ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྣང་རྫོང་གླ་གཡེར་གྲོང་ཚོས་མི་རབས་ནས་མི་རབས་བར་འབད་བརྩོན་ལྷོད་མེད་བྱ་རྒྱུའི་ཆོད་སེམས་བཅངས།

སྤེལ་དུས 2019-11-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9བའི་ཚེས་20ཉིན། སྣང་རྫོང་སྐྱེམས་སྟོང་ཤང་གི་གླ་གཡེར་གྲོང་ཚོ་རུ། ང་ཚོ་སྟབས་ལེགས་པའི་སྒོ་ནས་ཁོ་ཚོའི་གྲོང་ཚོ་གནས་སྤོར་ལེགས་འགྲུབ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་འཕྲད་བྱུང་། གླ་གཡེར་གྲོང་ཚོས་སྡོད་ཁང་གསར་པ་56གི་ལེགས་སྐྱེས་གྲ་སྒྲིག་བྱས་ཏེ། རྒྱ་བཟའ་ཀོང་ཇོའི་གླུ་གཞས་སྙན་མོ་ངག་ལ་འགུག་བཞིན། རང་རེའི་མེས་རྒྱལ་དང་ན་ཚོད་མཉམ་པའི་རྒན་པ་ཚོ་དང་མཉམ་དུ་ཏང་གི་དྲིན་ལན་སེམས་སུ་དྲན་ནས། རླབས་ཆེའི་མེས་རྒྱལ་གྱི་འཕེལ་རྒྱས་ལ་བསྟོད་དབྱངས་གྱེར་བཞིན་འདུག འཛད་སྒོའི་ཐོག  གོང་རིམ་གྱིས་གྲོང་མི་ཚོར་རླབས་ཆེ་བའི་གཙོ་འཛིན་གྱི་སྐུ་པར་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར། ཁང་བའི་ལྡེ་མིག་དང་ཁང་བའི་ཐོན་དབང་དཔང་ཡིག་བཅས་སྤྲད་བྱུང་། 
        གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས“བྱེད་ཐབས་སྣ་མང་སྤྱད”དེ།
        གྲོང་མི་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ། 
        གྲོང་མི་ཚེ་རིང་ལྷ་མོས་ང་ཚོ་ཁོ་མོའི་ཁྱིམ་དུ་བསུས་ནས་ཁོ་མོའི་དགའ་སྤྲོ་དང་བདེ་སྐྱིད་ཤེས་སུ་བཅུག  ཁོ་མོའི་ཉིས་ཐོག་ཅན་གྱི་ཁང་ཁྱིམ་ལེགས་པོ་དེའི་ནང་དུ་དེང་རབས་ཅན་གྱི་འཚོ་བའི་སྒྲིག་བཀོད་ཚང་མ་ཡོད་པ་སྟེ།  གསང་སྤྱོད་ཁང་ནང་དུ་ཉི་ནུས་ཆུ་སྲོ་ཆས་དང་གཟུགས་པོ་འཁྲུ་ས་ཡོད་ལ། ཐབ་ཚང་དུ་ཆ་སྒམ་དང་དུད་འདྲེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་། མགྲོན་ཁང་ནང་སྤུས་ལེགས་ཀྱི་བོད་བཟོའི་འབོལ་ཁྲི་དང་ཉལ་ཁང་ནང་དུ་གོས་སྒམ་དང་ཉལ་ཁྲི་ཡོད། སྐྱིད་པའི་སྒོ་ར་ཆུང་ཆུང་དེ་གྲོང་ཁྱེར་གྱི་སྤྲོ་ཁང་གི་མཛེས་བཟོ་དང་ཁྱད་པར་གཏན་ནས་མེད། 
        ཚེ་རིང་ལྷ་མོའི་ཁྱིམ་དུ་ནང་མི་ལྔ་ཡོད་པ་དང་། ཁྱིམ་གྱི་མི་འབོར་ལྟར་ཁོ་མོར་སྨི་གྲུ་བཞི་མ་180ཟིན་པའི་ཁང་པོ་ཆེན་པོ་ཞིག་བགོས་ཡོད།  ཐེམ་སྐས་སུ་འཛེག་སྟེ་ཐོག་སོ་གཉིས་པར་ཕྱིན་ཏེ་ཉི་ཁྱམས་ཐོག་ནས་ཕར་བལྟས་ཚེ་མདུན་གྱི་རི་ཀླུང་གི་མཛེས་སྡུག་ཡོངས་སུ་མིག་ཁར་བཤམས་ཡོད། ཁང་པ་གསར་པར་གཙང་སྦྲ་ལེགས་པོ་བྱ་ཆེད་ཁོ་མོས་ད་དུང་ཁྱིམ་ཆས་བཟང་པོ་འགའ་ཉོ་རྩིས་ཡོད།  
