ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་པ།

སྤེལ་དུས 2019-09-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
               ཚེས་6ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཁག་བཀོད་སྒྲིག་བྱས་པ། ཟླ་9ཚེས་9ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།
               རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
               ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ལ་བརྩེ་སེམས་འཆང་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རང་འགུལ་ངང་བྱས་རྗེས་འཇོག་ཕོད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ཡང་དག་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ལྷག་པར་དུ་བོད་ཀྱི་ཉིན་རེ་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་རུ་འགྲོ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་སྟངས་འཛིན་ཡག་པོ་བྱས་ནས་ངེས་པར་དུ་རིག་པ་ཧ་ཅང་དྭངས་གསལ་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། དར་ཆ་ཧ་ཅང་གསལ་སྟོན། བྱ་སྤྱོད་ཧ་ཅང་བློ་ཐག་ཆོད་པོ་བཅས་བྱེད་ཐུབ་པ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་བཅས་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་ལ་དམིགས་ནས་གནད་དོན་དང་འགལ་ཟླ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལས་དོན་ཁག་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་དུ་སྦྱོང་བརྡར་མཐའ་འཁྱོངས་བྱེད་པ། གཞི་རིམ་དུ་འཚར་ལོངས་ཡོང་ཐབས་ཤེས་པ་བཅས་བྱེད་པར་དངོས་འབྲེལ་དཀའ་སྡུག་མྱོང་ལེན་དང་། མཐོང་ཐོས་ཉམས་ལེན། ལུས་སྟོབས་རྒྱས་ཐབས་བྱས་ཏེ་བསམ་བློའི་ཚོད་བགམ་ནན་པོ་དང་། ཆབ་སྲིད་ཀྱི་བཞུན་བརྡར་ནན་པོ། ལག་ལེན་གྱི་སྦྱོང་བརྡར་ནན་པོ་བཅས་ཐེག་ཐུག་པ་བྱས་ནས་འཐབ་རྩོད་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམ་འཛིན་གྱིས་རྒྱལ་ཆེའི་ཏང་ཡོན་དང་ལས་བྱེད་པར་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་སྐྱེ་ཐུབ་པ། རྩོལ་ཤུཌ་འཕེལ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་ལ་རོཌ་རམ་བྱེད་དགོས་པ་དང་། རིམ་ཁག་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་ཚོས་རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་གྱིས《སྲོལ་ཡིག》ལག་བསྟར་ལ་སྣེ་ཁྲིད་བྱེད་དགོས་པ། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་རིམ་ཁག་སྒྲིག་ཨུད་ཀྱིས་འགན་འཁྲི་གཉིས་ལག་བསྟར་ཡག་པོ་བྱས་ཏེ་གཞི་རིམ་གྱི་ལས་བྱེད་པར་རང་འགུལ་ངང་འགན་འཁྲི་འཁུར་རོཌ་བྱས་ནས་ཏང་ཡོན་ལས་བྱེད་པའི་ལས་དོན་སྒྲུབ་སེམས་ཆེ་རུ་གཏོང་དགོས།
               ཚོགས་འདུའི་ཐོག་བསྟན་དོན། ཚད་མཐོའི་འགན་འཁུར་བའི་ལས་ཀའི་རྣམ་འགྱུར་ཐོག་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་དང་། ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་རྣམ་འགྱུར་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོད་པའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ཕྱག་རྟགས་འབུལ་དགོས་པ་དང་། སྟེས་དབང་གི་བསམ་བློ་དང་སྣང་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ། རང་བཤེར་ནན་ཏན་དང་ཆད་ལུས་བཙལ་ནས་ཆད་གསབ་ཀྱིས་གནད་ཆེ་ས་དང་དམངས་འཚོའི་བྱེད་སྒོ་སྤེལ་ཡུལ་གལ་ཆེན་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་གང་ཡང་མི་ལྷག་པའི་འགན་ལེན་བྱེད་དགོས། ཁྲིམས་ལྟར་དོ་དམ་བྱེད་ཁོངས་སུ་ཚུད་པའི་གྲི་ཆས་དང་ཉེན་ཆེའི་འབར་སླའི་དངོས་རྫས་གཙང་བཤེར་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་མེད་རྐྱེན་ངན་སྣ་ཚོགས་འབྱུང་རྩ་ནས་སེལ་དགོས། གཙོ་གནད་ཀྱི་གནད་དོན་འགོག་ཟོན་དང་། དཀའ་གནད་རིགས་ལ་འགོག་ཟོན། གླེང་ཆེའི་རིགས་གསེད་བཀྲོལ། སྤྱིར་བཏང་གི་གནད་དོན་ལ་ལན་འདེབས་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཡིག་བསྐུར་ངོ་བཅར་དང་མང་ཚོགས་ཀྱི་རྩོད་གཞི་དང་འགལ་ཟླ་གྲལ་བཤེར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། འགྲོ་ལམ་འགྲིམ་འགྲུལ་དང་། མེ་ཟོན། འཛུགས་སྐྲུན་ཨར་སྐྲུན། ས་གཤིས་གནོད་འཚེ་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། སློབ་གྲྭའི་བདེ་འཇགས་ཐད་ཀྱི་ལྷུ་ཚིགས་ཁག་ལ་དམ་པོར་དམིགས་ཏེ་སློབ་གྲྭའི་བདེ་འཇགས་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། སློབ་གྲྭའི་བདེ་འཇགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་གྲྭ་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
               ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་གནས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་40འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་རང་ལྗོངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཁག་གཟབ་རྒྱས་ངང་སྤེལ་དགོས་པ་དང་། བོད་ཀྱི་ཁྱད་ཆོས་མངོན་པ་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་པ་བྱེད་པར་ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུར་སྒྲིག་འཛུགས་དང་འཆར་འགོད་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱེད་ལུགས་གང་ལེགས་མངོན་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་གང་ལེགས་མངོན་པར་བྱེད་དགོས། མང་ཚོགས་རང་བཞིན་མངོན་པ་བྱེད་པར་མི་རིགས་ཁག་གི་མང་ཚོགས་དང་རིགས་ཁོངས་ཁག་གི་མི་སྣ་སྒྲིག་འཛུགས་བྱས་ཏེ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་རྟེན་འབྲེལ་བྱེད་སྒོར་རྒྱ་ཁྱབ་ངང་ཞུགས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་ངོས་འཛིན་གཅིག་མཐུན་གང་ལེགས་མཚོན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་། རླབས་ཆེའི་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ལུགས་གང་ལེགས་མཚོན་པར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་དགོས།
               ཚོགས་འདུའི་ཐོག་2019ལོའི་ཟླ་9ཚེས་9ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་། གྲོས་རིམ་གཙོ་བོ་ནི《ཁག་གཉིས་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར”》ལ་གྲོས་བསྡུར་བྱས་པ་དང་། ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་ཕྱོགས་སྡོམ་བཀོད་སྒྲིག་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ལས་དོན་སྙན་ཞུ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་བཅས་རེད། 
               ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།