ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བདེ་ཐང་བོད་ལྗོངས་ཀྱི་གོམ་སྟབས་བརྟན་པ།

སྤེལ་དུས 2019-09-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་ཚུན་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
             འགོ་ཚུགས་གཏམ། 
             ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“བརྗིད་ཆེའི་ལོ་ངོ་70 གངས་ལྗོངས་ཀྱི་བསྟོད་གླུ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་ལེ་ཚན་འདོན་རྒྱུ་ཡིན་པ་དེ་ཐོག་ནས་རླབས་ཆེན་གྱི་ལོ་ངོ་70དང་། འབད་འཐབ་ཀྱི་ལོ་ངོ་70 འོད་སྟོང་འཕྲོ་བའི་ལོ་ངོ་70 ཟམ་མི་ཆད་པར་ངོ་མཚར་བཏོད་པའི་ལོ་ངོ་70བཅས་གང་ལེགས་མངོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་བ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ཚུལ་གསལ་འགྲེལ། ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དམ་འཛིན་བྱ་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་གཅིག་སྡུད་ཐོག་མཚོན་པ་བྱ་རྒྱུ་མ་ཟད། རྒྱལ་གཅེས་ཀྱི་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་རྒྱལ་གཅེས་ཀྱི་བློ་སྟོབས་ཆེ་རུ་བཏང་སྟེ། གངས་ལྗོངས་ཀྱིས་མཉམ་དུ་བསྟོད་གླུ་བླངས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན།
             བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་དབྱང་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་རྒྱུན་ཆད་མེད་པར་ཡར་རྒྱས་གོང་འཕེལ་བྱུང་ནས་རང་ལྗོངས་ཀྱི་དཔལ་འབྱོར་བྱ་འཕུར་བ་བཞིན་གོང་འཕེལ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
             སྨན་བཅོས་འཕྲོད་བསྟེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ།
             དུས་རབས་གོང་མའི་ལོ་རབས་60པར་རང་སྐྱོང་ལྗོངས་ཀྱིས་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཙུགས་པ་དང་། དུས་རབས་གོང་མའི་ལོ་རབས་70པར་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་བཙུགས་པ། དུས་རབས་གོང་མའི་ལོ་རབས་80པར་བོད་ཀྱི་མ་བུ་འཕྲོད་སྦྱོར་ཁང་བཙུགས་པ། དུས་རབས་གོང་མའི་ལོ་རབས་90པར་ཞིང་འབྲོག་ཁུལ་དུ་འཕྲོད་བསྟེན་བྱ་གཞག་གི“རྣམ་གྲངས་གསུམ”(ཤང་འཕྲོད་བསྟེན་ཁང་། རྫོང་འཕྲོད་བསྟེན་ས་ཚིགས། རྫོང་མ་བུ་འཕྲོད་སྦྱོར་ཁང )”བཙུགས་ཡོད། 2000ལོ་ནས་བཟུང་རང་སྐྱོང་ལྗོངས་འཕྲོད་བསྟེན་ལྟ་སྐུལ་ཁང་དང་། རང་སྐྱོང་ལྗོངས་ཁྲག་མཛོད་ལྟེ་གནས་དངོས་སུ་བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་ཕྱོགས་ཡོངས་ནས་བཙུགས་ཡོད་པ་རེད། 
             མིག་སྔར་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་།
             རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་ལ་ཁྱབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་བཙུགས་པ་མ་ཟད། གཞི་རྩའི་སྨན་བཅོས་དང་། ནད་ཡམས་སྔོན་འགོག་ཚོད་འཛིན། མ་བུ་འཕྲོད་སྦྱོར། མྱུར་སྐྱོབ། སྐོར་བསྐྱོད་སྨན་བཅོས་བཅས་ཀྱི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ནས་ལྗོངས་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1548དང་། ནད་ཁྲི་16787 འཕྲོད་བསྟེན་མི་སྣ་24018བཅས་ཡོད་པ་རེད།