        “ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཁང་པ་ཡག་པོ་འདི་འདྲ་ཞིག་བསྐྲུན་པ་དང་། ང་ཚོས་ཅི་ནུས་ཀྱིས་རང་གི་ཡོང་འབབ་མང་དུ་བཏང་ནས་འཚོ་བ་སྐྱིད་པོ་ཞིག་རོལ་དགོས།” ཚེ་རིང་ལྷ་མོ་དགའ་སྤྲོ་སྐྱེ་བཞིན་“ང་སྔོན་ཆད་དབུལ་པོ་ཞིག་ཡིན། 2016ལོར་སྲིད་གཞུང་གིས་ང་ལ་ཕྱུགས་ཟོག་5སྤྲད་པ་དང་། ལོ་འཁོར་མོ་ཡུག་ཏུ་ངས་ཞོར་ལས་དང་ཞིང་ལས་གཉིས་ཀ་ལས་ཀྱིན་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་2017ལོར་ང་དབུལ་སྒྲོལ་ཐུབ་སོང་། ང་ཚོས་ཀྱང་འབྱོར་འབྲིང་གི་འཚོ་བའི་ཕྱོགས་སུ་འབད་བརྩོན་བྱེད་དགོས”ཞེས་བཤད། ཁོ་མོའི་བུས་ཁ་ལོ་བའི་སློབ་གྲྭ་རུ་རླངས་འཁོར་སྐོར་སྟངས་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་རླངས་འཁོར་གཏོང་ཤེས་རྗེས་ནུས་རྩལ་ལྡན་ལ་ཡོང་སྒོ་འཚོལ་བའི་ལམ་ཁ་གཅིག་གིས་ཇེ་མང་དུ་ཕྱིན་ཡོད། 
        གླ་གཡེར་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ནི་ཀོང་ཏུང་ཧུའེ་ཀྲོའུ་ཡིས་རོགས་སྐྲུན་བྱས་པ་དང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་བརྒྱད་པའི་འགན་འཁུར་ནས་ལག་བསྟར་བྱས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་5015བཏང་ནས་མང་ཚོགས་ཀྱི་སྡོད་ཁང་56གསར་སྐྲུན་བྱས་པ་རེད། “ཁང་པ་གསར་པ་ནི་ལྕགས་རྩིབས་ཨར་འདམ་ལས་གྲུབ་པ་དང་། གཅིག་གྱུར་འཆར་འགོད་དང་གཅིག་གྱུར་ཨར་སྐྲུན།  མཛེས་བཟོ་སྟབས་བདེ་བཅས་བྱས་ཏེ་རིན་མེད་ངང་སྤྲད་པ་རེད། དུད་ཚང་རེ་རེའི་མི་གྲངས་མི་འདྲ་བར་གཞིགས་ནས་ཁང་བའི་སྨི་གྲུ་བཞི་100དང་། སྨི་གྲུ་བཞི་130། སྨི་གྲུ་བཞི་180བཅས་ཆེ་ཆུང་རིགས་གསུམ་དུ་དབྱེ་ཡོད། ད་ཆ་གྲོང་ཚོ་ཡོངས་སུ་རང་འབབ་ཆུ་ཡོད་པ་མ་ཟད། དྲ་རྒྱ་ཡང་ཁྱོན་ཡོངས་ལ་ཁྱབ་པ་དང་། ཁྱིམ་ཚང་རེ་རེར་བརྙན་འཕྲིན་དང་། འཁྱགས་སྒམ་སོགས་དེང་རབས་ཅན་གྱི་གློག་ཆས་ཡོད་པས་གནམ་ས་བླ་འོག་ཏུ་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།”ཅེས་གླ་གཡེར་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཚེ་དཔལ་ཆོས་འཕེལ་གྱིས་དེ་ལྟར་བཤད།
        འགྱུར་ལྡོག་དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་རོགས་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན། “རྒྱབ་རྟེན་ཆེན་པོ”དེ་ཡོད་པས། གླ་གཡེར་གྲོང་ཚོས་ཀྱང་གང་ལེགས་སྒོས་རང་ངོས་ཀྱི་རང་སྟོབས་ནུས་པ་འདོན་སྤེལ་བྱས་ཏེ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་“ཐབས་མང་མཉམ་སྤྱོད”ཀྱིས་གྲོང་མིའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།
        ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་ཆེད། 2018ལོར་གླ་གཡེར་གྲོང་ཚོས་མ་དངུལ་སྒོར་ཁྲི་31.8བཏང་ནས་ འབྲི་གཡག་15དང་མཛོ་30བཅས་གནག་ཕྱུགས་45ཉོས་ཡོད། གསོ་སྤེལ་ལས་གཞི་ལག་བསྟར་བྱས་པ་དེས་གྲོང་ཚོའི་གསོ་སྤེལ་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བྱས་པ་མ་ཟད། མར་དང་ཕྱུར་བ་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་བྲིན་ཚད་ཀྱང་ཧ་ཅང་ཡག་པོ་འདུག སྔོན་དཔག་བྱས་ན་2019ལོར་དུད་ཚང་དབུལ་པོའི་ཡོང་འབབ་སྒོར་60750འཕར་རྒྱུ་རེད། 
        ཁྲོན་ཆུ་འཐུང་དུས་ཁྲོན་པ་བརྐོ་མཁན་བརྗེད་མི་རུང་། 
        གྲོང་དམངས་ཐུན་མོང་མ་དངུལ་ཀྱིས་གྲོང་ཚོའི་སྒོ་ཁར་དྲིན་གཟོའི་རྡོ་རིང་བཙུགས།
        གྲོང་ཚོའི་འགྲམ་གྱི་རྒྱལ་ལམ་219ཡི་ཅིན་ཏུང་འགག་སྒོ་ནས་ཟངས་རིའི་ལམ་མཚམས་བར་ད་ལྟ་བཟོ་བཞིན་ཡོད་ལ། གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་གོ་སྐབས་དམ་འཛིན་གྱིས་གྲོང་ཚོའི་ནང་དུ་མ་དངུལ་བསྡུ་རུབ་ཀྱིས་སྒོར་ཁྲི་52ཡིན་པའི་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཤིག་ཉོས་པ་དང་ལོ་ཕྱེད་ནང་རླངས་འཁོར་ཉོས་པའི་དངུལ་རག་གིན་ཡོད། ཉེ་བའི་ལོ་ཤས་རིང་ཉེ་འགྲམ་གྱི་ལས་གྲྭ་མང་དུ་ཕྱིན་པ་དང་བསྟུན་ནས་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་30%ཚང་མས་རླངས་འཁོར་ཉོས་ནས་དངོས་ཟོག་དབོར་འདྲེན་དང་ཞོར་ལས་བྱེད་ཀྱིན་ཡོད་པས་ཡོང་འབབ་ཀྱང་ཧ་ཅང་བཟང་ཞིང་། ཐ་ན་ཁྱིམ་ཚང་ཁ་ཤས་ཀྱིས་སྒེར་གྱིས་རླངས་འཁོར་ཉོས་ཡོད་པས་རྫོང་མཁར་དུ་བྱ་བ་སྒྲུབ་ཏུ་སོང་ནའང་སྟབས་ཧ་ཅང་བདེ།  
        གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་མང་ཚོགས་ལ་ཐུན་མོང་མ་དངུལ་སྒོར་ཁྲི་250བསྡུ་རྒྱུའི་སྐུལ་སློང་བྱས་པ་མ་ཟད། ད་དུང་སྲིད་གཞུང་གི་ས་ནས་མ་དངུལ་སྒོར་ཁྲི་2400བརྩོན་ལེན་བྱས་ཏེ་ཚོང་སྡོད་ཐོག་ཁང་བསྐྲུན་པ་དང་ཁྱོན་བསྡོམས་ཁང་མིག་36ཡོད་ལ་དེའི་ཕྱེད་ཀ་ཕྱི་རུ་གླས་པས་ལོ་གཅིག་གི་བོགས་དངུལ་སྒོར་ཁྲི་20རག་གིན་ཡོད། 
        2018ལོར་གླ་གཡེར་གྲོང་ཚོའི་ལོ་རེའི་ཡོང་འབབ་སྒོར་ཁྲི་15000ལྷག་ཟིན་པ་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ནས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་སྣང་བ་ལྡབ་འགྱུར་གྱིས་ཇེ་ཆེར་ཕྱིན་ཡོད་པ་རེད། 
