ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ལ་བོད་ལྗོངས་ནས་ཐོན་པའི་མེ་འཁོར་སྤ་སེ་འཚོང་བཞིན་ཡོད་ལ།ལྷ་ས་ནས་གཞིས་ཀ་རྩེ་བར་ཐེངས་Z9801\/2ཅན་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱ་རྒྱུ་རེད།

སྤེལ་དུས 2019-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཁ་སང་གསར་འགོད་པས་ལྷ་སའི་མེ་འཁོར་འབབ་ཚུགས་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་མེ་འཁོར་སྤ་སེ་འཚོང་འགོ་ཚུགས་ཡོད། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་ལས་མིས་གསལ་འདེབས་གནང་དོན།  རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ལ་ལྷ་སའི་མེ་འཁོར་འབབ་ཚུགས་སུ་བོད་ནས་ཐོན་པའི་འགྲུལ་པ་མང་དུས་སུ་སླེབས་ངེས་པས་འགྲུལ་པས་མེ་འཁོར་སྤ་སེ་ཉོ་རྒྱུ་སྔ་སྣུར་བྱེད་པའི་གྲོས་འགོ་བཏོན་པ་རེད། སྐྱེལ་འདྲེན་གྱི་གནོན་ཤུགས་ཆུང་དུ་གཏོང་ཆེད། མཚོ་བོད་ལྕགས་ལམ་ཀུང་སིས་ཟླ་9པའི་ཚེས་11ཉིན་ནས་ཟླ་10པའི་ཚེས་8ཉིན་བར་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་Z9801/2ཅན་ཁ་སྣོན་བྱ་རྒྱུ་རེད།
22.png
              ཁ་སང་ཕྱི་དྲོར་གསར་འགོད་པས་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་སྤ་སེ་ཚོང་ཁང་ནས་བཅར་འདྲི་བྱས་པ་ལྟར་ན། ཉེ་དུས་ཉལ་ཁྲི་འབོལ་མའི་སྤ་སེ་ཕྱིར་ཚོང་ཅུང་མགྱོགས་པ་དང་རྐུབ་སྟེགས་མཁྲེགས་པོའི་སྤ་སེ་ཅུང་འདང་ངེས་ཡོད་པས་བོད་ནས་ཕྱིར་སྐྱོད་པ་དེ་སྔར་བཞིན་ཡུལ་སྐོར་དང་སློབ་མ། ཉེ་ཐུག་བཅས་གཙོ་བོ་རེད། ལྷ་སའི་མེ་འཁོར་འབབ་ཚུགས་དང་དེ་བཞིན་དྲ་ཚིགས་12306ཐོག་གི་སྤ་སེ་ལྷག་མའི་ཆ་འཕྲིན་ལས་ཤེས་གསལ། རྒྱལ་སྟོན་དུས་ཆེན་གོང་གི་གཟའ་འཁོར་གཅིག་ནས་གུང་གསེང་མཇུག་འགྲིལ་བའི་བར་གྱི་དུས་ངེས་ཅན་དང་འདུག་སྟེགས་ངེས་ཅན་གྱི་སྤ་སེ་ཅུང་དཀོན་པ་མ་གཏོགས། དེ་བྱིངས་ཀྱི་དུས་ཚོད་ནང་སྤ་སེ་ཅུང་འདང་ངེས་ཡོད་པ་རེད།
              གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ཐག་རིང་དུ་འགྲོ་བའི་འགྲུལ་བ་ནི་གཙོ་བོར“པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ། ཁྲིན་ཏུའུ་དང་ཁྲུང་ཆིན”བཅས་ནས་ཡིན་པ་དང་། ཐག་ཉེ་རུ་འགྲོ་བའི་འགྲུལ་བ་ནི་གཙོ་བོར་ན་གོར་མོ་དང་ནག་ཆུ། གཞིས་ཀ་རྩེ་བཅས་ཀྱི་ཕྱོགས་ནས་ཡིན། འགྲུལ་སྐྱེལ་གནོན་ཤུགས་ཆུང་དུ་གཏོང་ཆེད། མཚོ་བོད་ལྕགས་ལམ་ཀུང་སིས་ཟླ་9པའི་ཚེས་11ཉིན་ནས་ཚེས་15ཉིན་བར་དང་ཟླ་9པའི་ཚེས་20ཉིན་ནས་ཚེས་22ཉིན་བར། ཟླ་9པའི་ཚེས་27ཉིན་ནས་ཟླ་10པའི་ཚེས་8ཉིན་བར་བཅས་ལ་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་Z9801/2ཅན་ཁ་སྣོན་གྱིས་གཏོང་རྒྱུར་ཐག་བཅད་པ་རེད།
23.png
              ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་ལས་མིས་མཚམས་སྦྱོར་གནང་བ་ལྟར་ན།  ལོ་རེ་རེའི་རྒྱལ་སྟོན་དུས་ཆེན་ནི་ལོ་གཅིག་གི་ནང་ནས་ཡུལ་སྐོར་གྱི“རྫོགས་ལྡན་གཟའ་འཁོར”མཐའ་མ་དེ་ཡིན་ལ། ཉེ་ཐུག་དང་ཡུལ་སྐོར་ནི་བོད་ནས་ཐོན་པའི་འགྲུལ་རྒྱུན་གཙོ་བོར་གྱུར་ཅིང་། རྒྱལ་སྟོན་དུས་ཆེན་གྱི་སྔ་གཞུག་ཏུ་ཕྱི་རུ་ཐོན་དགོས་པའི་འགྲུལ་བ་རྣམས་ཀྱིས་སྔ་མོ་ནས་སྤ་སེ་ཉོ་བ་ལས་དུས་འགྱངས་ཏེ་སྤ་སེ་མ་རེག་པར་འགྲུལ་སྐྱོད་ལ་བར་ཆད་མི་ཡོང་བར་ཞུ། འགྲུལ་རྒྱུན་མང་དུས་ཀྱི་གནས་ཚུལ་ལ་ཁ་གཏད་ཅོག་ཆེད་འདི་ག་འབབ་ཚུགས་ནས་འགྲུལ་པ་བདེ་འཇགས་ངང་འགྲོ་འོང་བྱེད་པའི་ལས་དོན་མུ་མཐུད་དུ་ལེགས་པོ་བསྒྲུབ་རྒྱུ་ཡིན་ལ། འབད་པ་ཆེན་པོས་རྒྱ་ཆེའི་འགྲུལ་པ་རྣམས“བདེ་འཇགས་ངང་འགྲུལ་བཞུད། སྟབས་བདེ་ངང་འགྲུལ་བཞུད། དགའ་སྤྲོའི་ངང་འགྲུལ་བཞུད”བཅས་ཡོང་བ་བྱ་རྒྱུ་དང་ཆབས་ཅིག འགྲུལ་པ་རྣམས་ལ་སྔར་བས་སྟབས་བདེ་དང་གང་མྱུར་གྱི་འགྲུལ་བཞུད་མྱོང་ཚོར་ལྡན་པ་མངོན་དུ་འགྱུར་རྒྱུ་དེ་ཡིན།