ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟེ་གནས་གསར་པ་རྒྱལ་སྟོན་དུས་ཆེན་སྐབས་དངོས་སུ་བཀོལ་སྤྱོད་བྱ་འཆར་ཡིན་པ།

སྤེལ་དུས 2019-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཟླ་9པའི་ཚེས་10ཉིན་གྱི་སྔ་དྲོར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་པའི་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟེ་གནས་གསར་པ་ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་དངོས་སུ་བཀོལ་སྤྱོད་བྱ་བའི་འཆར་གཞི་ཡོད་པ་དང་། ལེ་ཏ་ལྟ་འཇལ་གྱི་རིག་ནུས་གློག་སྒྲོན་ལྗང་སེར་དང་། “སྙོམ་སྒྱུར་བཀོད་འདོམས”ཞེས་པའི་མགྱོགས་མྱུར་གྱིས་ཉེན་རྟོག་པ་མངགས་གཏོང་གི་མ་ལག རླངས་འཁོར་ར་མདའི་མ་ལག་བཅས་ཀྱི“ཚན་རྩལ་རྩེ་གྲ”ཡང་དངོས་སུ་ཤར་གཏོང་བྱ་རྒྱུ་རེད། 
             སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་ཁྱབ་སྤེལ་གཏོང་བ་དང་། འགྲིམ་འགྲུལ་གྱི་འཚང་ཁ་སེལ་བ། གྲོང་མི་རྣམས་སྔོ་ལྗང་ཐཱན་དམའི་ལམ་ནས་ཕྱི་ལོགས་སུ་འགྲོ་བར་སྐུལ་འདེད་བྱ་བའི་ཆེད་དུ། 2019ལོའི་10པར་ལྷ་ས་གྲོང་ཁྱེར་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་སྐོང་འཚོགས་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་16བཏང་ནས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་པའི་ཡན་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་གསར་པ་འཛུགས་བསྐྲུན་བྱ་བ་དང་། གྲོང་ཁུལ་གྱི་བགྲོད་ལམ་བརྡ་གཏོང་གློག་སྒྲོན་སྟངས་འཛིན་སྒྲིག་ཆས་དང་བརྙན་མིག་སོགས་མདུན་ལོགས་སྒྲིག་ཆས་གསར་སྒྱུར་བྱ་བ། འགྲིམ་འགྲུལ་ཕྱོགས་བསྡུས་སྟངས་འཛིན་སྟེགས་བུ་སོགས་འཛུགས་བསྐྲུན་བྱ་བ་བཅས་ཐག་གཅོད་བྱས། “མིག་སྔར་རྣམ་གྲངས་འདི་རྩ་བའི་ཆ་ནས་སྒྲུབ་ཚར་སོང་ལ། མ་ལག་ལེགས་སྒྲིག་ཚོད་ལྟའི་ཤར་གཏོང་དང་མི་སྣ་གསབ་སྦྱོང་སོགས་ཀྱི་བྱ་བ་སྤེལ་བཞིན་ཡོད། སྔོན་དཔག་བྱས་ན་ཟླ10་པའི་ཚེས་1ཉིན་ཡས་མས་ལ་དངོས་སུ་བཀོལ་སྤྱོད་བྱ་རྒྱུ་ཡིན། སྐབས་དེར་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་པར་འཛིན་སྒྲིག་ཆས་ཀྱང་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་པའི་ཡན་ལག་རུ་ཁག་གི་ཆ་འཕྲིན་འགན་སྲུང་རུ་ཆེན་གྱི་རུ་གཙོ་ཆེ་བ་ཨོའུ་ཆང་གིས་བཤད་རྒྱུར། “དུས་ཡུན་འདིའི་རིང་གི་ཚོད་ལྟའི་ཤར་གཏོང་གནས་ཚུལ་ལ་གཞིགས་ན། ཁྲིམས་འགལ་པར་འཛིན་གྱི་ཡང་དག་པའི་ཚད་98%ཡན་ལ་སླེབས་ཡོད་པ་དང་། མིག་སྔར་ད་དུང་མུ་མཐུད་དུ་ལེགས་སྒྱུར་བྱ་བཞིན་ཡོད”ཅེས་ཟེར། 

             ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བཙུགས་པའི་བཀོད་འདོམས་ལྟེ་གནས་ནང་གཞི་གྲངས་ཆེན་པོ་གཅིག་བསྡུས་ལྟེ་གནས་དང་གསང་འཕྲིན་བརྡར་གཅོད་ལྟེ་གནས། བཀོད་འདོམས་སྙོམ་སྒྲིག་ལྟེ་གནས། ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ལྟེ་གནས། ཉེན་རྟོག་ནུས་ཤུགས་ལྟ་སྐུལ་ལྟེ་གནས་བཅས་འདུས་ཡོད། བཀོད་འདོམས་ལྟེ་གནས་ཀྱི་ལག་རྩལ་ཕྱོགས་ཀྱི་འགན་ཁུར་བ་ཡན་ཝུན་ཅིང་གིས་ངོ་སྤྲོད་བྱས་པར། “གཞི་གྲངས་ཆེན་པོ་གཅིག་བསྡུས་ལྟེ་གནས་དེ་སྔར་ཡོད་དང་སྦྲེལ་མཐུད་བྱུང་རྗེས། ལམ་870ཡི་བརྙན་རིས་ཆ་འཕྲིན་གསར་དུ་བསྣན་པ་སྟེ། དེའི་ནང་དུ་སྤྱི་སྤྱོད་རླངས་འཁོར་གྱི་ཁྲིམས་འགལ་པར་འཛིན་དང་ཁྲིམས་འགལ་གྱིས་རླངས་འཁོར་གཏོང་མཚམས་འཇོག་པ། དོས་སྐྱེལ་རླངས་འཁོར་ད་སྤྱོད་སོགས་འདུས་ཡོད། མ་འོངས་པར་མི་དམངས་ཉེན་རྟོག་པ་རེ་རེས་4Gཁྲིམས་འཛིན་ཟིན་ཐོ་ཡོ་ཆས་འདོགས་རྒྱུ་ཡིན་པ་སྟེ། དེ་ལ་བྱ་བའི་གནས་འཛིན་དང་བཀའ་བཀོད་དང་ལེན། བཀའ་བཀོད་ལག་བསྟར་གྱི་གནས་ཚུལ་ཡར་ཞུ་བྱེད་པ་ལ་སོགས་པའི་བྱེད་ནུས་ཚང་ཡོད། གསང་འཕྲིན་བརྡར་གཅོད་ནི་གཞི་གྲངས་ཆེན་པོའི་རྨང་གཞིའི་སྟེང་། ཉེན་རྟོག་པ་དང་ཉེན་རྟོག་སྟོབས་ཤུགས་མངགས་པ་དང་ཉེན་རྟོག་པ་མངགས་པའི་གྲུབ་འབྲས་ལ་དབྱེ་ཞིབ་བྱེད་པ་དང་། ཆེས་ལུགས་དང་མཐུན་པའི་ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག་བྱེད་པ་ཞིག་ཡིན། བཀོད་འདོམས་སྙོམ་སྒྲིག་ལྟེ་གནས་ཀྱིས་གྲོང་ཁུལ་གྱི་ལམ་མདོ་104ཡི་བརྡ་རྟགས་ཆས་གསར་པར་བརྗེ་སྤོར་བྱས་པ་དང་མཉམ་དུ་ལམ་376གི་ལེ་ཏ་ཁ་སྣོན་བྱས། བརྡ་རྟགས་ཆས་གསར་པར་རང་འགུལ་གྱི་འཕྲོད་མཐུན་བྱེད་ནུས་ལྡན་ལ། སྔོན་ཆད་ཀྱི་བརྡ་རྟགས་གློག་སྒྲོན་ཚང་མའི་དུས་ཚོད་ངེས་གཏན་ཡིན། ད་ལྟར་ལེ་ཏའི་ལྟ་འཇལ་གྱིས་བརྒྱུད་སྤྲོད་བྱས་པའི་ལམ་ནང་གི་རླངས་འཁོར་བསྐྱོད་ཚད་ཀྱི་གནས་ཚུལ་གཞིར་བཟུང་སྟེ། རིག་ནུས་ཀྱིས་བརྡ་རྟགས་གློག་སྒྲོན་གྱི་དུས་ཚོད་སྙོམ་སྒྲིག་བྱས་ནས་ལམ་མདོའི་འགྲིམ་འགྲུལ་གྱི་འཚང་ཁ་སེལ་ཆོག  བཀོད་འདོམས་སྙོམ་སྒྲིག་ལྟེ་གནས་སུ“སྙོམ་སྒྱུར་བཀོད་འདོམས་ཀྱི་གཞུང་ལས་མ་ལག”གསར་དུ་བཙུགས་པས། དཔེར་ན་བཀོད་འདོམས་ལྟེ་གནས་ཀྱིས་དོན་རྐྱེན་ཐག་གཅོད་ཀྱི་ཉེན་བརྡའི་ཁ་པར་ལེན་པ་ན། སྔོན་ཆད་རུ་ཆེན་སོ་སོ་བརྒྱུད་ནས་རིམ་པ་དང་པོའི་མི་དམངས་ཉེན་རྟོག་པ་སྙོམ་སྒྲིག་བྱེད་པའི་དུམ་ཚན་མེད་པར་བཏང་ཆོག་ལ། ཐད་ཀར་བཀོད་འདོམས་ལྟེ་གནས་མ་ལག་གིས་4Gཁྲིམས་སྐྱོང་ཟིན་ཐོ་ཡོ་ཆས་བཏགས་ཡོད་པའི་རིམ་པ་དང་པོའི་མི་དམངས་ཉེན་རྟོག་པར་བཀའ་བཀོད་བཏང་སྟེ།  མགྱོགས་མྱུར་གྱིས་ཉེན་རྟོག་པ་མངགས་པ་དང་ཉེན་རྟོག་སྟོབས་ཤུགས་ཆེས་ལེགས་པར་སྒྱུར་བའི་བཀོད་སྒྲིག་གི་དམིགས་ཡུལ་ལ་སླེབས་ཐུབ”ཅེས་ཟེར། 

