ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སློབ་མ་མང་པོས་དུས་རབས་གསར་པའི་ཕུགས་འདུན་སྙེགས།

སྤེལ་དུས 2019-09-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
_____ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་གི་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
འདི་ནི་ཟླ་9ཚེས་7ཉིན་བོད་ལྗོངས་དམག་ཁུལ་ཁང་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་ཞོགས་སྦྱོང་བྱེད་བཞིན་པ།
            “ངའི་ངོས་ནས་བརྗོད་ན་སློབ་དུས་གསར་པ་ནི་མཚོན་མདོག་དམར་པོ་ཞིག་དང་འདྲ་བར་གསོན་ཤུགས་དང་རེ་བས་ཕྱུག ངས་མུ་མཐུད་ཆེད་ལས་ཡག་པོ་སྦྱོང་བ་དང་སྤྱི་ཚོགས་ཀྱི་ལག་ལེན་དང་སྦྱོང་བརྡར་ནང་ཧུར་ཐག་ཞུགས་ཏེ། རང་ཉིད་ཀྱི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་བཏང་ནས་སློབ་གྲྭ་ཐོན་རྗེས་གཡུར་དུ་ཟ་བའི་སྦྱངས་འབྲས་ཀྱི་ཐོག་ནས་དངུལ་ཁང་གི་ལས་ལ་ཞུགས་ཐུབ་པར་བྱ་རྒྱུ་ཡིན”ཞེས་བོད་ལྗོངས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་སློབ་མ་རྡོ་རྗེ་རྣམ་རྒྱལ་གྱིས་བཤད་བྱུང་།
            རྡོ་རྗེ་རྣམ་རྒྱལ་གྱི་ཕུགས་འདུན་ནི་བསྡུས་རིས་ཙམ་ཞིག་རེད་ལ། ད་ཆ་གཞོན་ནུ་ལོ་ཆུང་དེ་བས་མང་བས་ཕུགས་འདུན་དོན་གཉེར་གྱི་ལམ་བུར་འབད་བཞིན་མཆིས།
            སློབ་གསོའི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ཞིང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་གི་ལས་འགན་དོན་འཁྱོལ་ནུས་ལྡན་བྱུང་བ།
            ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་ལ་དམིགས་ཏེ། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། སློབ་གསོ“དར་རྒྱས”ཀྱི་བྱ་གཞག་ལེགས་པར་གཉེར་བ་དམ་འཛིན་བྱ་གཞིར་བྱེད་པ། སློབ་གསོ་ཆ་འཕྲིན་ཅན་འདེགས་སྐྱོར་དུ་བྱེད་པ། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་རྒྱུན་མཐུད་ངང་འཕེལ་རྒྱས་མགྱོགས་པོ་གཏོང་བ། སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་བཅས་བྱས་ནས་སློབ་གསོ་དེང་རབས་ཅན་ལ་རྨང་གཞི་ཡག་པོ་བཏིང་བ་རེད།
            མིག་སྔར་ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་2442དང་། ལས་ཐོག་དགེ་རྒན་ཁྲི་5.38 སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི་70.23བཅས་ཡོད་པ་དང་། ལྗོངས་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་དང་། སློབ་ཆུང་། སློབ་འབྲིང་། མཐོ་འབྲིང་། མཐོ་རིམ་སློབ་གསོ་བཅས་སུ་ཞུགས་ཚད་77.9%དང་། 99.5% 99.5% 82.3% 39.2%བཅས་སོ་སོར་ཟིན་ཞིང་། མི་རེའི་ཆ་སྙོམས་ཀྱི་སློབ་གསོ་ཐོབ་པའི་ལོ་ཚད་ལོ་9.55ཟིན་ཡོད།
མཐོ་རིམ་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་སོང་བ།
            རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་ཤེས་ལྡན་མི་སྣ་སྐྱོང་ཐབས་སྒྱུར་བཅོས་དང་སློབ་གསོའི་ཞབས་ཞུ་གཏིང་ཟབ་ཏུ་བཏང་བ་ལས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་ཐད། ལས་རིགས་སློབ་གླིང་དང་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཕྱིན་ཞིང་། མིག་སྔར་ལྗོངས་ཡོངས་ཀྱི་ལས་རིགས་སློབ་གྲྭར་དངོས་སྦྱོང་འཁོར་ཁང་ཁྱོན་126དང་། སློབ་ཕྱིའི་དངོས་སྦྱོང་རྟེན་གཞི་254 རྩལ་ནུས་ཆེ་མོ་བའི་ལས་དོན་ཁང་9 ལས་གཏོད་གསོ་སྦྱོང་རྟེན་གཞི་7བཅས་ཡོད། ཆེད་ལས་སྐྱེད་སྲིང་གི་ལམ་སྲོལ་མགྱོགས་མྱུར་བཙུགས་ཞིང་། མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན་སློབ་གླིང་3དུ་ཆེད་ལས་36བཀོད་སྒྲིག་བྱས་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་11ཏུ་ཆེད་ལས་81དང་། རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་ཆེད་ལས་16 དེང་རབས་ཀྱི་སློབ་མའི་ལམ་ལུགས་ཀྱི་ཚོད་ལྟའི་འཛུགས་སྐྲུན་ཆེད་ལས་2 ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་པའི་ཆེད་ལས་2བཅས་བཀོད་སྒྲིག་བྱས་ཡོད། ཉེ་བའི་ལོ་5ཡི་རིང་ལས་རིགས་སློབ་གྲྭ་ཁག་གིས་རིམ་རྩིས་བྱས་ན་རིགས་ཁག་གི་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་ཁྲི་5ལྷག་ཙམ་གསོ་སྐྱོང་བྱས་ཡོད།
            ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ཕུགས་འདུན་དོན་གཉེར་བ་གསོ་སྐྱོང་བྱས་ཤིང་། སློབ་གསོ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།
            ལོ་ངོ་70ཡི་འོད་སྟོང་འབར་བའི་ལོ་ཟླར་ཕྱིར་དྲན་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་། བོད་ཀྱི་སློབ་གསོའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་སོང་ཞིང་། ད་ཆ་སློབ་བུ་དེ་བས་མང་བས་ཕུགས་འདུན་དོན་གཉེར་གྱི་རྟ་ཕོར་ལྕག་གིས་སྐུལ་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་མཆིས།
            སླད་ཕྱིན་རང་ལྗོངས་ཀྱིས་ལག་ལེན་སློབ་ཁྲིད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ལག་ལེན་ཁྲོད་ནས་ཚན་རིག་ཤེས་བྱ་མྱོང་ལེན་དང་ཚན་རིག་ཤེས་བྱ་བཀོལ་སྤྱོད་ཐུབ་པར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་མཐོ་རིམ་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་མི་སྣ་སྐྱོང་ཐབས་སྒྱུར་བཅོས་གཏིང་ཟབ་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲལ་མཁོ་ཆེ་བའི་གསར་གཏོད་རྣམ་པ་དང་། བཀོལ་སྤྱོད་རྣམ་པ། མཉམ་འདུས་རྣམ་པ། ལག་རྩལ་དང་རྩལ་ནུས་རྣམ་པ་བཅས་ཀྱི་ཤེས་ལྡན་མི་སྣ་གཙོ་བོར་བཟུང་ནས་གསོ་སྐྱོང་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཁྲོམ་ར་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཁྲོམ་རའི་དགོས་མཁོ་དང་ཆེད་ལས་རིག་ཚན་འཛུགས་སྐྱོང་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཆེད་ལས་སློབ་གསོ་དེ་གསར་གཏོད་ལས་གཏོད་སློབ་གསོ་དང་ལས་རིགས་འཆར་འགོད་དང་མཉམ་འདྲེས་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།