             མིག་སྔར་ལྗོངས་ཡོངས་སུ་གཞུང་བཙུགས་བོད་སྨན་གྱི་སྨན་བཅོས་སྒྲིག་གཞི་50དང་། དམངས་གཉེར་བོད་སྨན་གྱི་སྨན་བཅོས་སྒྲིག་གཞི་163 བོད་ལུགས་གསོ་རིག་གི་ལག་རྩལ་མི་སྣ་3763 ནད་ཁྲི་2412བཅས་ཡོད་པ་དང་། ཤང(གྲོང་རྡལ)འཕྲོད་བསྟེན་ཁང་89%དང་གྲོང་ཚོའི་འཕྲོད་བསྟེན་ཁང་38%ཚང་མས་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་ཐུབ་སྟེ་བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་གཞི་རྩའི་ཆར་བཙུགས་ཡོད་པ་རེད།
             སྨན་བཅོས་འགན་ལེན་གྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ།
             ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་འཕྲོད་བསྟེན་ལས་སྒྲུབ་མི་སྣ་བརྒྱ་ཡང་ཟིན་གྱི་མེད་པས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ནད་ཕོག་ཀྱང་དུས་ཐོག་ཏུ་སྨན་བཅོས་ཐུབ་ཀྱི་མེད། ཞི་བས་བཅིངས་འགྲོལ་བཏང་ཚུན། རྒྱལ་ཁབ་ཀྱིས་ཞིང་འབྲོག་པར་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱི་རིན་མེད་སྨན་བཅོས་སྲིད་ཇུས་ལག་ལེན་བསྟར་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཞབས་ཞུའི་ནང་དོན་ཚགས་ཚུད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་ནུས་ཤུགས་ཡོད་རྒུས་གོང་མཐོར་གཏོང་བ། བྱ་ཐབས་མང་པོ་སྤྱད་དེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ཡོད།
             ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་དུ་སྡོད་མཁན་རྒན་མོ་སྒྲོལ་མར་གྲུམ་བུའི་ནད་ཕོག་ཡོད་པས་ནད་གཞི་ལྕི་བའི་སྐབས་གོམ་པ་སྤོ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། “དེ་སྔ་གཟུགས་པོ་མི་བདེ་བ་ཡོད་སྐབས་རྟག་ཏུ་ཁྱིམ་མིར་རྙོག་དྲ་བཟོས་ནས་རང་ཉིད་སྨན་ཁང་དུ་སྐྱེལ་རོགས་ཟེར་དགོས། ད་ཆ་ཁ་པར་ཞིག་བརྒྱབ་ཚེ་ཁྱིམ་ཚང་གི་སྨན་པ་སྒོ་རྩར་སྨན་བཅོས་བྱེད་པར་ཡོང་ནས་ཁྲག་ཤེད་ལྟ་བ་དང་སྨན་ཆུ་བླུགས་པ་སོགས་དངོས་གནས་སྟབས་བདེ་བྱུང་ཡོད”
             རང་ལྗོངས་ཀྱིས་ཁྱིམ་ཚང་གི་སྨན་པ་དང་ཞབས་ཞུའི་གན་རྒྱ་འཇོག་པའི་ལས་དོན་སྤེལ་ཚུན་ལྗོངས་ཡོངས་སུ་ཁྱིམ་ཚང་གི་སྨན་པའི་ཚོགས་པ་9705བཙུགས་པ་དང་མི་ཐེངས་ཁྲི་170ལྷག་ཙམ་དང་གན་རྒྱ་བཞག་པས་ཁྱིམ་ཚང་གི་སྨན་པའི་གན་འཇོག་ཁྱབ་ཚད་52.91%ཟིན་པ་དང་གཙོ་གནད་མི་ཚོགས་དང་གན་འཇོག་ཞབས་ཞུ་ཁྱབ་ཚད་70%ལས་བརྒལ་ཡོད། 
             འབྲོག་ལས་གཙོ་བོར་བྱེད་པའི་རང་ལྗོངས་ནི་ཐུམ་འབུའི་ནད་ཐོན་མང་བའི་ཁུལ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་རང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་མ་ཟད། ཐུམ་འབུའི་ནད་ཕོག་ནས་སྨན་བཅོས་བྱེད་དགོས་རིགས་ཚང་མ་སྨན་བཅོས་ཐུབ་སྟེ“ཁ་ཆད་བྱེད་དགོས་མེད་པ་དང་། སྒུག་དགོས་མེད་པ། སྨན་རིན་སྤྲོད་དགོས་མེད་པ”བཅས་ཀྱི་དམངས་ཕན་བྱ་ཐབས་སྤྱད་པས་ལྗོངས་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་13གྱིས་གཤག་བཅོས་སྨན་བཅོས་ལས་ཀའི་འཕེལ་རིམ་མགྱོགས་སུ་བཏང་བས་ད་ཆ་ནད་པ་ཚང་མར་དུས་ཐོག་ཏུ་སྨན་བཅོས་ཐུབ་ཡོད།
