ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དུས་བཞིའི་བཀྲ་ཤིས་གྲོང་ཚོའི་བདེ་སྐྱིད་ཀྱི་འཚོ་བ།

སྤེལ་དུས 2019-09-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
འདི་ནི་ལྷ་སའི་སྐྱིད་ཆུའི་འགྲམ་དུ་གནས་པའི་དུས་བཞིའི་བཀྲ་ཤིས་གྲོང་ཚོ་རེད།
               ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “དུས་རབས་གསར་བ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་བ”ཞེས་པའི་དྲ་རྒྱའི་བརྗོད་དོན་བྱེད་སྒོའི་བཅར་འདྲི་ཚོགས་པ་དུས་བཞིའི་བཀྲ་ཤིས་གྲོང་ཚོར་བསྐྱོད་པ་རེད། དུས་བཞིའི་བཀྲ་ཤིས་གྲོང་ཚོ་ནི་བོད་ལྗོངས་ཀྱི་སྐོར་དང་པོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་རེད།

འདི་ནི་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་སྡོད་ཁང་གི་ཕྱིའི་བཀོད་པ་རེད།
               ངོ་སྤྲོད་བྱས་པ་ལྟར་ན། དུས་བཞིའི་བཀྲ་ཤིས་གྲོང་ཚོར་དཔྱིད་ཀ་དང་། དབྱར་ཁ། སྟོན་ཁ། དགུན་དུས་བཅས་ཁུལ4དབྱེ་ཡོད་པ་དང་། ལྗང་ཁུ་དང་། དམར་པོ། དཀར་པོ། སྔོན་པོ་བཅས་མི་འདྲ་བའི་ཁང་པའི་ཚོན་མདོག་གིས་ལོ་གཅིག་དུས་བཞི་མཚོན་པ་དང་། གྲོང་ཚོའི་མ་ལམ་གཙོ་བོ12ཀྱིས་ལོ་གཅིག་གི་ཟླ་བ12མཚོན་པ། སྡོད་ཁང365ཡིས་ལོ་གཅིག་གི་ཉིན365མཚོན་པ་བཅས་ཀྱི་ཐོག་ནས་ས་གནས་དེ་གར་སྡོད་པའི་གྲོང་མི་ཚོ་ལོ་གཅིག་དུས་བཞིའི་རིང་བཀྲ་ཤིས་དོན་འགྲུབ་དང་འཚོ་བ་བདེ་སྐྱིད་ལྡན་པ་མཚོན་གྱི་ཡོད་པ་རེད།
               2016ལོའི་ཟླ12པའི་ཚེས15ཉིན་ཆུ་ཤུར་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང200ལྷག་ཙམ་དང་སྔར་བཞིན་རྒྱ་མཚོའི་ངོས་ལས་སྨི4500ཡན་གྱི་ས་ཁོངས་སུ་བསྡད་ཡོད་པའི་གྲོང་མི་བསྡོམས་པས1000ལྷག་ཙམ་དངོས་སུ་གནས་འདི་གར་སྤོས་ཡོང་བ་རེད།
འདི་ནི་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་གཞི་རྩའི་གནས་ཚུལ་རེད།
               དུས་བཞིའི་བཀྲ་ཤིས་གྲོང་ཚོ་ནི་སློབ་ཆེན་སློབ་མ་དང་ཞིང་འབྲོག་པའི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་རྟེན་གཞི་ཞིག་ཀྱང་ཡིན་ལ། བོད་ལྗོངས་སློབ་གྲྭ་ཆེན་མོས་ཀྱང་དུས་བཞིའི་བཀྲ་ཤིས་གྲོང་ཚོར་ཐོན་སྐྱེད་དང་། སློབ་གསོ། ཚན་རིག་ཞིབ་འཇུག་གི་མཉམ་ལས་རྟེན་གཞི་བཙུགས་པ་དང་། 2018ལོར་དུས་བཞིའི་གཉིས་གཏོད་ཀུན་གཏོད་ཀྱི་བར་སྟོང་དངོས་སུ་ཚུགས་པ་རེད། ལེགས་པའི་ཆ་རྐྱེན་འདི་དག་ལ་བརྟེན་ནས་དུས་བཞིའི་བཀྲ་ཤིས་གྲོང་ཚོས་ས་གཙང་བདེ་ཐང་ཐོན་ལས་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་རྒྱུན་འཛིན་དང་འཕེལ་རྒྱས། དམངས་སྲོལ་རིག་གནས་གསར་གཏོད་ཐོན་ལས་བཅས་ལ་དམ་པོར་དམིགས་ནས་རང་གྲོང་ཚོ་དང་དེ་བཞིན་ཉེ་འཁོར་གྱི་མཐོ་སློབ་མཐར་ཕྱིན་སློབ་མ། ཞིང་འབྲོག་པའི་གཞོན་ནུ་རྣམས་ཧུར་ཐག་སྒོས་གསར་གཏོད་ལས་གཏོད་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས།
འདི་ནི་ཚལ་སྣེ་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསོད་ནམས་དབྱངས་སྐྱིད་ཀྱིས་གསར་འགོད་པར་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
               ཚལ་སྣེ་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསོད་ནམས་དབྱངས་སྐྱིད་ཀྱིས“དྲ་སྦྲེལ+’སོགས་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་གྲོང་ཚོའི་གཙོ་ཁྲིད་ཐོན་ལས་བསྐྲུན་པ་དང་།  གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྲོལ་སྒྱུར་བ་མགྱོགས་སུ་གཏོང་བ། ཧུར་བརྩོན་སྒོས་ཞིང་པ་ལས་རིགས་ཅན་དང་། ཞིང་ལས་ཐོན་ལས་ཅན། གྲོང་གསེབ་སྡེ་ཁུལ་ཅན་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་གང་ཐུབ་བྱས་ཏེ་ཡུལ་གཞན་དུ་བཀོད་སྒྲིག་བྱ་ཡུལ་གྱི་ཚད་གཞི་བསྐྲུན་དགོས་ཟེར།
རྩོམ་སྒྲིག་པ། སངས་སྐྱབས།