             གསར་འགོད་པས་བཀོད་འདོམས་ལྟེ་གནས་ཀྱི་འཆར་ངོས་ཆེན་པོ་ནས་མཐོང་བ་ལྟར་ན། གསར་སྒྱུར་བྱས་རྗེས་ཀྱི་བརྙན་མིག་གིས་གསལ་པོའི་སྒོ་ནས་རླངས་འཁོར་ཨང་རྟགས་སོགས་རླངས་འཁོར་གྱི་ཆ་འཕྲིན་བརྙན་ལེན་བྱེད་ཐུབ་པ་དང་། ཁ་ལོ་བས་ཉེན་སྲུང་སྒྲོག་ཐག་མ་བཅིངས་པའམ་རླངས་འཁོར་བསྐོར་དུས་ཁ་པར་ནང་བལྟ་བ་དང་ཁ་པར་གཏོང་ལེན་བྱེད་པ་སོགས་ཀྱི་བྱ་སྤྱོད་ཚང་མ་གསལ་ཚད་ལེགས་པོས་པར་འཛིན་བྱེད་ཐུབ། ཉེན་རྟོག་ཕྱོགས་ཀྱིས་རླངས་འཁོར་ཞིག་གི་རྗེས་འདེད་བྱེད་དགོས་པའི་སྐབས་སུ། རླངས་འཁོར་ཨང་རྟགས་སོགས་ཆ་འཕྲིན་མ་ལག་ནང་བཏགས་ཙམ་ན། བརྙན་མིག་གིས་རླངས་འཁོར་འདི་མཐོང་བ་ཉིད་དུ་ཉེན་བརྡ་བཏང་ཡོང་བས། འདིས་ཉེན་རྟོག་ཕྱོགས་ཉེན་རྟོག་མྱུལ་ཞིབ་ཀྱིས་གྱོད་དོན་བརྟོལ་བར་ནུས་པ་ཆེ་བའི་ཉེན་ཞིབ་ཐབས་ལམ་ཞིག་མཁོ་འདོན་བྱས་ཡོད། བཀོད་འདོམས་ལྟེ་གནས་ཀྱི་འཆར་ངོས་ཆེན་པོར་མཉམ་དུ་ལམ་16གི་བརྙན་རིས་ཆ་འཕྲིན་འཆར་ཐུབ་ལ། ལམ་870ཡི་བརྙན་རིས་ཆ་འཕྲིན་བསྐོར་གཏོང་ཡང་བྱེད་ཆོག  གློག་སྒྲོག་དམར་ལྗང་གི་རང་འགུལ་འཕྲོད་མཐུན་བྱེད་ནུས་ཐད་ལ། “དཔེར་ན་ལྔ་མདོའི་ལམ་ཁར། ཅང་སུའུ་ཤར་ལམ་ནས་ནུབ་ཏུ་བསྐྱོད་པའི་བགྲོད་ལམ་ལ་རླངས་འཁོར་སྨི་100ཡན་གྲལ་བསྒྲིགས་ཡོད་མོད། མིག་སྔར་གླིང་སྐོར་ཤར་ལམ་གྱི་བྱང་གི་ཆར་ལྷོ་ནས་བྱང་དུ་བསྐྱོད་པའི་ལམ་ལ་རླངས་འཁོར་མི་འདུག  དེ་བས་གླིང་སྐོར་ཤར་ལམ་གྱི་ལྷོ་ནས་བྱང་དུ་ཁ་བསྟན་པའི་བརྡ་གཏོང་གློག་སྒྲོན་རང་བཞིན་གྱིས་དམར་པོར་འགྱུར་འགྲོ་བ་དང་། ཅང་སུའུ་ཤར་ལམ་ནས་ནུབ་ཏུ་བསྐྱོད་པའི་རླངས་འཁོར་གཏོང་བ་རེད།”
             “ཚན་རྩལ་རྩེ་གྲ”འདི་འདྲའི་མང་པོ་ཞིག་འགྲིམ་འགྲུལ་བཀོད་འདོམས་མ་ལག་ནང་དུ་བཀོལ་སྤྱོད་བྱས་ན། དངོས་དོན་གྱིས་རེ་སྒུག་དང་བཅས་པ་ཞིག་ཏུ་ཆགས་འགྲོ་ཡི་ཡོད། བཀོད་འདོམས་ལྟེ་གནས་གསར་པ་དངོས་སུ་ཤར་གཏོང་བྱས་རྗེས། ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཕྱི་རོལ་ཏུ་འགྲོ་བར་སྔར་ལས་སྟབས་བདེ་བཟོ་བ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་ཁྱབ་སྤེལ་བྱ་བར་ཡང་རོགས་རམ་དེ་བས་མང་པོ་ཞིག་མཁོ་འདོན་བྱ་བའི་རེ་བ་ཡོད།