡིད་ཆེས་བྱས་ཏེ་རྫོང་ཞོལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོའི་འགན་གཅིག་ལྕོགས་འཁུར་དུ་བཅུག་པ་རེད། ཐོབ་ཐང་ལ་འགྱུར་ལྡོག་བྱུང་བ་དང་གོ་གནས་མང་དུ་ཕྱིན་པ་དེས་སྐལ་བཟང་ཟླ་བའི་ཁུར་པོ་དང་འགན་འཁྲི་ཡང་དེ་བས་ལྕི་རུ་སོང་ཡོད། “ཤང་གི་ལས་བྱེད་པ་དང་གྲོང་ཚོའི་ལས་བྱེད་པ་ཚང་མ་ནི་མང་ཚོགས་ལ་ལས་དོན་སྒྲུབ་མཁན་ཡིན། མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད། གལ་སྲིད་དཀའ་ལས་བརྒྱབ་ཚེ་ལས་དོན་གང་ཞིག་ཡིན་རུང་ཡག་པོ་སྒྲུབ་ཐུབ་ངེས་རེད”ཅེས་བརྗོད་པ་དང་། ཁོང་གིས་“མིག་སྔར་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ནི་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པའི་ལས་དོན་ཞིག་རེད། ང་ཚོས་འབད་བརྩོན་ཆེན་པོ་བྱས་ཏེ་ལས་དོན་དེ་ཡག་པོ་སྒྲུབ་རྒྱུ་ཡིན”ཞེས་བརྗོད།
རྩོམ་སྒྲིག་པ། སངས་སྐྱབས།