ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་སྐབས་ཐོག་མའི་སློབ་མ་ཧྲན་ཏུང་ལ་གསོ་སྦྱོང་དུ་ཕྱིན་པ།

སྤེལ་དུས 2019-11-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
              ཟླ་11པའི་ཚེས་5ཉིན་གྱི་སྔ་དྲོར། བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་སྐབས་ཐོག་མའི་སློབ་མ་ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་དུ་རྩལ་ནུས་གསོ་སྦྱོང་ལ་ཞུགས་པའི་འགོ་ཚུགས་མཛད་སྒོ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་གནས་སྐབས་སློབ་སྒྲུབ་ས་ཚིགས་སུ་གཉེར་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་ནས་ཡོང་བའི་ཞིང་འབྲོག་སློབ་མ་80ཡིས་གྲ་སྒྲིག་གང་ལེགས་བྱས་ཤིང་། ཁོང་ཚོས་ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་དུ་དུས་ཡུན་ཉིན་60ཡི་ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད་གསོ་སྦྱོང་དང་གཡོས་སྦྱོར་གསོ་སྦྱོང་ནང་ཞུགས་རྒྱུ་རེད། ད་ཐེངས་ཀྱི་གསོ་སྦྱོང་ལས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་ནང་སའི་ལག་རྩལ་བཟོ་པའི་རིགས་ཀྱི་སློབ་གླིང་། ཁེ་ལས་བཅས་ཀྱིས་མཉམ་ལས་སློབ་གཉེར་དང་སློབ་མར་མཉམ་འབྲེལ་གསོ་སྦྱོང་བཅས་ཀྱི་གོམ་པ་དང་པོ་སྤོས་པ་རེད། 
              “མིག་སྔར་ང་ལ་གཏན་འཇགས་ཀྱི་ལས་ཀ་མེད་པས་ཁྱིམ་དུ་ཚོང་ཙག་ཙིག་རྒྱག་གི་ཡོད། ཟླ་10པའི་ཚེས་24ཉིན་ཤང་སྲིད་གཞུང་གིས་ང་རང་ཧྲན་ཏུང་དུ་རྐོ་འདྲུའི་འཕྲུལ་འཁོར་གྱི་གསོ་སྦྱོང་ནང་ཞུགས་རྒྱུའི་བརྡ་ཐོ་བཏང་བས་ང་ཧ་ཅང་དགའ་པོ་བྱུང”ཞེས་བཤད། བཀྲ་ཤིས་སྟོབས་རྒྱལ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་གི་གྲོང་མི་ཞིག་ཡིན་པ་དང་། གསོ་སྦྱོང་བྱས་པ་བརྒྱུད་ལག་རྩལ་སྣ་གཅིག་སྦྱོང་བ་ནི་ཁོང་གི་སྔར་ནས་ད་བར་གྱི་ཕུགས་འདུན་ཞིག་རེད། 
              བཀྲ་ཤིས་སྟོབས་རྒྱལ་གྱིས་གསར་འགོད་པར་ད་ཆ་ཚན་རྩལ་དུས་རབས་ཡིན་པས་ཁང་པ་རྒྱག་པ་དང་འགྲོ་ལམ་འཛུགས་སྐྲུན་བྱེད་སྐབས་འཕྲུལ་འཁོར་སྤྱོད་ཀྱི་ཡོད། གྲོང་ཚོའི་ནང་ཁོང་དང་ལོ་མཉམ་ཞིང་ནུས་རྩལ་ལྡན་པ་དག་གིས་ད་སྐབས་ཚང་མར་ལས་ཀ་ཡག་པོ་རག་ཡོད་ཅིང་། དེ་བས་ན་ལོ་གཅིག་གཉིས་ཀྱི་སྔོན་དུ་ཁོས་སྡེ་དཔོན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་མི་རྣམས་ལ་གསོ་སྦྱོང་ནང་ཞུགས་འདོད་པའི་རེ་བ་བཏོན་པར་ད་ལམ་དངོས་གནས་དོན་ཐོག་ཏུ་སྨིན་སོང་། “བཀོལ་སྤྱོད་འཛིན་ཡིག་ནི་རྨང་གཞིའི་ནུས་རྩལ་ཡིན་ལ་ལག་རྩལ་ནི་དེ་བས་ཀྱང་ངོ་། གསོ་སྦྱོང་བྱས་པ་བརྒྱུད་ལས་ཀ་ཡག་པོ་ཞིག་རྙེད་ཐུབ་ཅིང་ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་གཏོང་པ། ཁྱིམ་ཚང་གི་ཡོང་འབབ་མཐོ་རུ་གཏོང་བ་བཅས་ཀྱི་རེ་བ་ཡོད”ཅེས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་སྐབས་ཐོག་མའི་སློབ་མ་ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་དུ་རྩལ་ནུས་གསོ་སྦྱོང་གི་འགོ་ཚུགས་མཛད་སྒོར་ཞུགས་ཡུལ་དུ་བཀྲ་ཤིས་སྟོབས་རྒྱལ་གྱིས་གསར་འགོད་པར་དེ་སྐད་ཟེར། 
              ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྐུལ་འདེད་མཛུབ་སྟོན་འོག འདི་ལོའི་ཟླ་10པའི་ཚེས་14ཉིན་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་དུ་བསྐྱོད་དེ་ད་ཐེངས་ཀྱི་གསོ་སྦྱོང་ལས་དོན་ལ་འབྲེལ་མཐུད་གྲོས་བསྡུར་བྱས་པ་དང་འབྲེལ《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》དང་《མཉམ་འབྲེལ་སློབ་གཉེར་གྲོས་མཐུན》བཞག་པ་རེད། ད་ཐེངས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་གིས་མཉམ་ལས་སློབ་གཉེར་དང་མཉམ་འབྲེལ་གསོ་སྦྱོང་གནང་པ་དེ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གིས་ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་སོགས་ནང་སའི་ལག་རྩལ་བཟོ་པའི་སློབ་གླིང་དང་ཁེ་ལས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། བོད་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། 
              འགོ་ཚུགས་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཡི་ཁོངས་མི།  ཐིང་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལག་རྩལ་བཟོ་པའི་སློབ་གསོ་དང་རྩལ་ནུས་ཤེས་ལྡན་མི་སྣའི་ལས་ཞུགས་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་རྩལ་ནུས་དང་ལས་ཞུགས་གཞན་སྒྱུར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད་རང་ལྗོངས་ཀྱི་ཆེད་ལས་རྩལ་ནུས་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་དང་། བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་གིས་སློབ་གྲྭའི་མཉམ་ལས་བྱེད་སྟངས་སྤྱད་དེ་སྒྲོམ་གཞིའི་གྲོས་མཐུན་བཞག་པའི་རྨང་གཞིའི་ཐོག་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་གཞོན་ནུའི་ངལ་རྩོལ་ནུས་ཤུགས་གཙོ་བོར་བྱས་ཏེ་སྐབས་ཐོག་མའི་ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད་གསོ་སྦྱོང་དང་གཡོས་སྦྱོར་གསོ་སྦྱོང་གནང་པ་རེད། གསོ་སྦྱོང་ཐད“ཕྱིར་སྐྱོད་པའི”སློབ་གཉེར་བསམ་ཕྱོགས་སྤྱད་དེ་ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་གི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་ལ་བརྟེན་ནས་གསོ་སྦྱོང་དགེ་རྒན་གྱིས་སློབ་ཁྲིད་འགྲེལ་བཤད་དང་དཔེ་སྟོན་བཀོལ་སྤྱོད་བྱེད་པ། སློབ་མས་ལག་ལེན་བསྟར་བ། དགེ་རྒན་གྱིས་ཕན་ཚུན་དཔྱད་བསྡུར་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སློབ་མའི་ལག་ལེན་གྱི་རྩལ་ནུས་མཐོ་རུ་གཏོང་རྒྱུ་རེད། 
              ཟླ་བ་ཚེ་རིང་གིས་གསོ་སྦྱོང་ནང་ཞུགས་མཁན་སློབ་མས“རྒྱལ་གཅེས་རང་འབད་དང་རྩལ་ནུས་ལ་བརྟེན་ནས་བོད་དར་བའི”བསམ་བློ་བརྟན་པོ་བཙུགས་ཏེ་གསོ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱེད་པ་དང་། དུས་ཡུན་ ཉིན་60ཡི་སློབ་སྦྱོང་གི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་སྦྱོང་གི་ལས་འགན་ཚང་མ་ནན་ཏན་ངང་ལེགས་སྒྲུབ་བྱས་ཏེ་སྦྱངས་ཟིན་པའི་ལག་རྩལ་ལ་བརྟེན་ནས་ཁྱིམ་དར་ཕྱུག་འགྱུར་ཡོང་རྒྱུ་དང་མི་སྒེར་གྱི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
              ཟླ་བ་ཚེ་རིང་གིས་གསར་འགོད་པར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་གྲོང་ཁྱེར(ས་ཁུལ)ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཁག་གིས་ལས་མི་བཀོལ་སྤྱོད་ཚན་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ཡོད་ཅིང་། སློབ་མ་ཚོས་སློབ་སྦྱོང་བྱས་རྗེས་འོས་འཚམ་གྱི་ལས་ཞུགས་ལས་གནས་ཐོབ་ངེས་ཟེར།