ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཉིང་ཁྲིར་ཕྱིན་ཏེ་“ཀོང་ཏུང་ཚལ་ཟས་ཇ་མའི”གསོ་སྦྱོང་ལས་དོན་ལ་རྟོག་ཞིབ་བྱས་པ་རེད།

སྤེལ་དུས 2019-09-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་10ཉིན་གྱི་སྔ་དྲོར་མི་ཤུགས་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་ཐང་ཐའོ་ཀོང་ཏུང་གི་རོགས་སྐྱོར་ཚོགས་པས་ཉིང་ཁྲིར་“ཀོང་ཏུང་ཚལ་ཟས་ཇ་མའི”གསོ་སྦྱོང་འཛིན་གྲྭ་གཉེར་བའི་ཡུལ་དངོས་སུ་ཕེབས་ཏེ། “ཀོང་ཏུང་ཚལ་ཟས་ཇ་མའི་”གསོ་སྦྱོང་ལས་དོན་ལ་རྟོག་ཞིབ་དང་མཛུབ་སྟོན་གནང་བ་རེད། 
             པུའུ་ཀྲང་གཞོན་པ་ཐང་ཐའོ་དང་བཅས་པ་ཀོང་ཏུང་གི་ཚལ་ཟས་མཚམས་སྦྱོར་འགྲེམ་པང་དང“ཀོང་ཏུང་ཚལ་ཟས་ཇ་མའི”གསོ་སྦྱོང་ལག་ལེན་ཁང་དུ་ལྟ་སྐོར་ནན་ཏན་བྱས་པ་དང་། ཡུལ་དངོས་ཀྱི་སློབ་མ་ཚོས་གཡོས་སྦྱོར་རྩལ་ནུས་ངོམ་པའི་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། དགེ་རྒན་དང་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་དབར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་བྱས་ཤིང་། 《ཀོང་ཏུང་ཞིང་ཆེན་གྱི“ཀོང་ཏུང་ཚལ་ཟས་ཇ་མའི”ལས་གྲྭའི་གསོ་སྦྱོང་བསླབ་གཞི》བཅས་ལ་བལྟས་ཏེ“ཀོང་ཏུང་ཚལ་ཟས་ཇ་མའི”གསོ་སྦྱོང་ལས་ཀའི་གནས་ཚུལ་རྒྱུས་ལོན་གསལ་བོ་བྱུང་བ་རེད། ཀོང་ཏུང་ཞིང་ཆེན་གྱི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཀྲི་ཀང་དང་། ཀོང་ཏུང་ཞིང་ཆེན་ཡང་བའི་བཟོ་ལས་ལག་རྩལ་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་ཝང་ཧུའེ་དང་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཏུང་ཤར་ཕྱོགས་ལག་རྩལ་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་པོ་ཞུའེ་མའེ་བཅས་ཀྱིས་ཀོང་ཏུང་ནས“ཀོང་ཏུང་ཚལ་ཟས་ཇ་མའི”ལས་གྲྭའི་ལས་དོན་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཙུའུ་ཁོངས་མི་ཁྲེང་ཐའོ་ཡིས་ཉིང་ཁྲི་གྲོང་ཁྱེར་གྱིས“ཀོང་ཏུང་ཚལ་ཟས་ཇ་མ”གཅིག་བཅུ་བརྒྱ་སྟོང་ཁྲི་ཕྲག་གསོ་སྐྱོང་བྱེད་པའི་ལས་གྲྭའི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ་རེད། 

             པུའུ་ཀྲང་གཞོན་པ་ཐང་ཐའོ་ཡིས་ཀོང་ཏུང་རོགས་སྐྱོར་པས་ཉིང་ཁྲི་རུ་“ཀོང་ཏུང་ཚལ་ཟས་ཇ་མའི”གསོ་སྦྱོང་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སློབ་མ་ཚོར་སློབ་སྦྱོང་ནན་ཏན་དང་། གཞི་རྩའི་རྩལ་ནུས་སློབ་སྦྱོང་ཏན་ཏིག ཀོང་ཏུང་ཚལ་ཟས་གཡོས་སྦྱོར་ལག་རྩལ་ཁོང་དུ་ཆུད་པ་བཅས་བྱས་ནས་རྩལ་ནུས་ལས་ཞུགས་དང་རྩལ་ནུས་ལས་གཏོད་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་སྐུལ་ལྕག་གནང་བ་རེད། 

             པུའུ་ཀྲང་གཞོན་པ་ཐང་ཐའོ་ཡིས་ད་ཐེངས་ཀྱི“ཀོང་ཏུང་ཚལ་ཟས་ཇ་མའི”གསོ་སྦྱོང་རྨང་གཞིར་བྱས་ཏེ་ཀོང་ཏུང་དང་ཉིང་ཁྲིའི་མཉམ་ལས་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་བཏང་ཞིང་། རྩལ་ནུས་འཛོམས་པའི་འཇོན་ཐང་ཅན་གསོ་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། འབྲེལ་ཡོད་ཀྱི་སྲིད་ཇུས་རྣམས་བེད་སྤྱོད་ཡག་པོ་བྱས་ནས་གསོ་སྦྱོང་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། ཉིང་ཁྲིའི་ཐོན་ལས་འཕེལ་རྒྱས་དེ་ཁྲོམ་རའི་དགོས་མཁོ་ལ་ཟུང་འབྲེལ་བྱས་ཏེ་དམིགས་ཡུལ་ཡོད་པ་དང་ཚད་ལྡན་ཡིན་པའི་རྩལ་ནུས་གསོ་སྦྱོང་སྤེལ་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཤུགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས། གཞི་ཁྱོན་ཆེན་པོས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ་ཚད་གཞི་མཐོ་བ་དང་ཁྱབ་ཁོངས་ཆེ་བའི་སྒོ་ནས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་རྩལ་ནུས་ལས་ཞུགས་དང་རྩལ་ནུས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་དང་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱེད་པ་བཅས་ཀྱང་གང་ལེགས་ཀྱིས་འགྲུབ་དགོས་པར་བསྟན།