             སྨན་བཅོས་བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།
             ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྔ་རྗེས་སུ《སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་མ་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《“གཉིས་གཅོག་གཅིག་འཕར”གྱི་འབྲེལ་ཡོད་ལས་དོན་ལ་སྐུལ་མ་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་སྲིད་ཇུས་ཀྱི་ཡིག་ཆ་བཏོན་ཏེ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྲིད་ཇུས་ཀྱི་འགན་ལེན་བྱས་ཡོད། རོགས་སྐྱོར་སྨན་ཁང་65ཡིས་ལས་ཀའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་དང“1+7”སྨན་ཁང་དང་དེའི་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་རྒྱུར་རོགས་རམ་བྱས་ནས་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་ཤུགས་ཆེན་སྤེལ་ཏེ་སྨན་བཅོས་ཞབས་ཞུའི་ནང་དོན་དང་ཁྱབ་ཁྱོན་ཆེ་རུ་དང་“1+7”སྨན་ཁང་སྤྱི་ཡོངས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད། 
             བོད་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པས་དོ་དམ་གྱི་ལེགས་ཆ་དང་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ་དང་། “ཚོགས་པས་ཚོགས་པའི་སྣེ་ཁྲིད་པ”དང“རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ”སོགས་ཀྱི་བྱ་ཐབས་བརྒྱུད། རོགས་ཁྲིད་ཀྱི་གྲོས་མཐུན་ཡི་གེ་བཞག་སྟེ་ནད་ཐོག་སློབ་ཁྲིད་དང་། རིག་གཞུང་འཆད་ཁྲིད། ལག་རྩལ་གསོ་སྦྱོང་། གཤག་བཅོས་དཔེ་སྟོན་སློབ་ཁྲིད་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བས་སྨན་དོན་མི་སྣའི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་གོང་མཐོར་ཕྱིན་པ་དང་། ས་གནས་ཀྱི་སྨན་དོན་མི་སྣ་877རིམ་པས་རང་ལྗོངས་ཀྱི་སྨན་བཅོས་ལས་རིགས་ཀྱི་རྐང་འཛིན་པར་གྱུར་པ་དང་ས་གནས་ཀྱི་སྨན་དོན་མི་སྣ་120ཡིས་རང་སྐྱ་འཕེར་བའི་ངང་གཤག་བཅོས་རེ་ཟུང་བྱེད་ཐུབ་ཀྱི་ཡོད། 
             རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཝང་ཡུན་ཐིང་གིས། ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་ནི་ཀྲུང་དབྱང་གིས་རང་ལྗོངས་ཀྱི་བདེ་ཐང་དབུལ་སྐྱོར་དང་དམངས་ཡོངས་ཀྱི་བདེ་ཐང་བྱ་གཞག་ལ་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དོན་འཁྱོལ་བྱས་ནས་ལོ་4ལྷག་ཙམ་སོང་རིང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་དང་རང་ལྗོངས་ཀྱི་སྨན་དོན་མི་སྣའི་ཐུན་མོང་འབད་བརྩོན་བརྒྱུད། སྨན་བཅོས་འཕྲོད་བསྟེན་བོད་སྐྱོར་གྱི་ཐོན་ཁུངས་སྔར་བས་གཞི་རིམ་དུ་རྒྱ་སྐྱེད་བཏང་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་གནས་བབ་ཧྲིལ་པོར་འཕོ་འགྱུར་ཆེན་པོ་བྱུང་ཡོད་པའི་ངོས་འཛིན་བྱས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།