ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་འཇོག་སྐུལ་སློང་ཚོགས་ཆེན་དང་དྲག་ཆས་ནང་སྦྱོང་བྱེད་སྒོ་སྤེལ་བ།

སྤེལ་དུས 2019-09-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
                གཡུལ་སར་དམག་མིར་རྩིས་བཤེར་གྱིས། དམག་རྒྱག་གྲ་སྒྲིག་ལེགས་པར་བྱེད། ཟླ་9ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་འཇོག་སྐུལ་སློང་ཚོགས་ཆེན་དང་དྲག་ཆས་ནང་སྦྱོང་བྱེད་སྒོ་སྤེལ་བ་རེད།
                རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཞུས་ཡུང་དང་། བསྟན་ཁོ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་བཅས་ཕེབས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
                ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་ནང་ཞུགས་མཁན་གྱི་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་ཤིང་། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོ་བདེ་འཇགས་དང་ཞི་མཐུན་ཡོང་བའི་འགན་ལེན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་དེ་བས་རེད། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་།
                “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་བཀའ་ཕབ་མ་ཐག་དོན་ཕོད་པ་དང་། མཆོངས་ཕོད་པ། རྒྱལ་ཁ་ལེན་པ་བཅས་འགན་ལེན་གྱིས་བསྐོངས་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཡིན་པ་བཅས་ཀྱི་ཟིལ་རྔམ་ལྡན་པའི་དཔུང་སྡེ་དང་དཔུང་སྡེ་ཧྲག་པོའི་གཟུགས་བརྙན་གང་ལེགས་མངོན་པར་བྱས་ནས་ཉམས་སད་ཐེག་པའི་འཇོན་ཐང་དང་། ཞུམ་པ་མེད་པའི་སྤྱོད་ཚུལ། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་བྱས་རྗེས་བཅས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་གཟིགས་ཞིབ་དང་ལེན་ཞུ་དགོས་པ་དང་། “བརྟན་ལྷིང”ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་ཚད་ཀྱི་བསམ་གཞི་བརྟན་དུ་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཁུར་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་གཟི་བརྗིད་ཀྱི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་འགག་རྩའི་དུས་སུ་དཔའ་བོའི་རང་རྟགས་མངོན་པར་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་བཏང་སྟེ་ངལ་དུབ་ལ་མི་སྐྲག་པར་མུ་མཐུད་དམག་འཐབ་བྱེད་པ་དང་གཞོགས་འདེགས་དམ་ཟབ་ཀྱིས་མཉམ་ལས་ཧུར་ཐག་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་འཐབ་ནུས་ཆེན་པོ་རྒྱུན་འཁྱོངས་བྱས་ནས་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ཕྱག་རྟགས་འབུལ་དགོས་ཞེས་མཛུབ་སྟོན་གནང་བ་རེད།
                འགན་སྒྲུབ་དམ་འཇོག་གི་སྐུལ་སློང་ཚོགས་ཆེན་ཐོག དྲག་ཆས་ཉེན་རྟོག་དང་། སྤྱི་བདེ། འཇིགས་སྐུལ་ངོ་རྒོལ། མེ་ཟོན་རོགས་སྐྱོབ་སོགས་ཕྱོགས་ཁག་གི་ནང་སྦྱོང་ལ་ཞུགས་མཁན་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་ཅིང་། དམ་ཚིག་མཁའ་དབྱིངས་གྲགས་པ་དེ་ཐོག་ནས་རྟེན་འབྲེལ་ཆེ་མོའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ཆོད་སེམས་མཚོན་པ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་ཡིད་ཆེས་མངོན་ཡོད། ནང་སྦྱོང་ལ་ཞུགས་མཁན་ཡོངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ཞབས་འདེགས་ཞུས་ནས་རྟེན་འབྲེལ་ཆེ་མོའི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པ་དེ“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ་ཏང་དང་མི་དམངས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བརྗོད་པ་རེད།
                ཝུའུ་དབྱིང་ཅེས་བཀའ་ཕབ་མ་ཐག ནང་སྦྱོང་ལ་ཞུགས་མཁན་དཔོན་དམག་དང་། ལས་བྱེད་ཉེན་རྟོག་པ། བཀོད་འཐབ་པ་བཅས་ཚང་མ་རླངས་འཁོར་ལ་བསྡད་དེ་སྐོར་གཡེང་དང་ལས་སྒྲུབ་བྱེད་འགོ་ཚུགས་པ་རེད།
                རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་བཅས་ཡིན་པའི་ཀྲང་ཧུང་པོ་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སི་ལིན་ཡོན་ལིའུ་གོ་རུང་གིས་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་ཚབ་ཞུས་ནས་རྣམ་འགྱུར་སྟོན་པའི་གཏམ་བཤད་བྱས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།