        ད་ལོར་ལོ་77ལ་སླེབས་པའི་པད་མ་ཆོས་སྒྲོན་ནི་གླ་གཡེར་གྲོང་ཚོའི་གྲོང་མི་ཡིན་པ་དང་།  ཁོ་མོས་ལོ་50ཙམ་ལ་གྲོང་ཚོའི་ལས་བྱེད་པའི་འགན་འཁུར་ནས་སྤྱི་ཚོགས་གསར་རྙིང་གཉིས་བརྒྱུད་དེ་གླ་གཡེར་གྲོང་ཚོ་འཚར་ལོང་བྱུང་བའི་བརྒྱུད་རིམ་ཧྲིལ་པོ་དངོས་སུ་མྱངས་པ་རེད། ཁོ་མོས་“དེ་རིང་ནི་ང་ཚོའི་གྲོང་ཚོར་མཚོན་ན་ཉི་མ་གལ་ཆེན་ཞིག་རེད། འཚོ་བ་འདི་འདྲའི་ཡག་པོ་ཞིག་རོལ་ཐུབ་པ་དེ་ངའི་རྨི་ལམ་དུའང་རྨིས་མ་མྱོང་། ང་རང་ལ་མཚོན་ན་ཏང་གི་བཀའ་དྲིན་ཕ་མ་ལས་ཀྱང་ཟབ”ཅེས་བཤད། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་རྒན་པ་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། རྒན་པའི་ཁང་གསར་ལའང་མཛེས་བཟོ་བྱས་ཏེ་གྱང་ངོས་སུ་རྩིག་ཤོག་སྦྱོར་པ་དང་པང་གཅལ་དུ་མཐིལ་ཤིང་འདིང་བཞིན་ཡོད།
        གྲོང་ཚོའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་གླ་གཡེར་གྲོང་ཚོས་ཁྱིམ་ཚང་མགྲོན་ཁང་དང་ཡུལ་མིའི་སྡོད་ཁང་ལ་བརྟེན་ནས་འབབ་འཕར་ཡོང་རྒྱུར་བསམ་བློ་བཏང་ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་གིས་“རྒྱལ་ཁབ་ཀྱིས་ང་ཚོར་ཁང་པ་ཡག་པོ་ཞིག་དང་ལམ་ཡག་པོ་ཞིག་བཟོས་པ་མ་ཟད། ད་དུང་སྲིད་ཇུས་ཀྱི་རོགས་སྐྱོར་མང་པོ་དེ་འདྲ་ཡོད་པས་ང་ཚོ་རང་ཉིད་ཀྱིས་ཀྱང་ཕུ་ཐུང་བརྫེས་ནས་ཤུགས་བསྣན་ཏེ་ལས་ཀ་བྱེད་དགོས།”ཞེས་བཤད།  ཁོང་ཚོས་ད་དུང་མུ་མཐུད་དུ་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་ཡིན་ཏེ། སྒོར་ཁྲི་60བཏང་ནས་སྐྱེམས་སྟོང་ཤང་སྟོང་གཤོང་ཁུལ་ནས་སྡོད་ཁང་གསར་སྤེལ་བྱས་ཏེ་གྲོང་མི་རྣམས་འབྱོར་འབྲིང་འཚོ་བར་བསྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་རོགས་བྱ་རྒྱུ་རེད། 
        ཁྲོན་ཆུ་འཐུང་དུས་ཁྲོན་པ་བརྐོ་མཁན་བརྗེད་མི་རུང་། གླ་གཡེར་གྲོང་ཚོའི་མང་ཚོགས་ཀྱིས་རང་མོས་ངང་མ་དངུལ་བསྡུ་རུབ་ཀྱིས་གྲོང་གསར་གྱི་ལམ་མདོ་རུ་“ཐོག་མིའི་བསམ་འདུན་མི་བརྗེད་པ”ཞེས་པའི་རྡོ་རིང་བཙུགས་པ་དང་། དེའི་ཐོག་ཏུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་སྟེ་སེ་འབྲུའི་འབྲུ་གུ་ནང་བཞིན་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་མཁན་དང་ལག་ལེན་མཁན། དུས་རྣམ་ཀུན་ཏུ་མཐའ་མཚམས་སྲུང་བའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བླ་ན་མེད་པའི་རྒྱལ་ཁོངས་བརྟན་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན་ཞིག་ཏུ་འགྱུར་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་བཀོད་ཡོད་པ་རེད།